མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་ ༡ ༠ རྩིས་སྤྲོད་རྒྱུའི་ཕྱག་ཡིག་འབྱོར་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབུས་སློབ་འཛིན་ཚོགས་འོག་གི་དམའ་རིམ་སློབ་གྲྭ་ ༥ དང་འབྲིང་རིམ་གྱི་སློབ་གྲྭ་ ༥ བཅས་གང་མགྱོགས་རྩིས་སྤྲོད་རྒྱུ་ཡིན་འདུག

_DSC8337དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ། མདོ་སྨད་སྤྱི་འཐུས་རྒྱ་རིགས་མཐར་ལགས་ཀྱིས་ཤེས་རིག་ལས་ཁུངས་ངོས་ནས་རྒྱ་གར་དབུས་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་རྩིས་ལེན་ཐུབ་ཀྱི་ཡོད་མེད་དང་། ད་ལྟའི་ཆར་སློབ་གྲྭ་དེ་དག་གི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་པའི་ལན་དུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། གནད་དོན་དེའི་ཐོག་ཐེངས་འདིའི་གྲོས་ཚོགས་ནང་དགོངས་ཚུལ་ཡོང་གི་རེད་བསམ་སོང་ལ། ཤེས་ཡོན་ཞེ་དྲགས་གལ་ཆེན་པོ་ཡིན་པ་ལྟར་དགོངས་ཚུལ་བྱུང་ཡང་བྱུང་སོང་། ན་ནིང་གྲོས་ཚོགས་ནང་སློབ་གྲྭ་ཁག་མགྱོགས་པོར་རྩིས་ལེན་ཐུབ་ཀྱི་ཡོད། སྟབས་ཡག་ན་གྲོས་ཚོགས་མ་གྲོལ་གོང་ལ་གནས་ཚུལ་སྙན་གསེང་ཞུ་རྒྱུ་ཞིག་རག་སྲིད་པ་རེད། གལ་སྲིད་དེ་ལྟར་མ་བྱུང་ཡང་དུས་ཚོད་ཐུང་ཐུང་ནང་རྩིས་ལེན་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་བྱུང་། འོན་ཀྱང་རྒྱ་གར་གཞུང་ངོས་ནས་ལོ་གསུམ་གྱི་དུས་ཚོད་ཅིག་གནང་ཡོད་པ་ལྟར་འབྲེལ་ཡོད་ཚོའི་ངོས་ནས་ཀྱང་དུས་ཚོད་དེ་བཟུང་སྟེ་གཡོལ་བསྡད་པ་རེད། ཤེས་རིག་ལས་ཁུངས་ངོ་ལས་དང་། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་ངོས་ནས་ཐབས་ཤེས་ཡོད་དགུ་རྩལ་སྦྲུགས་བྱས་པ་རེད། མཐའ་དོན་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་ནའང་དེའི་བར་གྱི་ལས་བྱེད་ཁ་ཤས་ཤིག་གིས་བཀག་འགོག་བྱས་ཡོད་པ་གསལ་བོ་ཧ་གོ་ཡི་འདུག

ད་ལྟའི་ཆ་ལ་ཚང་མར་ཐུགས་ཚབ་ཡོད་སྟབས་གནས་ཚུལ་བཟང་བོ་ཞིག་གོ་ན་སྤྲོ་བོ་ཡོང་གི་རེད་བསམ་ནས་འདིར་སྙན་གསེང་ཞུ་རྒྱུ་ཞིག་ལ། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཐོག་ནས་ལས་རིམ་གཉིས་པ་སྟེ། འཛིམ་རིམ་བརྒྱད་པའི་བར་གྱི་དམའ་རིམ་གྱི་སློབ་གྲྭ་ ༥ དང་། འབྲིང་རིམ་གྱི་སློབ་གྲྭ་ ༥ བཅས་ཁྱོན་སློབ་གྲྭ་ ༡ ༠ ཙམ་རྩིས་སྤྲོད་རྒྱུ་ཟླ་འདིའི་ཚེས་ ༡༧ ཉིན་བཀའ་འཁྲོལ་གནང་སོང་། རྩིས་སྤྲོད་རྩིས་ལེན་གྱི་ཞིབ་ཕྲའི་འགྲོ་ཕྱོགས་དེ་བོད་སློབ་འཛིན་སྐྱོང་ཚོགས་པས་ཡིག་ཆ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་དང་པོ་གཉིས་པའི་ནང་ལ་རྩིས་ལེན་ཐུབ་པ་རེད་བསམ་གྱི་ཡོད།

ད་དུང་མཇུག་སྒྲིལ་གྱི་ཡོད་པ་མ་རེད། འཛིན་རིམ་བཞི་པའི་སློབ་གྲྭ་ཁག་ཅིག་དང་བཅུ་གཉིས་ཀྱི་སློབ་གྲྭ་ཁག་ཅིག་ཡོད་སྟབས། ལས་རིམ་གསུམ་པའི་ནང་དུ་སློབ་གྲྭ་དེ་དག་ཐོག་ལས་ཀ་བྱེད་དགོས་པ་རེད། ཡིན་ནའང་སྤྲོད་མཁན་དང་ལེན་མཁན་བར་གྱི་གནས་ཚུལ་ཞིག་ཆགས་ཡོད་སྟབས། ང་ཚོས་ག་ཚོད་ཡར་ཞུས་ནའང་གནས་ཚུལ་ཁ་ཤས་ངས་དེ་རིང་གྲོས་ཚོགས་ནང་ཞུ་མ་ཐུབ་པ་འདྲ་བོ་རེད། ལས་དོན་འདིའི་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་རོགས་རམ་ཡང་པོ་གནང་སོང་། ཟླ་འདིའི་ཚེས་ ༧ ཉིན་ལྡི་ལིར་རྒྱ་གར་ཕྱི་སྲིད་ལས་ཁུངས་དབུ་བཞུགས་ཐོག་ཚོགས་འདུ་ཚོགས་པ་རེད།

མདོ་དོན། ད་རེབ་ཚེས་བཅུ་བདུན་ཉིན་སློབ་གྲྭ་བཅུ་རྩིས་སྤྲོད་རྒྱུ་ཡིན་པའི་ཕྱག་ཡིག་འབྱོར་ཡོད་པ་རེད། དེ་སྔོན་སློབ་གྲྭ་ ༤ རྩིས་ལེན་དང་། སྔོན་འགྲོའི་སློབ་གྲྭ་ ༣༣ རྩིས་བླངས་ཚར་བ་རེད། འབྲིང་རིམ་མཐོ་བ་དང་འཛིན་རིམ་བཅུ་གཉིས་ཀྱི་སློབ་གྲྭ་ཁག་ཅིག་རྩིས་ལེན་རྒྱུ་ལྷག་ཡོད་པ་རེད། དེ་དག་ལའང་ང་ཚོས་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན། དེ་གྲོས་ཚོགས་ལ་སྙན་གསེང་ཞུ་འདོད་བྱུང་སོང་། སྤྱིར་བཏང་སློབ་གྲྭ་དེ་དག་ནང་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་ཡང་། མ་སུ་རི་ལྟ་བུའི་སློབ་གྲྭ་ཁ་ཤས་ནང་ཞེ་དྲགས་ཡག་པོ་གནང་གི་འདུག ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༩ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 3

  1. བསྟན་འཛིན་བློ་ལྡན། says:
    ལོ་ 10 སྔོན།

    གནས་ཚུལ་བཟང་པོ་རེད།

    Reply
  2. སྨན་རམས་པ་པདྨ་ལྷུན་གྲུབ། says:
    ལོ་ 10 སྔོན།

    ཡང་དེ་རིང་གྲོས་ཚོགས་ནང་ཤེས་རིག་བཀའ་བློན་གྱིས་ “རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཐོག་ནས་ལས་རིམ་གཉིས་པ་སྟེ། འཛིམ་རིམ་བརྒྱད་པའི་བར་གྱི་དམའ་རིམ་སློབ་གྲྭ་ ༥ དང་། འབྲིང་རིམ་སློབ་གྲྭ་ ༥ བཅས་ཁྱོན་སློབ་གྲྭ་ ༡ ༠ ཙམ་རྩིས་སྤྲོད་རྒྱུ་ཟླ་འདིའི་ཚེས་ ༡༧ ཉིན་བཀའ་འཁྲོལ་གནང་སོང་།” ཞེས་གསུངས་ཡོད། དེ་ནི་གཏམ་བཟང་ཞིག་གཏན་ནས་མིན་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༡ པོའི་ནང་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་ལོ་གསུམ་ནང་ཚུད་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་ཟིན་པས། ཐག་གཅོད་འདི་འདྲ་ཞིག་བསྐྱར་དུ་གནང་དགོས་དོན་གང་ཡིན་ནམ།
    ༡། ད་སྔ་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་གནང་བ་བཞིན་ལོ་གསུམ་གྱི་དུས་ཚོད་ནང་སློབ་གྲྭ་ཁག་རྩིས་ལེན་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
    ༢། ད་ལྟ་འཛིན་རིམ་བརྒྱད་པ་མན་གྱི་སློབ་གྲྭ་རྩིས་ལེན་གནང་རྒྱུའི་ཐག་གཅོད་བྱུང་སྟབས་ད་སྔའི་ཐག་གཅོད་ལ་འགྱུར་བ་སོང་བ་ཡིན་དམ།
    ༣། འཛིན་རིམ་དགུ་པ་ཡན་གྱི་སློབ་གྲྭ་ཁག་རྩིས་ལེན་གནང་འཆར་ཡོད་དམ་མེད། ཡོད་ན་དུས་ཚོད་ཅི་ཙམ་ནང་རྩིས་ལེན་གནང་འཆར་དང་། མེད་ན་སློབ་གྲྭ་དེ་དག་གི་གནས་སྟངས་ལ་ཤེས་རིག་ལས་ཁུངས་ནས་གནང་འཆར་ཇི་ཡོད། བཅས་ལ་ཤེས་རིག་བཀའ་བློན་གྱིས་ངེས་པར་བཀའ་ལན་གནང་གལ།

    Reply
  3. རིན་ཆེན་རྡོ་རྗེ། says:
    ལོ་ 10 སྔོན།

    ཡང་སྲིད་སྐྱོང་ལྟར། བསྒྲགས་མ་རན་གོང་ནས་བསྒྲགས། དོན་ལ་འབབ་རྒྱུ་མེད་པ་དེ་འདྲ་མ་ཡིན་པ་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese