མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པེ་ཅིན་གཞུང་གི་བཅོས་བསྒྱུར་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གསར་དེབ་ཁང་ (Wall Street Journal) གི་དཔྱད་བརྗོད། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

_____དམར་ཤོག་ཚོགས་པ་དཔལ་འབྱོར་ཁྲོམ་ར་བསྒྱུར་བཅོས་དང་ཁྲལ་འབབ་འཕར་ཆག་གཉིས་བར་མགོ་འཐོམས་སུ་བཅུག་འདུག

tibettimes4
རེས་གཟའ་སྤེན་པའི་ཉིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུའི་སྟེང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས་རྒྱལ་ནང་གི་དཔལ་འབྱོར་སྲིད་ཇུས་སྐོར་གྱི་རྩོད་གཞི་མང་པོ་ཞིག་གླེང་སློང་བྱེད་དགོས་ཆགས་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༡༠ བའི་ནང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་གྱི་སྐུལ་འདེད་འོག་རྒྱལ་ནང་གི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་སྲིད་ཇུས་ལག་བསྟར་སྲིད་དམ། ཡང་ན་རྒྱལ་ནང་གི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་དང་ཁྲལ་འབབ་འཕར་ཆག་གཉིས་བར་པེ་ཅིན་གཞུང་གི་མགོ་འཐོམ་སྲིད་དམ།

སྐུ་ཞབས་ཞི་ཅིན་ཕིན་དང་ཁོའི་སློབ་སྟོན་པ་ཚོས་ཁྲལ་འབབ་འཕར་ཆག་དང་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཇེ་མགྱོགས་སུ་གཏོང་འདོད་ཡོད་ནའང་། རྩོད་རྙོག་ཅན་གྱི་ལས་གཞི་འདིའི་ཕྱོགས་མང་པོ་ཞིག་ཁོ་ཚོས་བུན་ཆད་ཚོང་གཉེར་ཁང་ (zombie companies) མང་པོའི་སྒོ་རྒྱག་རྒྱུ་དེ་རེད། རྒྱུ་མཚན། ཚོང་གཉེར་ཁང་མང་པོ་ཞིག་གིས་བུན་དངུལ་མང་པོ་ཆད་པ་དང་བུན་དངུལ་དེ་དག་སླར་འཇལ་ཐུབ་པའི་རེ་བ་མེད་ནའང་། དངུལ་ཁང་ཁག་གིས་སྔོན་མའི་སྐྱེད་ཀའི་ཐོག་མུ་མཐུད་བུན་དངུལ་མང་པོ་གཡར་སྐྱི་བྱེད་བཞིན་ཡོད་པ་རེད།

ཉེ་ཆར་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལས་གཞི་འདི་ལ་བརྟེན་ནས་རྒྱལ་ནང་གི་ལས་མི་ས་ཡ་ ༥ ནས་ ༦ བར་ལས་གནས་ཁག་ནས་ཕྱིར་ཕུད་གཏོང་དགོས་བྱུང་ཡོད་མ་ཟད། ཚོང་གཉེར་ཁང་དེ་དག་གིས་དངུལ་ཁང་གི་བུན་སྐྱེད་འཇལ་མ་ཐུབ་པའི་དཀའ་སྡུག་ལ་འཕྲད་པ་དེས་གཞུང་སྒེར་གཉིས་ཀྱི་དཔལ་འབྱོར་འདུ་འགོད་ལ་གོད་ཆག་ཐེབས་ཀྱི་ཡོད་འདུག

དམར་ཤོག་ཚོགས་པའི་སྒྲིག་གྲས་ལས་བྱེད་མང་པོ་ཞིག་སྐུ་ཞབས་ཞི་ཅིན་ཕིན་གྱི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་སྲིད་ཇུས་ཀྱི་ཁ་གཏད་དུ་ལངས་ཏེ་སྲིད་གཞུང་གི་དཔལ་འབྱོར་ཁྲོམ་རའི་སྲིད་ཇུས་ལྷོད་ཡངས་གཏོང་བ་དང་། བུན་སྐྱེད་ཀྱི་དཀའ་ཁག་ནང་ལྷུང་བའི་ཚོང་གཉེར་ཁང་མང་པོ་སྲུང་སྐྱོབ་བྱེད་འདོད་ཡོད་པ་རེད།

ཞི་ཅིན་ཕིན་གྱིས་འཁུར་ཞེན་ཆེན་པོའི་སྒོ་ནས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། གཞུང་འབྲེལ་ཚོང་གཉེར་ཁང་ཁག་གི་བར་ཁེ་འབོར་ཆེན་གཉེར་མཁན་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ཅིག་ནུས་མེད་བཟོ་བ་དང་དབང་འོག་ཏུ་བཅུག་སྟེ། ཁོ་རང་གི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་སྲིད་ཇུས་མངོན་འགྱུར་བྱེད་རྒྱུ་དེ་རེད།

བྱས་འབྲས་འདི་ཕྱོགས་སུ་ལྷུང་བ་ཞིག་མིན་ཤེས་ཆེ། སྐུ་ཞབས་ཞི་ཅིན་ཕིན་གྱི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གི་ལོ་རྗེས་མའི་འཆར་དངུལ་དེ་སྲིད་གཞུང་གི་འགྲོ་གྲོན་གསར་བ་ཁག་ཅིག་གི་ནང་ཚུད་ཡོད་པ་འདྲ། བདུན་ཕྲག་འདིའི་སྟོད་ཙམ་ནང་རྒྱ་ནག་མི་དམངས་དངུལ་ཁང་གིས་མ་དངུལ་ནས་བུན་དངུལ་གཡར་སྐྱི་ཇེ་མང་དུ་བཏང་བ་དང་། རྒྱལ་ནང་གི་དངུལ་ཁང་ཁག་གིས་དངུལ་ལོ་མང་པོ་གཡར་སྐྱི་ཐུབ་ཀྱི་ཡོད་ཅིང་། དེ་ནི་ལོ་གཅིག་ནང་རྒྱལ་ནག་གི་དངུལ་ཁང་ཁག་གིས་མ་དངུལ་ནས་བུན་དངུལ་གཡར་སྐྱི་ཇེ་མང་དུ་བཏང་བ་ཐེངས་ ༥ བ་དེ་ཆགས་ཀྱི་ཡོད་པ་རེད།

ཡིན་ན་ཡང་ཞི་ཅིན་ཕིན་གྱིས་དབང་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁྲལ་འབབ་འཕར་ཆག་ལ་གདོང་ལེན་བྱེད་བཞིན་ཡོད་པ་མངོན་གསལ་རེད། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་མི་དམངས་ཉིན་རེའི་གསར་འགྱུར་སྟེང་སྤེལ་བའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་དབུས་དངུལ་ཁང་གིས་དངུལ་དངོས་ཀྱི་རིན་གོང་འཕར་གཅོག་བྱས་ཏེ་རྒྱལ་ནང་གི་ཉོ་འཚོང་འབྲེལ་ལམ་ལ་གོད་ཆབ་བཟོས་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། གནས་ཚུལ་དེའི་ནང་ད་དུང་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་རྐང་འཛུགས་སྐྲུན་ཇེ་ཉུང་དུ་བཏང་སྟེ་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་དགོས་དོན་བསྟན་ཡོད་པ་དང་། གནས་ཚུལ་འདིས་རྒྱ་ནག་གི་ད་ལྟའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་འོད་སྣང་ཞིག་བསྐྲུན་འདུག

ཕྱི་ཟླ་གཉིས་པའི་ཚེས་ ༡༩ ཉིན་སྐུ་ཞབས་ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་དང་རྒྱ་ནག་དབུས་བརྙན་འཕྲིན་ཁང་། རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཁང་གསུམ་ནང་སྐོར་བསྐྱོད་བྱས་ཏེ། བརྒྱུད་ལམ་ཁག་གིས་དམར་ཤོག་ཚོགས་པར་ཞབས་འདེགས་ཞུ་དགོས་པ་ལས་སྲིད་གཞུང་ལ་སྲུ་ཞུ་བསྒྲུབ་མི་ཆོག་ཚུལ་བཤད་ཡོད་པ་དང་། སྐབས་དེར་ཀྲུང་དབྱང་ཆབ་སྲིད་གྲོས་མོལ་ཁང་གི་པེ་ཅན་འཐུས་མི་ཟུར་བ་རིན་ཀྲི་ཆང་ (Ren Zhiqiang) གིས་སྤྱི་ཚོགས་བརྒྱུད་ལམ་ནས་སྐུ་ཞབས་ཞི་ཅིན་ཕིན་གྱི་གཏམ་བཤད་དང་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་སྲིད་ཇུས་ཐད་སྐྱོན་བརྗོད་བྱས་ཡོད་པ་དང་། སྐུ་ཞབས་རིན་ཀྲི་ཆང་གི་སྐྱོན་བརྗོད་དེ་གནས་འཕྲིན་དྲ་ལམ་ཁག་ཏུ་ཐོན་པ་དང་། པེ་ཅིན་དམར་ཤོག་ཚོགས་ཆུང་གིས་རིན་ཀྲི་ཆང་ལ་གནད་དོན་དེ་དག་ཐེར་བྱེད་དུ་འཇུག་རྒྱུ་ཡིན་ལུགས་བཤད་འདུག

གཟའ་འཁོར་འདིའི་གནས་ཚུལ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་མུ་མཐུད་ཇེ་དལ་དུ་འགྲོ་རྒྱུ་ཡིན་ཚུལ་བཤད་ཅིང་། དེ་ཡང་འདི་ལོའི་ཕྱི་ཟླ་ ༢ བའི་ནང་རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་སྒྲིག་འཛུགས་ཁག་གི་བཟོ་ལས་ཐོན་ཚད་ཕྱི་ལོ་ ༢༠༠༩ ལོའི་བཟོ་ལས་ཐོན་ཚད་བརྒྱ་ཆ་ ༤༩.༢ མར་ཆགས་ཡོད་པ་མ་ཟད། ལས་འཆར་དོ་དམ་མཐུན་ཚོགས་ཀྱི་དཔལ་འབྱོར་འཚོལ་སྒྲུབ་ཚད་གཞི་བརྒྱ་ཆ་ ༥༡.༢ ཟིན་པ་དེའང་མར་ཆགས་ཀྱི་ཡོད་པ་རེད།

རེས་གཟའ་ལྷག་པའི་ཉིན་གྱི་རྒྱ་ནག་གཞུང་གི་བུན་ལོན་ཆག་ཡང་གཏོང་བའི་སྣང་ཚུལ་དེས་རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གྱོང་གུད་ཚད་མཐོ་རུ་འཕར་བཞིན་ཡོད་པ་མཚོན་ཐུབ།

མ་ཟད་སྣང་ཚུལ་དེས་ད་དུང་པེ་ཅིན་གཞུང་གི་བུ་ལོན་ཇེ་མང་དུ་འགྲོ་བ་དང་། དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་གཏོང་རྒྱུར་དོགས་གཞི་བསླངས་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་སྐུ་ཞབས་མེ་ཆལ་ཕུ་ཊེའི་ (Michael Pettis) རྩོམ་ཡིག་ཅིག་གི་ནང་། རྒྱ་ནག་གི་བུན་གསབ་ནི་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོ་བྱད་དུ་གྱུར་ཡོད་སྐོར་བརྗོད་ཅིང་། གལ་ཏེ་སྐུ་ཞབས་ཞི་ཅིན་ཕིན་གྱིས་བུན་ཆད་ཚོང་གཉེར་ཁང་འགོག་སྡོམ་མ་བྱས་པ་ཡིན་ན། སྲིད་གཞུང་གི་ནོར་དཔལ་མ་དངུལ་ཡོད་ཚད་དངུལ་ཁང་ལ་གཏོང་དགོས་ཆགས་སྲིད་པ་རེད།

སྐུ་ཞབས་ཞི་ཅིན་ཕིན་ནི་མའོ་ཙེ་ཏུང་རྗེས་ཀྱི་དབང་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་སྟབས། དཔལ་འབྱོར་དཔྱད་ཞིབ་པ་མང་པོ་ཞིག་གིས་ཞི་ཅིན་ཕེན་གྱི་དཔལ་འབྱོར་ཁྲོམ་ར་བཅོས་བསྒྱུར་གྱི་འཐབ་རྩོད་དེ་ནི་མི་སྒེར་གྱི་ཡིད་རྟོན་ལ་བཙན་སྐུལ་ཐེབས་ཏེ་རྙོག་འཛིང་ཆགས་སྲིད་པ་ཞིག་ཏུ་འགྲེལ་བརྗོད་གནང་གི་ཡོད་ཅིང་། དེ་ནི་ཕྱོགས་གཅིག་ཁོ་ནའི་ལྟ་སྟངས་ཤིག་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་དཔལ་འབྱོར་ཁ་ཕྱོགས་ལ་འཐབ་རྩོད་བྱེད་པ་དེ་ནི་མའོ་ཙེ་ཏུང་གི་རྗེས་སུ་དེ་སྔར་བྱུང་མྱོང་མེད་པའི་དྲག་ཤུགས་ཤིག་ཡིན་པ་རེད།

མ་རྩོམ་འབྲེལ་ཐག http://www.wsj.com/articles/beijings-reform-struggles-1457050718

 

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist