མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནང་སྲིད་བཀའ་བློན་དུ་བསྐོ་ན་ལེགས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་གོང་ཚང་བསྟན་འཛིན་གྲགས་པ།

ཕྱི་ཟླ་ ༣ ཚེས་ ༢༠ ཉིན་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིས་ ༢༠༡༦ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་ཚད་ལྡན་གྱི་འོས་ཤོག་ཅི་འཕེན་གྱི་གྲངས་ཐོ་གང་ལ་གང་འཚམ་ཐོན་ཟིན་ཡོད་འདུག ཡིན་ནའང་དབུས་འོས་བསྡུ་ལས་ཁུངས་ནས་གཞུང་འབྲེལ་གྱི་ཁྱབ་བསྒྲགས་དེ་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་སྤེལ་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་དངོས་གཞིའི་འོས་བསྡུའི་ནང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་ ༣༧༤༡༩ དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་ ༢༧༥༥༢ ཐོབ་ཡོད་འདུག ད་སྔའི་མིག་འོས་གྲངས་དེ་གཉིས་བར་འོས་ཤོག་ ༩༨༦༧ ཧེ་བག་ཡོད་ཀྱང་དོན་དངོས་ལ་དེ་ལྟར་མིན། དངོས་གཞིའི་འོས་བསྡུའི་ནང་འོས་མི་གཉིས་ཁོ་ནའི་བར་འཐབ་རྩོད་ཡིན་པ་དང་། དེའང་མི་མང་ནས་འོས་ཤོག་ཅི་འཕེན་གྱི་གྲངས་ཐོ་དེ་འོས་ཤོག་འཕེན་མཁན་དེབ་སྐྱེལ་ཟིན་པ་ལས་ཤེས་ཐུབ་པ་ཡིན། དེས་ན་འོས་མི་གཉིས་ནས་ཚད་ངེས་ཅན་གྱི་འོས་ཤོག་འཕེན་མཁན་ལས་འོས་གྲངས་ཅི་མང་ཐོབ་པ་བྱ་རྒྱུ་དེ་ཡིན།

དེ་ལས་བྱུང་བའི་འོས་མི་གཉིས་པོར་འོས་ཤོག་ཅི་ཐོབ་གྱི་ཁྱད་པར་དེ་འོས་མི་གཉིས་ལ་ཐོབ་པའི་འོས་གྲངས་ཁྱོན་སྡོམ་ཆ་གཉིས་སུ་བགོས་པའི་གྲངས་ཚད་དེ་ལས་ཁྱད་པར་བརྩི་དགོས་པ་ཡིན། འོས་མི་རྣམ་པ་གཉིས་པོར་ཁྱོན་སྡོམ་འོས་ཤོག་ ༣༧༤༡༩+༢༧༥༥༢=༦༤༩༧༡ ཐོབ་ཡོད། འབོར་ཚད་དེ་ཆ་གཉིས་སུ་བགོས་པའི་ཚད་ནི་ ༦༤༩༧༡÷༢=༣༢༤༨༥་༥ ཡིན། འོས་མི་གཉིས་པོ་སུ་ལའང་ཚད་གཞི་འདི་ལས་མང་བའི་འོས་ཤོག་ཐོབ་པ་དེ་ནི་རྒྱལ་བ་ཡིན། དེས་ན་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་ ༤༩༣༣་༥ མང་བ་དང་། སྤེན་པ་ཚེ་རིང་ལ་དེ་བཞིན་ཉུང་བ་ཐོབ་ཡོད། གྲངས་ཚད་དེའི་ཁྱད་པར་གྱིས་འོས་མི་གཉིས་བར་སུ་རྒྱལ་སུ་ཕམ་བྱེད་པ་དེ་ཡིན།

སྔོན་འགྲོའི་འོས་ཤོག་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་ཤོག་བརྒྱ་ཆ་ ༦༨ ཐོབ་ཡོད་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་བརྒྱ་ཆ་ ༢༦ མ་གཏོགས་ཐོབ་མེད། ཡིན་ནའང་དངོས་གཞིའི་འོས་བསྡུའི་སྐབས་འོས་མི་གཉིས་པོ་ཁོ་ནའི་དབར་འཐབ་རྩོད་ཡིན་སྟབས། རྒྱ་ཆེ་མི་མང་ནས་སུ་ལ་འོས་འཕེན་དགོས་མེད་དེ་ལས་སླ་རུ་ཕྱིན་ཡོད།

དེའང་ཕན་ཚུན་རྣམ་པ་གཉིས་པོ་དབུ་མའི་ལམ་གྱི་ལངས་ཕྱོགས་གཟུང་མཁན་ཞིག་ཡིན་སྟབས་སུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཚགས་ཚུད་པ་དང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྣེ་འཁྲིད་ལེགས་པར་བྱེད་ཐུབ་པ་དེ་ཡིན་པ་རེད། ཇི་ཙམ་གྱིས་དངོས་གཞིའི་འོས་བསྡུའི་ཁྱབ་བསྒྲགས་དང་བགྲོ་གླེང་མང་བ་བྱས་པ་དེ་ཙམ་གྱིས་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ཡོད་འདུག དེ་ནི་དུས་དབང་ཕྱིར་འགྱངས་ཀྱི་གནད་དོན་གཅིག་པོ་མ་ཡིན་པར་མི་མང་ནས་སུས་འཇོན་པ་འདུག་སྔོན་དཔག་བྱས་ཡོད་ཚོད་འདུག

སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་མཆོག་དང་ཚོགས་གཙོ་རྣམ་གཉིས་དབར་འོས་གྲངས་བརྒྱ་ཆ་ ༤༢ ཧེ་བག་ཡོད་ཀྱང་དངོས་གཞིའི་འོས་བསྡུའི་སྐབས་བརྒྱ་ཆ་ ༩།༨ མ་གཏོགས་ཁྱད་པར་མི་འདུག དངོས་གཞིའི་འོས་མ་འཕངས་ཉིན་ཤས་སྔོན་ལ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བརྗོད་དོན། རང་ཉིད་ལ་སྲིད་སྐྱོང་ཆགས་པའི་སྐལ་པ་ཡོད་ན་ཆགས་པ་ཡིན། མེད་ན་མེད་པ་རེད་ཅེས་གསུངས་ཏེ་བསྡད་སོང་། གལ་ཏེ་མི་མང་ནང་རང་ཉིད་ཀྱི་ལས་འཆར་ཁྱབ་བསྒྲགས་དང་འབྲེལ་གཏུགས་སོགས་ཤུགས་ཆེ་ཙམ་གནང་ཡོད་ན་ཕལ་ཆེར་ ༢༠༡༦ སྲིད་སྐྱོང་དེ་ཁོང་ལ་ཐོབ་ཡོད་སྲིད་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བགྲོ་གླེང་གནང་བའི་རིང་ཚོགས་གཙོ་མཆོག་ནས་སྲིད་སྐྱོང་མཆོག་ལ་འཛེམ་མེད་ཀྱི་སྐྱོན་བརྗོད་དང་ནོར་འཕྲུལ་གསལ་སྟོན་བྱེད་པའི་གོ་སྐབས་ལན་འགའ་བྱུང་ཡང་ཚོགས་གཙོ་མཆོག་ནས་དེ་ལས་ལྡོག་སྟེ་རྒྱུན་ལྡན་གྲོས་ཚོགས་ནང་སྟངས་འཛིན་བྱེད་པ་ལྟར་བགྲོ་གླེང་ཞི་འཇམ་པོ་དང་མངོན་གསལ་དོད་པོ་ཡོངས་བ་གནང་སོང་།

རྣམ་པ་གཉིས་དབར་དངོས་གཞིའི་འོས་གྲངས་ལ་དེ་ཙམ་གྱི་ཧེ་བག་ཆེན་པོ་མི་འདུག་པ་མ་ཟད། ཕྱོགས་གཉིས་པོ་སྒེར་ངོས་ནས་སྲིད་སྐྱོང་གི་འོས་མིར་ལངས་ཡིན་པ་དང་། ཕན་ཚུན་ཡང་དབུ་མའི་ལམ་གྱི་ལངས་ཕྱོགས་གཟུང་མཁན་གཅིག་པ་ཡིན་སྟབས་བཀའ་ཤག་ནང་མཉམ་དུ་ཕྱག་ལས་གནང་བ་ཡིན་ན་འགལ་རྐྱེན་གང་ཡང་མེད་པ་ཡིན།

ལྷག་པར་དུ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཧ་ལས་པའི་མང་མོས་འོས་ཤོག་དེ་འདྲ་ཐོབ་མྱོང་མེད་ནའང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ནང་སྲིད་བཀའ་བློན་དུ་བསྐོ་གཞག་གནང་སྟེ་མང་མོས་ཀྱི་སྲིད་གཞུང་བཙུགས་པ་ཡིན་ན། མི་མང་ནང་མཐུན་སྒྲིལ་ཆེ་བ་ཡོང་རྒྱུ་མ་ཟད་བོད་ཀྱི་བདེན་མཐའ་གསལ་ཐབས་སུའང་ནུས་པ་དཔུང་འདེགས་བྱ་ཐུབ་པ་ཞིག་ཡོང་ངེས་ཡིན།

མཐའ་སྨོན།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་གཞི་རྟེན་སྲིད་སྐྱོང་བློ་བཟང་སེང་གེའི་སྲིད་གཞུང་གསར་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ།

དྲན་ཐོ།

༢༠༡༦ སྲིད་སྐྱོང་ཀྱི་དངོས་གཞི་འོས་གྲངས་དེ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེའི་རྒྱབ་སྐྱོར་བའི་དྲ་རྒྱའི་ངོ་དེབ་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 7

  1. ཤམ་བྷ་ལའི་ཕོ་ཉ། says:
    ལོ་ 10 སྔོན།

    ཚོགས་གཙོ་མཆོག་ནང་སྲིད་བཀའ་བློན་དུ་བསྐོ་ན་རྒྱ་རི་སྒྲོལ་མ་ཧུར་པོ་དེ་ལས་སྣེ་ག་རེ་བསྐོ་བཞག་བྱེད་དགོས་རེད་དམ།
    ངས་བསམ་ན་སྤེན་ཚེ་ལགས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཙང་རྒྱ་བོད་བགྲོས་མོལ་གྱི་སྐུ་ཚབ་བམ་ཡང་ན་དེའི་ཕྱོགས་ཕྱག་ལས་གནང་མཁན་གྱི་དབུ་ཁྲིད་འགན་འཛིན་ཞིག་བཞག་ན་ལེགས་པ་མཐོང་།།

    Reply
  2. chacha says:
    ལོ་ 10 སྔོན།

    མི་དམངས་ཀྱི་རྒྱབ་སྐྱོར་ཡོད་པའི་༢༠༡༦ལོར་སྲིད་སྐྱོང་ནི་སེང་གེ་རེད།དེ་ལ་བཀྲ་ཤིས་བདེ་ལེགས་ཞུ།ཡིན་ན་དྲེགས་པའི་ལྷ་དང་ཀླུ་བདུད་འདྲ་བའི་འདོད་ཆགས་དང་ཞེ་སྡང་གཏི་མུག་ལྗིད་པོ་ཡོད་པའི་ཕྱོགས་ལྷུང་ཅན་གྱི་མི་རེ་ཟུར་གྱི་སེང་གེ་ཁོང་ལ་གོ་སྐབས་འཚལ་ནས་ནག་ཉེ་བཟོ་མི་སྲིད་པ་མིན།

    Reply
  3. བསྟན་འཛིན་ཚེ་མཚོ། says:
    ལོ་ 10 སྔོན།

    ནམ་ཡང་བློ་སེང་འོག་ཏུ་ལས་ཀ་བྱེད་ན་གཡོ་སྒྟུ་དང་། རྫུན་སྒྲིག ལྐོག་བཟའ་བཅས་བྱེད་དགོས་པས། ཚད་ལྡན་དབུ་ཁྲིད་སྤེན་ཚེ་མཆོག་གཏན་དུ་དེ་འདྲ་ཞིག་གི་འོག་ནས་ལས་ཀ་བྱེད་མི་སྲིད།

    Reply
  4. ཐོས་པ་དགའ། says:
    ལོ་ 10 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནང་སྲིད་བཀའ་བློན་དུ་བསྐོ་བཞག་བྱེད་རྒྱུའི་བློ་ཁོག་ཅིག་སྲིད་སྐྱོང་ལ་ཡོད་མི་སྲིད་པ་ཞིག་རེད།
    གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་། ཁོའི་མཐའ་འཁོོར་གྱི་མི་དེ་ཚོས་ཡང་དཀྲུག་གི་རེད།

    Reply
  5. དཀར་མེ། says:
    ལོ་ 10 སྔོན།

    ད་ལྟ་རྡོག་རྩ་གཅིག་སྒྲིལ་ལས་ཕྱོགས་འཐེན་བྱེད་པའི་སྐབས་མ་རེད། ༸གོང་ས་མཆོག་གིས་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་བོད་རིགས་ནང་ཁུལ་མཐུན་སྒྲིལ་དང་། ཆོས་རྒྱུད་ཕན་ཚུན་བར་མཐུན་སྒྲིལ་གྱི་མཛད་པ་བསྐྱངས་ནས་རྒྱལ་ཁའི་ངང་ལ་སླེབས་ཡོད་པ་དེ། ད་ལྟ་བསམ་ཤེས་མེད་པའི་མི་ངན་རེ་ཟུང་གིས་ནག་གསུབ་གཏོང་ཉེན་ཡོད་པས་གང་གཟབ་དགོས།

    Reply
  6. བདེན་པའི་རྒྱབ་ལངས། says:
    ལོ་ 10 སྔོན།

    ད་ཁྱེད་རང་ལ་མ་ཉལ་གོང་ནས་རྨི་ལམ་གཏོང་གི་ཡོད་པ་འདྲ་གང་དྲན་དྲན་ཞིག་བྲིས་ནས་བུད་ཐལ།

    Reply
  7. Sonam Tsering says:
    ལོ་ 10 སྔོན།

    ཧཧཧཧཧཧཧཧཧཧ། ཨུ་ཐུག་ཡོད་པར་བརྟེན། སྤེན་ཚེས་ཀྱང་ངོས་ལེན་བྱེད་སྲིད་པ་རེད། དེ་ཚོ་ཡག་པོ་འདྲ་པོ་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། བློ་སེང་གི་ཇུས་ཡིན་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese