མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་མི་འབོར་མང་ཤོས་དང་བཏུང་ཆུ་བཙོག་ཤོས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཡུལ་མི་ཁྱོན་ས་ཡ་དོན་བདུན་དང་འབུམ་བདུན་ཁྲི་བདུན་སྟོང་བདུན་བདུན་བརྒྱ་གོ་བདུན་ལ་ (༧༥,༧༧༧,༩༩༧) བཏུང་ཆུ་གཙང་མའི་ཐོན་ཁུངས་ཆད་པའི་དཀའ་ཁག་ལ་འཕྲད་ཀྱི་ཡོད་འདུག

WATERདེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱལ་སྤྱིའི་བཏུང་ཆུའི་མཐུན་འགྱུར་བདེ་རྩ་ཁང་ (Water Aid) གིས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་གར་ནི་འཛམ་གླིང་སྟེང་མི་འབོར་མང་ཤོས་དང་བཏུང་ཆུ་བཙོག་ཤོས་དེ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

སྙན་ཐོ་དེའི་ནང་མུ་མཐུད་དུ། དེང་སྐབས་མི་འབོར་ས་ཡ་ ༧༨.༨ ལྷག་ཟིན་པའི་རྒྱ་གར་མི་མང་གིས་རིན་གོང་མཐོ་པོ་སྤྲད་ནས་གཏེར་ཆུ་ཉོ་བའམ། ཡང་ན་རྫས་འགྱུར་སྣ་ཚོགས་འདྲེས་པའི་བཙོག་ཆུ་བཏུང་དགོས་ཆགས་ཡོད་པ་དང་། གནས་བབ་དེས་འཛམ་གླིང་སྟེང་བཏུང་ཆུ་གཙང་མ་རག་གི་མེད་པའི་མི་འབོར་ས་ཡ་ ༦༥༠ བརྒྱ་ཆ་ ༡༠ ལྷག་ཟིན་གྱི་ཡོད་པ་དང་། གླིང་ཆེན་ཨ་ཧྥི་རེ་ཁ་དང་རྒྱ་ནག་གཉིས་ནང་ཡུལ་མི་ས་ཡ་ ༦༣ ལྷག་ལ་བཏུང་ཆུ་གཙང་མའི་ཐོན་ཁུངས་མེད་ཅིང་། ཕྱི་ལོ་ ༡༩༩༠ རྗེས་སུ་འཛམ་གླིང་ཡུལ་གྲུ་གང་སར་བཏུང་ཆུ་གཙང་མ་རག་གི་མེད་པའི་གནས་བབ་ཅུང་ཡར་རྒྱས་ཕྱིན་ཏེ་འཛམ་གླིང་མི་འབོར་ཐེར་འབུམ་ ༢.༦ ལ་གཙང་ཆུ་རག་གི་ཡོད་ནའང་། ད་དུང་བཙོག་ཆུ་ལ་བརྟེན་ནས་འཛམ་གླིང་མི་འབོར་བརྒྱ་ཆ་ ༡༠ ནང་གི་ ༡ ལ་ནད་ཡམས་འདྲ་མིན་སྣ་ཚོགས་འགོས་ཁྱབ་འབྱུང་བཞིན་ཡོད་པ་རེད། རྒྱ་གར་ནང་གཙང་ཆུའི་ཐོན་ཁུངས་དོ་དམ་དང་གཙང་ཆུ་མཁོ་འདྲེན་ལས་འཆར་སོགས་གང་ཡང་ལེགས་པོ་མེད་པ་དང་། ཧ་ལམ་རྒྱ་གར་མི་མང་བྱིངས་ལ་གཙང་ཆུའི་ཐོན་ཁུངས་དཀོན་སྟབས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཕ་ཕཱི་ནི་ཝ་ཇེ་ནི་ (Papua New Guinea) དང་ཨི་ཁུ་ཊོ་རིད་ཇེ་ནི་ (Equatorial Guinea)། ཨན་གྷོ་ལ་ (Angola) དང་ཆ་ཌི་ (Chad)། མཱོ་རྫམ་བྷེ་ཁི་ (Mozambique) སོགས་ཀྱི་གྲས་ནས་མི་འབོར་མང་ཤོས་དང་བཏུང་ཆུ་བཙོག་ཤོས་དེ་རྒྱ་གར་ཆགས་ཀྱི་ཡོད་པ་དང་། ཕ་ཕཱི་ནི་ཝ་ཇེ་ནི་རྒྱལ་ཁབ་ནང་མི་འབོར་ས་ཡ་ ༤.༥ ལ་གཙང་ཆུའི་ཐོན་ཁུངས་མེད་སྟབས། ཁོ་ཚོས་ཉིན་རེའི་འཚོ་བའི་ཡོང་འབབ་ལས་བརྒྱ་ཆ་ ༥༠ བཏུང་ཆུར་གཏོང་གི་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོ་འཕྱུར་བ་སོགས་ཀྱི་རྐྱེན་པས། མིའི་བཏུང་ཆུ་དང་མིའི་འཚོ་གནས་ལ་འཇིག་ཉེན་ཆེན་པོ་འབྱུང་གི་ཡོད་སྐོར་སོགས་འཁོད་འདུག

གནས་ཚུལ་ལྟར་ན། རྒྱ་གར་ནང་ཉིན་རེའི་བཏུང་ཆུ་རྒྱ་མ་ ༥༠ ལ་ཆ་སྙོམ་ཧིན་སྒོར་ ༤༧ གཏོང་གི་ཡོད་པ་དེས་རྒྱ་གར་མི་མང་གི་ཉིན་རེའི་འཚོ་བའི་ཡོང་འབབ་ལས་བརྒྱ་ཆ་ ༢༠ ཟིན་གྱི་ཡོད་པ་དང་། གནས་བབ་དེ་དབྱིན་ཇི་དང་བསྡུར་ན། དབྱིན་ཡུལ་དུ་བཏུང་ཆུ་རྒྱ་མ་ ༥༠ ལ་ཆ་སྙོམ་ཧིན་སྒོར་ ༦ ལྷག་ལས་གཏོང་གི་མེད་པ་དང་། བཙོག་ཆུ་ལ་བརྟེན་ནས་རྒྱ་གར་ནང་ལོ་རེར་མི་མང་བགྲང་ལས་འདས་པར་ནམ་ཡམས་འགོས་ཁྱབ་འབྱུང་གི་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ན་ནིང་གཅིག་པུར་འཁྲུ་ནད་དང་བཤལ་ནད་ཀྱི་རྐྱེན་པས་བྱིས་པ་ཐེར་འབུམ་ ༣༡༥ ལྷག་འདས་གྲོངས་ཕྱིན་པའི་གྲས་ཀྱི་བྱིས་པ་བུམ་ ༡༤༠ རྒྱ་གར་ནང་རྐྱེན་འདས་སུ་གྱུར་ཡོད་འདུག

རྒྱ་གར་གྱི་ཆུ་བོ་ཁག་འབག་བཙོག་ཆགས་པ་དང་ལྷག་པར་དུ་ཞིང་བ་མང་ཚོགས་ཀྱིས་ཆུ་སྦུག་ལ་རྟགས་དཔྱད་དོ་དམ་ལེགས་པོ་མ་བྱས་པའི་རྐྱེན་པས། ས་འོག་གི་ཆུ་བྲི་ནས་བཏུང་ཆུའི་དཀའ་ངལ་ལ་འཕྲད་ཀྱི་ཡོད་པ་ལྟར། གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཁག་མང་པོ་ཞིག་གི་ཆུའི་འབབ་རྒྱུན་ཉུང་དུ་སོང་ནས་བཏང་ཆུའི་དཀའ་ཁག་གཅིག་མཚུངས་ལ་འཕྲད་ཀྱི་ཡོད་འདུག

འདས་པའི་ལོ་ངོ་ ༡༥ རིང་རྒྱ་གར་གཞུང་གིས་གྲོང་དང་གྲོང་ཁྱེར། ཞིང་ལས་དང་བཟོ་ལས་ས་ཁུལ་ཁག་ནང་རྒྱ་གར་གྱི་ཆུའི་ཐོན་འབབ་བརྒྱ་ཆ་ ༥༠ མཁོ་འདོན་ཐུབ་པར་རེ་ལྟོས་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese