མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚིག་མཛོད་འདིས་མ་འོངས་པར་ང་ཚོའི་ནང་དོན་རིག་པར་ཞེ་དྲགས་ཕན་གྱི་རེད་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལོ་འཁོར་ཚོགས་འདུ་ཐེངས་བཞི་བ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་རེད།

IMG_0864དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལོ་ ༩ ལས་འཆར་གྱི་ལོ་འཁོར་ཚོགས་འདུ་ཐེངས་བཞི་བ་དེ་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་གཙོས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་སྡེ་ཚན་ ༢༠ ཡི་རྩོམ་སྒྲིག་པ་རྣམ་པ་བཅས་ཁྱོན་མི་གྲངས་ ༥༠ མ་ཟིན་ཙམ་འཛོམས་འདུག

ཚོགས་འདུའི་སྟེང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ངོ་སྤྲོད་དང་འབྲེལ། ད་ལན་གྱི་ཚོགས་འདུ་ཐེངས་ ༤ བའི་ལས་གཞིའི་སྐོར་ནས། དེ་རིང་ང་ཚོ་འདི་གར་འཚོགས་བཞིན་པ་འདི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་བ་དེ་ཆགས་ཀྱི་ཡོད་པ་དང་། ད་རེབ་ཀྱི་ཚོགས་འདུ་ཐེངས་བཞི་བའི་སྟེང་སྤྱིར་བཏང་ང་ཚོར་རྩོམ་སྒྲིག་སྡེ་ཚན་ཁག་ ༣༠ ཙམ་ཡོད་པའི་གྲས་ཀྱི་རྩོམ་སྒྲིག་སྡེ་ཚན་ཁག་ ༢༠ ཡི་རྩོམ་སྒྲིག་མི་སྣ་སུམ་ཅུ་སོ་གྲངས་ཤིག་ཕེབས་ཡོད་པ་དང་། དེ་ཡང་གཙོ་བོ་ང་ཚོས་ལོ་སྔོན་མར་རྩོམ་སྒྲིག་ཟིན་པའི་བརྡ་ཆད་བསྡུ་ལེན་དང་། སྨོན་ལམ་ཚིག་མཛད་ཐོན་རིམ་དང་པོའི་ནང་གཏོང་མ་ཐུབ་པའི་བརྡ་ཆད་ཁག་ལ་བསྐྱར་ཞིབ། དེ་བཞིན་སྨོན་ལམ་ཚིག་མཛད་རྩོམ་སྒྲིག་བྱེད་སའི་མཉེན་ཆས་གསར་བ་ངོ་སྤྲོད་གནང་སྟེ་རྩོམ་སྒྲིག་སྡེ་ཚན་སོ་སོར་བཏང་ནས་ཚིག་མཛོད་རྩོམ་སྒྲིག་སྐབས་སུ་ཞུ་དག་དང་། ཁ་སྐོང་། སྣོན་འཕྲི་སོགས་ཀྱི་སྐོར་ཡིན་པ་དང་། ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་གསར་བ་ཁ་ཅིག་ལ་ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ངོ་སྤྲོད་ཟབ་སྦྱོང་སྤྲད་དེ་ཚིག་མཛོད་རྩོམ་སྒྲིག་སྐབས་སུ་དཀའ་ཁག་ག་རེ་ཡོད་པ་དེའི་ཐོག་ལ་མ་འོངས་པར་ཐབས་ཤེས་ག་རེ་འཐེན་དགོས་པ་སོགས་ཡིན་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སྨོན་ལམ་ཚིག་མཛོད་ལ་མི་མང་པོས་དགའ་བོ་བྱེད་ཀྱི་ཡོད་པ་ལྟར་ཡག་པོ་ཞིག་གནང་བ་ཡིན་ན་ཕན་ཐོགས་ཞེ་དྲགས་ཡོད་སྐོར་གསུངས་དོན། ཁྱེད་རང་འདིར་ཉིན་གསུམ་རིང་ཚོགས་འདུ་ཚོགས་ཏེ། སྨོན་ལམ་ཚིག་མཛོད་ཆེན་མོ་ལ་བསྐྱར་ཞིབ་བྱས་ཏེ་ཐ་སྙད་གསར་པ་བཅུག་དགོས་ཀྱི་ཡོད་ན་རེད། བསྒྱུར་བཅོས་གཏོང་དགོས་ནའང་རེད། ང་ཚོར་སྔོན་ཆད་གང་ཡོད་པ་དེ་ཡིན་པ་བྱས་ཏེ་བཞག་པ་མ་གཏོགས་དེའི་སྐོར་ལ་བསམ་བློ་རྒྱ་ཆེན་པོ་གཏོང་བ་དང་། དེར་ཉམས་ཞིབ་བྱེད་པའི་ལམ་ལུགས་རྩ་བ་ཉིད་ནས་ཡོད་པ་མ་རེད། སྔོན་མ་གང་ཡོད་པ་དེ་རེད་སྐྱབས་སུ་མཆི་ཞེས་བཞག་པ་རེད། ད་ལྟ་གོང་དུ་གསུངས་བ་ལྟར་དུས་རབས་ཉེར་གཅིག་པའི་ནང་འགྲོ་ཡི་ཡོད་དུས་ཚང་མས་ཉམས་ཞིབ་བྱས་ཏེ། མ་ཉམས་རྒྱུན་འཛིན་ག་རེ་བྱེད་དགོས་ཀྱི་འདུག ཉམས་པ་སླར་གསོ་ག་རེ་བྱེད་དགོས་ཀྱི་འདུག གསར་གཏོད་ག་རེ་བྱེད་དགོས་ཀྱི་འདུག དེ་ཚོ་བགྲོ་གླེང་གི་ཐོག་ནས་གནང་བ་ཡིན་ན། ཚིག་མཛོད་འདིས་མ་འོངས་པར་ང་ཚོའི་ནང་དོན་རིག་པར་ཞེ་དྲགས་ཕན་གྱི་རེད་བསམ་གྱི་འདུག ཅེས་གསུངས་བ་དང་འབྲེལ། སྨོན་ལམ་ཚིག་མཛོད་ལ་མི་མང་པོས་དགའ་བ་དང་གུས་ཞབས་ཆེན་པོ་བྱེད་ས་ཞིག་རེད་ལ། དེ་མ་འོངས་པར་ཕན་ཆེན་པོ་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༧ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 1

  1. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 7 སྔོན།

    དགེ་བཤེས་སྨོན་ལམ་ལགས་ཀྱིས་ལོ་མང་རིང་དཀའ་ངལ་ཁྱད་དུ་བསད་དེ་རང་རེའི་མདུན་དུ་སྨོན་ལམ་ཚིག་མཛོད་ཅིག་ཁ་པར་དང་གློག་ཀླད་ནང་དུ་བཀོལ་སྤྱོད་དུ་གྱུར་ཡོད། ལོ་ཤས་རྗེས་སུ་ད་ལྟ་འུ་ཚོས་སྤྱོད་བཞིན་པའི་ཚིག་མཛོད་ལས་གྲ་རྒྱས་ཕན་སུམ་ཚོགས་པ་ཞིག་འོང་བར་གདོན་མི་ཟ་བ་ལགས་ན་ཚང་མའི་དགའ་བའི་གནས་སུ་འགྱུར་རོ། ཡི་རངས་བསྔགས་བརྗོད་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས་་་་་་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist