བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༨ པའི་སྔ་དྲོར། འཛིན་སྐྱོང་བཀའ་ཤག་ནས་བོད་མིའི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ལ་གསལ་བཤད་གནང་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་སྒང་ནས་བོད་དོན་ཐོག་ཁ་ཕྱོགས་འགྱུར་མགོ་བཙུགས་ཚར་ཡོད་ལ། ཁ་ཕྱོགས་འགྱུར་ཚར་རྗེས་བསྐྱར་གསོ་ཡོང་རྒྱུ་ཁག་པོ་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་མཆོག་གིས་ཉེ་སྔོན་༧གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཐད་འཐུས་ཤོར་ཆེན་པོ་ཕྱིན་ཡོད་སྐོར་བཀའ་སློབ་གནང་ཡོད་པ་ལྟར། བཀའ་ཤག་ནས་འཕྲོད་བསྟེན་ཐོག་ལོ་ ༣ ནང་ཚུད་གྲུབ་འབྲས་ཡོང་བའི་འཆར་གཞི་བསྒྲིག་རྒྱུ་ཡིན་སྐོར་གསུངས་དོན། ད་ལན་གྱི་གྲོས་ཚོགས་ར་བ་འདིའི་ནང་ལའང་བཀའ་མོལ་བྱུང་ཡོད་པ་རེད། གནད་དོན་ཆེ་ཤོས་གཅིག་དེ་ཉེ་ཆར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་ཆེན་གྱི་སྐབས་སུ་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཞེ་དྲགས་ཕེབས་ཡོད་པ་རེད། དེ་བཀའ་ཤག་གི་ངོས་ནས་ཡིན་ནའང་གལ་ཆེན་པོའི་ནང་ནས་གལ་ཆེ་ཤོས་སུ་རྩིས་ཏེ་ཚོར་བ་ཆེན་པོའི་ཐོག་ནས་ཐེངས་ཁ་ཤས་ལ་བཀའ་སྡུར་བྱུང་སོང་། བཀའ་ཤག་ཟེར་དུས་དེའི་ནང་དུ་འཕྲོད་བསྟེན་བཀའ་བློན་ཡིན་ནའང་ཡོད་པའི་བཀའ་ཤག་འདི་ཞུ་ཡི་ཡོད་ལ། སྐབས་དེར་བཀའ་ཤག་ནས་འཕྲོད་བསྟེན་བཀའ་བློན་ལ་ལམ་སྟོན་གནང་ཡོད་པ་དང་། འཕྲོད་བསྟེན་བཀའ་བློན་ནས་ཀྱང་འགན་འཁུར་ཡོད་པའི་ཐོག་ནས་ཁ་སང་གྲོས་ཚོགས་ནང་སྙན་གསེང་ཞུས་པ་ལྟར། འཕྲོད་བསྟེན་ལས་ཁུངས་ནང་འབྲེལ་ཡོད་ལས་བྱེད་མཉམ་འཛོམས་ཀྱིས་ཚོགས་འདུ་ཐེངས་འགའ་ཤས་ཚོགས་ཡོད་པ་དང་། ཁ་སང་གུང་གསེང་དང་སྦྲགས་དགའ་ལྡན་ཕོ་བྲང་ལ་ཕྱག་ཡིག་ཅིག་ཕུལ་ཡོད་པ་རེད། གཙོ་ཆེ་ཤོས་༧གོང་ས་མཆོག་ནས་བཀའ་བློན་ནན་པོ་གནང་དགོས་དོན་གཅིག་དེ་སྔོན་འགོག་ཐོག་བཀའ་སློབ་ཤུགས་ཆེན་པོ་ཞེ་དྲགས་ཤིག་གནང་ཡོང་དུས། བཀའ་ཤག་འདིའི་ཐོག་ནས་ཀྱང་འཕྲོད་བསྟེན་ཐད་སྔོན་འགོག་གཏིང་ཟབ་པོ་ཟེར་ན་འདྲ། ཞིབ་ཚགས་ཡོད་པ་དེའི་ཐོག་རིམ་གྱིས་འཕྲོད་བསྟེན་ལས་ཁུངས་ནས་འགན་འཁུར་བཞེས་པའི་ཐོག་ནས་མ་འོངས་ལས་འཆར་ག་འདྲ་ཡོད་མེད་ཏན་ཏན་འདོན་ཡོང་གི་རེད་བསམ་གྱི་འདུག བཀའ་ཤག་འདིའི་ཐོག་ནས་ཡིན་ནའང་ཏན་ཏན་རང་གྲ་སྒྲིག་བྱ་རྒྱུ་ཡིན། མ་འོངས་པར་བཀའ་ཤག་སུ་ཕེབས་པ་ཡིན་ནའང་ལག་བསྟར་ཏན་ཏན་གནང་གི་རེད་བསམ་གྱི་འདུག ད་ལྟའི་ཆར་ཞུ་རྒྱུར་འབྱུང་འགྱུར་ལོ་གསུམ་གྱི་ནང་ཏན་ཏན་འཕྲོད་བསྟེན་གྱི་སྔོན་འགོག་ཐོག་ལས་འཆར་རྒྱ་ཆེ་བ་ཞིག་དང་། ཆ་ཚང་བ་ཞིག་དགོས་པ་དེར་འགྲོ་སོང་ལ་མ་འཛེམས་པའི་ཐོག་ནས་ལོ་གསུམ་ནང་གྲུབ་འབྲས་སྨིན་ཐུབ་པ་ཞིག་གྲ་སྒྲིག་པ་དང་། ཏན་ཏན་མ་འོངས་བཀའ་ཤག་སུ་ཕེབས་པ་ཡིན་ནའང་ཁོང་རང་ཚོས་འགན་འཁུར་བཞེས་པའི་ཐོག་ནས་ལག་བསྟར་གནང་གི་རེད་བསམ་པའི་ཡིད་ཆེས་ཞུ་ཡི་ཡོད།
དོན་ཚན་གཉིས་པ་དེ་སྐྱོ་བོ་ཉམ་ཐག་དགུང་ལོ་བགྲེས་པོ་རྣམས་ཀྱི་ཐོག་དུས་རྟག་ཏུ་༧གོང་ས་མཆོག་ནས་བཀའ་སློབ་གནང་བཞིན་ཡོད་པ་དང་། དེའི་ཐོག་ལའང་བཀའ་ཤག་ནང་བཀའ་སྡུར་བྱུང་སོང་། ཉམ་ཐག་གི་ཚོགས་ཆུང་དང་སྒྲིག་གཞི་ཞིག་ཡོད་ལ། དེ་སྔ་བཀའ་ཤག་གིས་སྐབས་དང་དུས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག ལས་བྱེད་མང་དུ་གཏོང་དགོས་ཀྱི་འདུག་ཅེས་བཀའ་སྡུར་བྱུང་བ་རེད། ཡིན་ནའང་ད་ལན་༧གོང་ས་མཆོག་ནས་བཀའ་ནན་པོ་ཞེ་དྲགས་ཤིག་ཕེབས་ཡོང་དུས་ཏན་ཏན་རང་ཉམ་ཐག་གི་ཚོགས་ཆུང་དེའི་ནང་ག་འདྲ་བྱས་ཏེ་ཚགས་ཚུད་དུ་བཟོ་དགོས་ཀྱི་འདུག དེའི་ཐོག་ང་ཚོས་གྲ་བསྒྲིག་སྟེ་ལོ་གསུམ་གྱི་ནང་ཏན་ཏན་གྲུབ་འབྲས་སྨིན་ཐུབ་པའི་འབད་བརྩོན་ཧུར་ཐག་ཞུ་རྒྱུ་ཡིན་ལ། མ་འོངས་བཀའ་ཤག་གི་ངོས་ནས་ཀྱང་ཏན་ཏན་གནང་རྒྱུ་ཡིན་པར་ཡིད་ཆེས་ཞུ་ཡི་ཡོད། ཅེས་གསུངས་སོང་།
ད་ལོའི་འོས་བསྡུ་ཆེན་མོ་དཔེ་མཚོན་དུ་དྲངས་ཏེ་བོད་མིའི་ཡ་རབས་བཟང་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་ནས་གསུངས་དོན། སྤྱི་ཚོགས་སྤྱི་ཡོངས་ཀྱི་ནང་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཉམས་ཆག་འགྲོ་ཡི་ཡོད་པར་ང་ཚོ་ཚང་མས་ངོས་འཛིན་གྱི་ཡོད་པ་རེད། ཡ་རབས་བཟང་སྤྱོད་ག་བར་ཉམས་ཆག་འགྲོ་བཞིན་ཡོད་པ་རེད་ལབ་ན་དཔེ་མང་པོ་འཇོག་རྒྱུ་ཡོད་པ་རེད། དཔེ་མཚོན་ཞིག་ཞུས་ན། ཉེ་ཆར་གྱི་འོས་བསྡུ་ཆེན་མོའི་ཐོག་ནས་ཡིན་ནའང་ང་ཚོའི་ཡ་རབས་བཟང་སྤྱོད་ཀྱི་གནས་བབ་ག་ཚོད་ཅིག་ཡོད་མེད་འགྲེམས་སྤེལ་བྱུང་ཡོད་པ་རེད། འོས་བསྡུ་ཆེན་མོ་གཅིག་པུ་ཟེར་གྱི་མེད་སྤྱི་ཚོགས་སྤྱི་ཡོངས་ཀྱི་ནང་ཡ་རབས་བཟང་སྤྱོད་ཉམས་ཆག་ཏུ་འགྲོ་ཡི་ཡོད་པ་དེ་འོས་བསྡུ་ནས་རྣམ་པ་ཞིག་བསྟན་ཡོད་པ་རེད། དེར་བརྟེན་ཡ་རབས་བཟང་སྤྱོད་ཟེར་བ་དེ་༧གོང་ས་མཆོག་དང་བླ་ཆེན་ཁག མི་ཐོག་རྒན་པ་ཚོས་ང་ཚོར་ད་ལྟའི་བར་དུ་གནང་བསྡད་པ་ཞིག་རེད། འོས་བསྡུ་དང་འབྲེལ་བའི་ཐོག་ནས་ཡ་རབས་བཟང་སྤྱོད་ཉམས་ཆག་ཏུ་ཕྱིན་འདུག་ལབ་དུས་དེའི་ནང་དུ་མཉམ་ཞུགས་བྱེད་མཁན་ཚང་མར་ཞུ་ཡི་ཡོད། ཚང་མས་ཏན་ཏན་དགོངས་པ་ཆེ་བཞེས་ཀྱི་ཐོག་ནས་གཟབ་གཟབ་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་འདུག གང་ཡིན་ཟེར་ན། ང་ཚོའི་མ་རྩ་དང་སྲོག་རྩ་ལྟ་བུ་དེ་ཡ་རབས་བཟང་སྤྱོད་རེད། ང་ཚོས་དམངས་གཙོའི་སྒྲིག་འཛུགས་ལམ་ལུགས་ག་ཚོད་ཡོད་ལབ་པ་ཡིན་ནའང་ཏན་ཏན་ཚགས་ཚུད་ཐག་ཆོད་རེད། རྒྱལ་ཁབ་གཞན་པ་དམངས་གཙོའི་ལམ་ལུགས་ཐོག་ལོ་ཉིས་བརྒྱ་གསུམ་བཞི་བརྒྱ་ལྔ་བརྒྱ་ག་ཚོད་ཕྱིན་པ་དེ་ཚོ་དང་བསྡུར་བ་ཡིན་ན། དམངས་གཙོའི་འགྲོ་སྟངས་འགྲོ་ལུགས་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ད་དུང་ཡིན་ནའང་ང་ཚོ་ཡར་རྒྱས་སུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེ་ཡང་ང་ཚོའི་ཐུན་མོང་མ་ཡིན་པའི་དམངས་གཙོ་ཟེར་བ་འདི་ལ་ག་རེ་ཡོད་པ་རེད་ཟེར་ན། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བཞག་པ་སྟེ་ཡ་རབས་བཟང་སྤྱོད་ཟེར་བ་རྩ་ཆེ་བའི་མ་རྩ་རེད། དེར་ཉམས་ཆག་ཕྱིན་པ་དང་མེད་པ་ཆགས་ན་ཧ་ལས་པའི་བློ་ཕམ་དང་ཧ་ལས་པའི་ཉེན་ཁ་ཆེན་པོ་རེད། དེར་བརྟེན་ལོ་ལྔ་བཅུ་ལྔ་གྲངས་ལ་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན། སྲི་ཞུ་བ་རྒན་པ་ཚོས་སྐུ་ལས་བསྐྱོན། ༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བཞག་པ་དེ་ཉམས་ཆག་ཏུ་འགྲོ་བ་དང་ཁ་ཕྱོགས་འགྱུར་བ་དེ་མགྱོགས་པོ་ཞེ་དྲགས་རེད། དཔེར་ན། ད་ལོའི་འོས་བསྡུ་ཆེན་མོའི་ནང་རྒྱ་ནག་གི་ཚགས་པར་ནང་དུའང་རྒྱ་ནག་གི་མགོ་ཁྲིད་ཚོ་ཚུར་ཁ་ལོག་སྟེ་ང་ཚོར་སྐྱོན་བརྗོད་བྱས་ཡོད་པ་རེད། སྤྱིར་བཏང་ཁོ་རང་ཚོའི་འགན་ཁོ་རང་སྐྱོན་བརྗོད་བྱ་རྒྱུ་དང་། ང་ཚོའི་ནུས་པ་ཉམས་པར་གཏོང་རྒྱུ་དེ་ཁོ་རང་ཚོའི་འགན་ཆེ་ཤོས་རེད། ཡིན་ནའང་། རྒྱལ་སྤྱིའི་ཐོག་ནས་ང་ཚོར་མཐོང་སྤྲད་པ་དེ་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མཐོང་སྤྲོད་ཀྱི་ཡོད་པ་རེད། བོད་པ་ཟེར་བ་དེར་ཡ་རབས་བཟང་སྤྱོད་ཡོད་པ་རེད་ཟེར་ནས་དུས་རྟག་ཏུ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དེ་ལ་བརྟེན་ནས་ང་ཚོར་རྒྱབ་སྐྱོར་རག་གི་ཡོད་པ་རེད། ཡིན་ནའང་། རྒྱལ་སྤྱིའི་སྒང་ནས་ཁ་ཕྱོགས་འགྱུར་བ་དེ་མགོ་བཙུགས་ཚར་བ་རེད། ད་ལོའི་འོས་བསྡུ་ཆེན་མོའི་གནས་ཚུལ་གཅིག་རེད། མ་འོངས་པར་ཡང་འདི་འདྲ་རང་གནས་པ་ཡིན་ན། ཁ་ཕྱོགས་གཅིག་འགྱུར་ཚར་བའི་རྗེས་སུ་རྒྱལ་ཁ་འདྲ་པོ་སྟེ་གྲུབ་འབྲས་ཡོད་བཞག་པ་དེ་ཉམས་པ་དང་ཕམ་པའི་ཉེན་ཁ་ཆེན་པོ་ཞེ་དྲགས་རེད། ནེའུ་ཡོག་དུས་བབ་(New York times )འཛམ་གླིང་ནང་ཚགས་པར་སྐད་གྲགས་ཆེ་ཤོས་རེད། འཛམ་གླིང་གི་སྲིད་འཛིན་སྲིད་བློན་དང་གནད་ཡོད་མི་སྣ། མཁས་དབང་། སློབ་གྲྭ་ཆེན་མོ་ཁག་ནས་ཉེའུ་ཡོག་དུས་བབ་ཐོག་ག་རེ་ཟེར་གྱི་འདུག དུས་བབ་དུས་དེབ་ཀྱི་ནང་ག་རེ་ཟེར་གྱི་འདུག་ཅེས་ཚགས་པར་རང་ས་ཡ་གཉིས་གསུམ་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། དྲ་རྒྱ་དེར་གཟིགས་མཁན་ས་ཡ་ ༥༠ ཙམ་ཡོད་ཟེར་གྱི་ཡོད་པ་རེད། དེ་འདྲའི་ནང་ང་ཚོ་བོད་པའི་གནད་དོན་དེ་ག་རེ་ཐོན་པ་ཡིན་ནའང་གཟབ་གཟབ་མ་བྱས་ན། དེའི་ནང་ང་ཚོར་སྐྱོན་བརྗོད་ཆེན་པོ་དེ་འདྲ་ཐོན་པ་ཡིན་ན། དམིགས་བསལ་གྱིས་ཡ་རབས་བཟང་སྤྱོད་མི་འདུག་ཅེས་ཐོན་ནས་ཁ་ཕྱོགས་དེ་འགྱུར་ཚར་བ་ཡིན་ན། ཁ་ཕྱོགས་དེ་ཚུར་བསྐྱར་གསོ་བྱ་རྒྱུ་ཁག་པོ་ཞེ་དྲགས་རེད། ནེའུ་ཡོག་དུས་བབ་ཐོག་ག་རེ་བྱས་འདུག་ཟེར་ན། ཕར་ཚུར་འདམ་རྙོག་འབྱུག་རེས་བྱས་འདུག་ལབ་ཀྱི་ཡོད་པ་རེད། དོན་དག་ཐོག་ནས་འགྲེལ་བཤད་བརྒྱབ་པ་ཡིན་ན་དབུ་མའི་ལམ་ལས་གལ་ཆེ་བ་དེ་སྐྱོན་བརྗོད་རྐྱང་རྐྱང་ནང་འགྲོ་འདུག དེ་མགོ་བརྗོད་རང་རེད། སྔོན་གླེང་ནང་ག་འདྲ་བྲིས་ཡོད་པ་རེད་ཟེར་ན། རག་རྒྱུ་དེ་དང་སྒྲུབ་རྒྱུ་དེ། རྩོད་རྒྱུ་དེ་ཉུང་བ་དང་ཆུང་བ་ཡོད་པ་ཡིན་ན། ཆབ་སྲིད་དེ་སྡུག་ཤོས་དང་ངན་ཤོས་རེད་ལབ་ཡོད་པ་རེད། འདི་བཙན་བྱོལ་གྱི་སྒྲིག་འཛུགས་ཡིན་པས་ཐོབ་རྒྱུ་བོད་སྤྱི་པར་ཞབས་ཞུ་ཞུ་རྒྱུ་མ་གཏོགས་རྒྱལ་ཁབ་ཅིག་ཡོད་པའི་སྲིད་འཛིན་དང་སྲིད་བློན་གྱི་འོས་བསྡུ་མ་རེད། བཙན་བྱོལ་ནང་དམངས་གཙོ་ལག་བསྟར་བྱས་པའི་འོས་བསྡུ་དེ་རེད། དེ་འདྲ་ཟེར་དུས་ཞབས་སྟེགས་དེའི་སྒང་སྒྲུབ་རྒྱུ་དེ་ཆུང་བ་ཡོད་པ་རེད། ཡིན་ནའང་། ཆབ་སྲིད་ངན་ཤོས་དང་སྡུག་ཤོས་རྩེས་པ་རེད་ལབ་དུས་ཁ་ཕྱོགས་འགྱུར་གྱི་ཡོད་པ་རེད། ཅེས་སོགས་གསུངས་སོང་།
ཡང་ཁོང་གིས། ངས་ཞུ་བ་དེ་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་ཆ་ཚང་ལ་འགན་ཡོད་པ་རེད། མི་མང་ཆ་ཚང་ལ་འགན་ཡོད་པ་རེད་ཟེར་གྱི་ཡོད་མ་གཏོགས་འདི་ཕྱོགས་མ་རེད་དེ་ཕྱོགས་རེད། དེ་ཕྱོགས་མ་རེད་འདི་ཕྱོགས་རེད་ཟེར་གྱི་མེད། གང་ཡིན་ཟེར་ན། འོས་བསྡུ་ཆེན་མོ་ཡིན་ན་རེད། གྲོས་ཚོགས་ནང་ལོགས་ཡིན་ནའང་རེད། དུས་རྟག་ཏུ་ང་རང་ཚོའི་འགན་ཆེ་ཤོས་དེ་ག་རེ་རེད་ཟེར་ན། སྤྱི་པའི་རྩ་དོན་ལ་དོ་ཕོག་མ་འགྲོ་བ་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་ལ་དོ་ཕོག་མ་འགྲོ་བ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོའི་རྡོག་རྩ་གཅིག་སྒྲིལ་ལ་དོ་ཕོག་ཕྱིན་པ་ཡིན་ན་འོས་ཐོབ་པ་ཡིན་ནའང་རེད་རང་བཞིན་གྱིས་བློ་ཕམ་གྱི་གནས་ཚུལ་རེད། ༧གོང་ས་མཆོག་ལ་ཐུགས་ཁག་ཡོད་པ་མ་རེད། ངས་གཙོས་པའི་བོད་མི་མང་པོ་ཞིག་ལ་བློ་ཕམ་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་ད་ལན་ཚར་བ་དེ་ཚར་བ་རེད་བྱ་རྒྱུ་ཡོད་པ་མ་རེད། མ་འོངས་པར་ང་ཚོས་ག་འདྲ་བྱ་རྒྱུ་ཡིན། གནད་འགག་དེ་ག་བར་ཐུག་འདུག ང་ཚོའི་ཐོག་ནས་འགན་འཁུར་རྒྱུ་ག་རེ་འདུག འོས་བསྡུ་ཆེན་མོ་ཡིན་ནའང་འོས་བསྡུའི་སྒྲིག་གཞིའི་ཐོག་ག་རེ་གནང་རྒྱུ་འདུག མི་མང་གི་ཐོག་ནས་ཡིན་ནའང་ཡ་རབས་བཟང་སྤྱོད་ཐོག་ག་རེ་གནང་རྒྱུ་ཡོད་པ་རེད། དེ་ཚོའི་ཐོག་ལ་དགོངས་པ་ཆེན་པོ་བཞེས་པའི་ཐོག་ནས་མ་འོངས་པར་དེ་འདྲ་མི་ཡོང་བར་ང་ཚོས་འགན་འཁུར་དགོས་པ་རེད་བསམ་གྱི་འདུག ད་ལན་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་གནང་བའི་སྐོར་ནས་ཞུས་ཚར་བ་ཡིན། ༧གོང་ས་མཆོག་དགོངས་པ་མ་དྭངས་བར་དུ་ང་ཚོ་ཚང་མ་དང་དམིགས་བསལ་གྱིས་བཀའ་ཤག་འདིའི་ཐོག་ནས་དགོངས་པ་འཚོམས་དགོས་དོན་དེ་ག་རེ་རེད། དཔེར་ན། གོང་དུ་ཞུས་པ་ལྟར་འཕྲོད་བསྟེན་ཐོག་ནས་སྔོན་འགོག་དང་སྐྱོ་བོ་ཉམ་ཐག ཡ་རབས་བཟང་སྤྱོད་བཅས་སྤྱི་ཡོངས་ཀྱི་ཐོག་ལ་འགན་འཁུར་བའི་ཐོག་ནས་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་དང་། གཙོ་ཆེ་ཤོས་བཀའ་སློབ་ལམ་སྟོན་གནང་བཞག་པ་དེ་སེལ་ཐབས་བྱ་རྒྱུ་ནི་ང་ཚོ་ཚང་མའི་རྩ་ཆེ་བའི་འགན་རེད། ད་ལན་གྱི་བཀའ་ཤག་གི་ཐོག་ནས་གྲ་བསྒྲིག་གི་ཡིན་ལ། ལོ་གསུམ་གྱི་ནང་གྲུབ་འབྲས་སྨིན་ཐུབ་པར་གྲ་བསྒྲིགས་པ་དེར་མ་འོངས་བཀའ་ཤག་གིས་ཏན་ཏན་འགན་འཁུར་བྱ་ངེས་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།
བློ་བཟང་སེང་གེ་མཆོག་གིས་བོད་རྒྱའི་གནད་དོན་སྐོར་གསུངས་དོན། ཉེ་ལམ་རྒྱལ་སྤྱིའི་ཚགས་པར་ནང་རྒྱ་ནག་གི་གནས་སྟངས་ཐོག་ལ་ཁ་ཕྱོགས་འགྱུར་འགྲོ་བཞིན་ཡོད་པ་རེད། ཁ་ཕྱོགས་འགྱུར་བ་ཆེ་ཤོས་ཤིག་ག་རེ་འདུག་ཟེར་ན། དེ་སྔོན་ལོ་ ༢༥ རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་རྒྱ་ནག་གི་ཁྲོམ་རྭ་གལ་ཆེན་པོ་ཆགས་ཏེ་རྒྱ་ནག་ལ་མཐོང་ཆེན་པོ་བྱས་པ་རེད། དེ་ལ་བརྟེན་ཏེ་རྒྱ་ནག་གི་ཆབ་སྲིད་ཐོག་ལའང་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། ཉེ་ལམ་ Wall Street གསར་ལམ་སྟེང་ལ་ ༢༠༡༥ ལོར་རྒྱ་ནག་གི་དཔལ་འབྱོར་འདས་པའི་ལོ་ ༢༥ རིང་གི་དམའ་ཤོས་དེ་ཆགས་འདུག དེར་བརྟེན། རྒྱ་ནག་ལ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འཐོན་བཞིན་ཡོད་པ་རེད། དཔལ་འབྱོར་ཉམས་རྒུད་དེ་ལ་བརྟེན་ཏེ་རྒྱ་ནག་ནང་ག་རེ་ཆགས་ཀྱི་རེད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ག་རེ་ཆགས་ཀྱི་རེད།
ཆབ་སྲིད་ཐོག་ནས་ཀྱང་རྒྱ་ནག་ནང་འཁྲུག་ཆ་ཆེ་རུ་འགྲོ་བཞིན་འདུག སྤྱིར་བཏང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དབང་ཆ་ཚང་མ་འཇུས་ཡོད་པ་རེད་ཟེར་གྱི་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གི་ཚོགས་འདུ་ཆེན་པོ་ཞིག་གི་སྟེང་དུ་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གྲངས་ཉུང་མི་རིགས་ལ་འགན་འཁུར་མཁན་ཡུ་ཀྲིང་ཧྲིན་གྱིས་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱས་པ་ཚགས་པར་ནང་འཐོན་ཡོད་པ་རེད། ཁོ་རྒྱ་ནག་གི་མགོ་ཁྲིད་མཐོ་ཤོས་བདུན་ནང་གི་གཅིག་རེད། དེ་ག་རེ་རེད་ཟེར་ན། དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པར་བརྟེན་ཏེ་ཆབ་སྲིད་འཁྲུག་ཆ་ཆེ་རུ་འགྲོ་བཞིན་ཡོད་པ་རེད་དམ། གང་ཡིན་ཟེར་ན། ༢༩༡༧ ཟླ་ ༡༡ པའི་ནང་རྒྱ་ནག་གི་མགོ་ཁྲིད་བརྗེ་བོ་རྒྱག་གི་ཡོད་པ་རེད། ད་ལྟ་གནས་ཚུལ་འཐོན་སྟངས་བྱས་ན། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་མུ་མཐུད་གནས་རྒྱུ་ཡིན་པ་དང་། དེ་མིན་གྱི་མགོ་གཞན་ ༥ དེ་འགྱུར་བ་འགྲོ་རྒྱུ་རེད། དེ་དག་གི་ཚབ་ཏུ་སུ་དང་སུ་ཕེབས་རྒྱུ་རེད། སྐབས་དེར་བོད་དོན་ཐོག་ལ་འགྱུར་བ་འགྲོ་རྒྱུ་རེད་དམ་མ་རེད་ཟེར་ནས་དྲི་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་རེད།
དཔེར་ན། བོད་པའི་སྐུ་ཚབ་དང་པོ་ཕེབས་པ་ཏེ་ཏུན་ཞོ་ཕིན་གི་སྐབས་རེད། རིག་གནས་གསར་བརྗེ་རྗེས་སུ་ཏིན་ཞོ་ཕིན་ལ་སྐུ་དབང་ཆ་ཚང་རག་པ་དང་། དེ་ནས་ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་བོད་པའི་སྐུ་ཚབ་རྒྱ་ནག་དང་བོད་ནང་ཕེབས་ཐུབ་པ་བྱུང་བ་རེད། དེ་བཞིན། བོད་པའི་སྐུ་ཚབ་རིམ་པ་གཉིས་པ་དེའང་རྒྱ་ནག་གི་སྲིད་འཛིན་ཅིང་ཙེ་མིན་ལས་ཡུན་གཉིས་པའི་སྐབས་ལ་རྒྱ་ནག་ཏུ་ཕེབས་ཐུབ་པ་བྱུང་བ་རེད། དེར་བརྟེན། ༢༠༡༧ ལོར་རྒྱ་ནག་གི་སྲིད་འཛིན་སྲིད་བློན་ལས་གཞན་པའི་མགོ་ཁྲིད་ལྔ་དེ་བརྗེ་བོ་རྒྱག་གི་ཡོད་སྟབས། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། ཁོ་རང་གི་ལས་ཡུན་གཉིས་པའི་སྐབས་ལ་བོད་རྒྱ་འབྲེལ་མོལ་བསྐྱར་དུ་མཐུད་ཐུབ་དང་མི་ཐུབ་སོགས་གནད་འགག་ཏོག་ཙམ་ཡོད་པའི་ཆབ་སྲིད་ཀྱི་འགྱུར་བ་ཐེབས་ཀྱི་ཡོད་པའི་རྣམ་པ་འདུག
ང་རང་རྒྱལ་སྤྱིའི་ཚོགས་འདུ་དེ་འདྲ་ཕྱིན་སྐབས། རྒྱལ་སྤྱིའི་ནང་གི་གླེང་སློང་ཆེ་ཤོས་ར་ཤི་ཡའི་སྟེང་ལ་ག་རེ་གནང་གི་ཡིན་པ་དང་། སེ་རི་ཡ་དང་ཨེ་རག་ནང་གི་ཨ་ཨེ་སི་(ISIS)སྟེང་ལ་ག་རེ་གནང་གི་ཡིན་པ། རྒྱ་ནག་ཐོག་ག་རེ་གནང་གི་ཡིན་པ་བཅས་གནད་དོན་ཆེ་ཤོས་གསུམ་ལ་དམིགས་ཏེ་རྒྱལ་སྤྱིའི་ཐོག་བགྲོ་གླེང་ཆེན་པོ་ཞིག་འགྲོ་བཞིན་འདུག དེར་བརྟེན། ༢༠༡༧ དང་ ༢༠༡༨ སོགས་ལ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གཟིགས་སྟངས་ཀྱི་ཁ་ཕྱོགས་ལ་འགྱུར་བ་འགྲོ་དང་མི་འགྲོའི་ཐོག་ལ་བསམ་ཚུལ་ཞིག་ཡོང་གི་ཡོད་པ་རེད། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ས་མཚམས་གྱི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུའང་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་རེད། དཔེར་ན། འབར་མའི་ཨང་སིན་སུ་ཀེ་ཡི་ཆབ་སྲིད་ཚོགས་པར་གྲོས་ཚོགས་ནང་ཞབས་སྟེགས་མང་ཤོས་ཐོབ་ཡོད་པ་རེད། ཐའེ་ཝན་གྱི་སྲིད་འཛིན་གསར་པ་ཚའེ་ཡིན་ཝིན་གྱིས་ཕྱི་ཟླ་ལྔ་པའི་ནང་དམ་བཅའ་འབུལ་བཞིན་ཡོད་པ་རེད། ༢༠༡༧ ལོར་ཧོང་ཀོང་ལའང་ཆབ་སྲིད་འཁྲུག་པོ་ཆགས་ཀྱི་རེད་བསམ་གྱི་འདུག དེ་དག་ཚང་མ་ལ་བལྟས་ཡོང་ན་བོད་པ་ལ་གོ་སྐབས་ཡོང་གི་ཡོད་དང་མེད། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོའི་ནང་དུའང་སྤྱི་ཡོངས་གནས་སྟངས་ལ་བསྐྱར་ཞིབ་བྱེད་དགོས་མིན་ཐོག་བགྲོ་གླེང་ཆེན་པོ་ཡོང་མིན་སོགས་ལའང་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་རེད། ཅེས་སོགས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
མཆན་འགོད་རྣམས། རིན་ཐང་མེད་ཅིང་ཕྱོགས་སུ་ལྷུང་བའི་མཆན་འདི་དག་ལ་ལྟས་སྐབས་རང་ཡུལ་དགྲ་ལག་ཤོར་བའི་རྒྱུ་རྐྱེན་གསལ་ལྷམ་མེར་ཤེས་ཐུབ། འོན་ཀྱང་རྣམ་དཔྱོད་ཅན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་ཡོན་དང་ལྷག་བསམ། སྙིང་སྟོབས་བཅས་ལ་ལྟས་ན་ཐ་ཤལ་བ་དོན་མ་གོ་རེ་ཟུང་གི་བྱེད་བབ་ཀྱིས་གཡོ་འགུལ་ག་ལ་ཐུབ། དེས་ན་བསམ་པ་ངན་པའི་མཆན་འགོད་གཞན་ལ་གྱིས་དང་སྦྱོར་བ་རྩུབ་མོ་རང་ལ་འཁོར་དང་འཁོར་བ་གདོན་ཟའོ།། ཧཧཧཧ།
སྲིད་སྐྱོང་སློབ་སངས་འདིས་ཡ་རབས་བཟང་སྤྱོད་ཉམ་རྒུད་དུ་ཕྱིན་ཚུལ་གླེང་སྐབས། ཁོ་རང་ཉིད་དེའི་ནང་དུ་གླེང་མི་འདུག འོས་བསྡུའི་སྔོན་དུ་ཁོས་འོས་ཤོག་གི་ཆེད་དུ་སྡིགས་པ་མིག་བཙུམ་བྱས་པའི་མཇུག་འབྲས་མཐོང་གསལ་རེད།
༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་འབངས་སེར་སྐྱ་མང་ཚོགས་ཡོངས་ལ་བླང་དོར་བཀའ་སློབ་ལམ་སྟོན་ཆུ་གླང་རྩ་ཚིག་ཆེན་མོ་ཟེར་བ་ཞིག་གནང་མྱོང་བ་དེ། མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་རིན་པོ་ཆེ་ཞིག་ལ་ངོས་འཛིན་གནང་མཁན་མང་པོ་བྱུང་ཡོད། རྒྱུ་མཚན་ནི་བླང་དོར་བཀའ་སློབ་ལམ་སྟོན་དེ་བཞིན་ལག་ལེན་དོན་འཁྱོལ་མ་བྱུང་བས། རྒྱལ་བའི་བཀའ་ཆད་དཀར་མིན་ལས་ཀྱི་འབྲས་བུ་དོན་དུ་སྨིན་ནས་བོད་བསྟན་སྲིད་མི་རིགས་ཀྱི་གནས་བབས་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་བ་མཐོང་ཆོས་སུ་གྱུར་ཡོད། དེང་གི་དུས་འདིར་ཡང་བོད་འབངས་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་ཉེ་ཆར་སྨན་རྩིས་ཁང་གི་དུས་དྲན་སྐབས། ༧རྒྱལ་བ་དོན་གྱི་བདག་པོས་ཐུགས་ཕམ་དང་ཐུགས་ཚབ་སྒོས་གནང་བའི་བླང་དོར་བཀའ་སློབ་རིན་པོ་ཆེ་དེ་ཚུལ་བཞིན་མ་བརྩིས་ཚེ། འདི་ནི་གོང་བཞིན་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་གལ་ཆེན་ཞིག་ཡིན་པས། ད་དུང་ཕྱི་རྫིག་ནང་སྟོང་གི་རྣམ་པ་འདྲ་ཆག་པོ་ཞིག་བྱས་བསྡད་ཚེ། མ་འོངས་པར་བོད་འབངས་ཚོའི་མདུན་ལམ་དེ་སོག་མའི་ཕོན་པོའི་འོག་གི་ཆུ་དོང་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ལ་ཐེ་ཚོམ་མེད། མཐའ་དོན་ཆོས་བརྒྱུད་མིང་ཐོག་ནས་སྤྱི་བའི་འཐུས་མི་རུ་ཕེབས་ཀྱང་དོན་དུ་ཆོལ་ཁའི་ཞེན་ཁོག་དང་འཐེན་འཁྱེར་གྱིས་དཀྲུག་ཤིང་གི་ལས་ཁོ་ན་སྒྲུབ་མཁན་ད་ཡོད་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་ཆོས་ཀྱི་ཉམས་ལེན་མ་ཐུབ་ཀྱང་ཆོས་བཞིན་དགོངས་པ་ཟབ་བཞེས་གནང་དགོས་པའི་དུས་ལ་བབ་འདུག་པའི་དྲན་སྐུན་ཤུགས་དྲགས་དང་བཅས། །
ནེའུ་ཡོག་གསར་ཁང་གིས་བཀོད་པ་ལྟར་ན།བོད་རིགས་བཀྲ་ཤིས་ཟེར་བ་ཞིག་རྒྱ་ནག་གིས་འཛིན་བཟུང་བྱས་པའི་གནས་ཚུལ་སྐོར་གཤམ་གྱི་དྲ་ཐག་ནས་ཤེས་པར་གྱིས།
http://mobile.nytimes.com/2016/03/31/world/asia/china-tibet-tashi-wangchuk.html
དུས་བབ་ཚང་གི་གསར་འགྱུར་ལ་མཆན་འགོད་དུས་མིང་དང་དྲ་བྱང་ཡང་ཡང་འབྲི་དགོས་པའི་དཀའ་ངལ་ཤིན་ཏུ་ཆེ་སྟབས། མཆན་ཞིག་འབྲི་བར་དཀའ་ལས་གང་ཙམ་འདུག འདི་སྐོར་ལ་དྲ་ཚིགས་བསྐྱར་སྒྲིག་འདྲ་བྱེད་ཐུབ་ཀྱི་ཡོད་ཚེ་བྱ་རོགས། ྒ
སྲིད་སྐྱོང་གིས་སྔོན་མའི་འོས་བསྡུ་སྐབས།༢༠༡༢ལོར་ ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན། རྒྱ་ནག་གི་སྲིད་འཛིན་སོགས་འོས་བསྡུ་བྱས་ཏེ་གཞུང་འཛིན་ཚོགས་པར་འཕོ་འགྱུར་འགྲོ་ཡི་སྟབས། བོད་ཀྱི་གནད་དོན་ལ་འགྱུར་ལྡོག་ཏན་ཏན་འགྲོ་ཡི་རེད་ཅེས་ཞལ་རྫུན་གནམ་མཁར་མི་ཤོང་བ་ཞིག་གསུངས་ནས་་མི་མང་ལ་མགོ་བཏང་བ་རེད། ཁོས་བཤད་པ་ལྟར་འཕོ་འགྱུར་གང་ཡང་བྱུང་མེད།
ད་ཐེངས་ཀྱང་ཁོས་འོས་བསྡུ་གཏམ་བཤད་དང་བགྲོ་གླེང་སྐབས།ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཆ་ཚང་བརྟན་བརླིང་ངང་བཟུང་རྗེས་ཞི་དམར་ཤོག་སྲིད་གཞུང་གིས་བོད་ཀྱི་གནད་དོན་གྲོས་མོལ་ཏག་ཏག་ཡོང་གི་ཡོད་ཅེས་མི་མང་ལ་ཞལ་རྫུན་ཐེངས་གཉིས་པའི་མཇུག་རྗེས་མ་ཐོན་ཡོང་གི་རེད། ཡིན་ནའང་ཞི་ཡི་དམར་ཤོག་ཚོགས་པའི་དབང་ཆ་ཡོད་ཚད་བཟུང་ཡོད་དོ།་སྲིད་སྐྱོང་ལགས།
མིག་སྔར་རྒྱ་ནག་ལ་བོད་ཀྱི་གནད་དོན་ལྷག་པའི་གནད་དོན་མང་པོ་ཡོད་པ་རེད། དཔེ་མཚོན་ཙམ་ཞུ་ན།རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་གནམ་གཤིས་འབག་ཙོག ལས་མེད་ཀྱི་གྲངས་འབོར་ཡར་འཕར་བ།འཐུང་ཆུ་དཀའ་ངལ། མཚོ་གླིང་གི་རྩོད་རྙོག སོགས་མང་པོ་ཡོད་པས་དཀའ་ངལ་དག་ལ་གདོང་ལེན་བྱ་དགོས་ཆགས་ཡོད།
། ༸གོང་ས་མཆོག་གིས་འཐུས་ཤོར་འགྲོ་བཞིན་པ་གསལ་པོ་གསུང་མེད་ན་སྲིད་སྐྱོང་མཆོག་གིས་ངོས་ལེན་རྩ་བ་ནས་གནང་ཡོད་པ་མ་རེད། ཡིན་ནའང་། ད་དུང་ཚིག་འདི་ལ་བལྟས་ན་སྔ་མའི་ལས་དོན་ལ་ཞིབ་ཚགས་པོ་ཡོད་པའི་སྲོལ་ཅིག་གསུངས་འདུག གཅིག་བྱས་ན་ང་སློབ་སྦྱོང་མེད་པས་ཀྱང་ཡིན་སྲིད།
གཞན་ད་དུང་མི་འཚམས་པ་རེ་གཉིས་འདུག་ཏེ་ངལ་བར་མི་བྱ།
སློབ་བཟང་སངས་རྒྱས།
སློབ་བཟང་སངས་རྒྱས།
སློབ་བཟང་སངས་རྒྱས།
སློབ་བཟང་སངས་རྒྱས་ཀྱི་ཆབ་སྲིད་སློབ་སྟོན་པ་སྨོན་ལམ་མཐར་ཕྱིན་དང་བསྟན་པ་མར་འཕེལ། འབའ་པ་སྐལ་བཟང་སོགས་རེད། ད་ནས་སློབ་བཟང་སངས་རྒྱས་རང་ཉིད་ལ་རང་ཚུགས་ཤིག་མེད་ན་ཁོ་པའི་སློབ་སྟོན་པ་མི་ངན་དེ་དག་གིས་སློབ་བཟང་སངས་རྒྱས་གཡང་ལ་གཡུགས་རྒྱུ་ཁོ་ན་མ་གཏོགས། ཁོང་ཚོས་སློབ་བཟང་སངས་རྒྱས་སྐྱོབ་ཐབས་མེད་པ་རེད།
མ་ཚད་ད་བར་འཐུས་ཤོར་གང་མང་བཏང་བར་བརྟེན། ད་ནས་སློབ་བཟང་སངས་རྒྱས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཙམ་ཡང་རག་གི་མ་རེད།
ཁོང་ནི་ང་ཚོའི་སྲིད་སྐྱོང་རེད་ཡ།
སྲིད་སྐྱོང་སློབ་བཟང་སངས་རྒྱས་རེད་ཡ།
སློབ་བཟང་སངས་རྒྱས་ཡ།
སློབ་བཟང་སངས་རྒྱས།
ཁྱོད་ནི་སྲིད་སྐྱོང་རེད་ཡ།
སློབ་བཟང་སངས་རྒྱས།
གང་ལྟར་འུར་དེ་ཙམ་མ་བརྒྱབ་པར་སེམས་པ་རྣམ་དག་གིས་དཀའ་ངལ་ཕྲད་ཡོད་པ་དག་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཐུབ་ན་བཟང། འདས་ཟིན་པའི་ལས་ཀའི་ནང་འཐུས་ཤོར་ཕྱིན་ཡོད་ནི་རང་ཉིད་ཀྱིས་ཁས་མ་བླངས་ཀྱང་མི་མང་གིས་གསལ་བོར་མཐོང་ཡོད།
༧གོང་ས་མཆོག་ནས་བཀའ་ནན་པོ་མ་ཕེབས་བར་ཉམ་ཐག་གི་ཚོགས་ཆུང་རྙིད་ཤོར་བ་རེད་བས ?
ངས་གོ་འཐུས་ལ་བ་ཡུལ་འཕགས་ཤིང་ས་གནས་དམངས་གཙོའི་སྒྲིག་འཛུགས་ལམ་ལུགས་དེ་འཛིན་སྐྱོང་བཀའ་ཤག་ནས་
ཡར་ཙི་གཞེས་གནང་བ་དེ་གསར་གཏོད་རེ་བས་?
སློབ་བཟང་སངས་རྒྱས་ཀྱིས་རྒྱ་གར་སྐོར་གསུངས་པ་དེ་མང་ཚོགས་ལ་མགོ་སྐོར་གཏོང་བྱེད་ཙམ་རེད། སྐད་ཆ་འདི་ཉེ་ལམ་ཁོ་རང་སྲིད་སྐྱོང་འོས་མིར་ལངས་སྐབས་མང་ཚོགས་ལ་བཤད་པའི་གཏམ་བཤད་དེ་དག་རེད། ནང་དོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས་ལ་བོད་རྒྱ་འབྲེལ་མོལ་ཡོང་གི་རེད་ཟེར་བ་དེ་རེད། གཉིས་པའི་ཆ་ནས་རྒྱ་ནག་ལ་དཔལ་འབྱོར་ཉམས་ཆགས་སུ་སོང་སྟེ་རྒྱ་ནག་གཞུང་རྦོ་ལུག་གི་རེད་ཟེར་བ་དེ་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་ཀྱི་རིག་གཞུང་རེད། སྐད་ཆ་འདིའི་ཐོག་ནས་སློབ་བཟང་སངས་རྒྱས་ཀྱི་ཆབ་སྲིད་རྒྱབ་བརྟེན་ཏེ་ཁོ་རང་ཚོ་ཡིན་པ་ཁ་ཇེ་གསལ་དུ་འགྲོ་བཞིན་འདུག