མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་རྒོལ་འོག་གི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཇེམ་སེ་གྷིར་ཕྷིཐ(James Griffiths)

ཆོས་སྒྲོན་གྱིས་བསྒྱུར།

tibettimes-1

“ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཚད་མཐོན་པོར་སོན་ཐུབ་པ་དེ་ནི་ལས་བཟོ་བ་རྣམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་མོད། དེང་གི་འཆར་ལས་བཟོ་བ་མང་པོས་འདོད་པ་མ་ཁེངས་པའི་ངོ་རྒོལ་ཀྱི་ལས་འགུལ་གང་ས་ནས་སྤེལ་བཞིན་པའི་ཁ་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དེར། རྒྱ་ནག་དབུས་གཞུང་གིས་ཉེན་ཁའི་ཕྱོགས་ཤིག་ཏུ་རྩི་བཞིན་ཡོད་པ་ལྟར། ད་ཆ་དུས་སུ་བབ་ཡོད་པར་སྙམ”

ཚོན་ཆ་ཐོག་པའི་ཉེན་རྟོག་པས་ཐོག་ནས་སྐོར་ཞིང་ལྟ་སྲུང་མི་སྣ་གཉིས་ཀྱིས་ཁྲིད་ནས་སྲུང་པའི་དམའ་རིམ་ལས་མི་བརྒྱད་པོ། ཁྲིམས་ཁང་ནས་ཟླ་བ་དྲུག་ནས་བརྒྱད་བར་བཙོན་འཇུག་གིས་ཁྲིམས་ཐག་གཅོད་སྐབས། ཁོང་ཚོ་བློ་ཕམ་ཆེན་པོས་མི་མང་ནང་དུ་གཅེར་གྱིན་བཅད་ཁྲར་ཉན་ནས་འདུག ཁོང་ཚོའི་ནག་ཉེས་ནི་ལས་ཀའི་གླ་ཕོགས་མ་སྤྲད་པར་ངོ་རྒོལ་བརྒྱབས་པས་རེད་ཟེར། དེ་ནི་རིག་གནས་གསར་རྗེ་སྐབས་ཀྱི་སྣང་བརྙན་དང་ཧ་ཅང་མཚུངས།

ཤིང་ཧཱ་གསར་འགྱུར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། གནས་སྡོད་མི་མང་བརྒྱ་ཕྲག་འགལ་བ་འདུ་འཛོམས་ཐོག་ལག་ཏུ་ “སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་ཚབ་ཆེན་བཏང་བའི་ནག་ཉེས”ཞེས་བྲིས་བའི་ཕྲེད་དར་རེ་བཟུང་སྟེ་སྐྱོན་བརྗོད་ངོ་རྒོལ་བྱས་པ་དང། དེ་བཞིན། ཁྲིམས་རྩོད་པ་དང་ཞུ་གཏུག་པ་དག་གིས་ཀྱང་མི་མང་དོན་ལྡན་གྱི་སྒོ་ནས་ལས་གླ་རྩོད་ལེན་ལ་ནུས་པ་བཏོན་དགོས་པ་དང་། དེ་དང་འབྲེལ་བའི་ཁྲིམས་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པའི་སྐོར་བརྗོད་འདུག

དེ་ནི་ཕྱི་ལོ་ ༢༠༡༦ ལོར་ཟི་ཁྲོན་མངའ་སྡེའི་ནང་ཐོན་པའི་གནས་ཚུལ་ཙམ་ཞིག་མ་ཡིན་པར། དུས་རབས་ཤིག་གི་མི་ལོ་བཞི་ཆ་གཅིག་གི་ནང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཚབ་ཆེན་དུ་འགྲོ་བཞིན་པའི་དུས་དེར། རྒྱ་ནག་དམར་ཤོག་རིང་ལུགས་པའི་ནང་ལས་མི་དང་བཟོ་གྲྭའི་གནད་ཡོད་མི་སྣའི་བར་གྱི་འབྲེལ་བ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བའི་ངན་ལྟས་ཤིག་ཀྱང་ཆགས་ཡོད་པ་རེད།

ལས་བཟོ་བའི་ངོ་རྒོལ།

Screen Shot 2016-04-04 at 1.23.52 PM

རྒྱ་ནག་ལས་མིའི་གསར་ཤོག་( CLB)ཞེས་པའི་ནང་གསལ་བ་ལྟར་ན་ཧོང་ཀོང་དུ་གནས་གཞི་བྱེད་པའི་ལས་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཞིབ་འཇུག་བྱས་པ་ལས། ལས་མི་ཚོར་གླ་ཕོག་མི་རག་པའི་དཀའ་ངལ་ལ་བརྟེན་ནས་རྒྱ་ནག་རྒྱལ་ཡོངས་སུ་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་པའི་ལས་མི་མཉམ་ཞུགས་ཀྱི་གྲངས་འབོར་ཕྱོགས་སྡོམ་ལས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༣ བར་དུ་ལས་འཚམས་འཇོག་པའི་ངོ་རྒོལ་ཐེངས་ ༡༢༠༠ ཙམ་བརྒྱབས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནང་ལས་འགུལ་ཐེངས་ ༡༣༠༠ ཙམ་སྤེལ་བ་དང་། ཕྱི་ལོ་ ༢༠༡༥ ནང་ལས་འགུལ་ཐེངས་ ༢༧༠༠ སྤེལ་བ་སོགས་ལོ་རེ་བཞིན་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཀོད་ཡོད།

དེ་ཡང་གླ་མེད་ལས་མི་ཚོས་རྒྱ་ནག་ནང་ངོ་རྒོལ་ཤུགས་ཆེན་བྱས་པ་དེས་གནོན་ཤུགས་མི་ཐེབས་པའི་རྒྱ་ནག་གི་ཞིང་ཆེན་གཅིག་ཀྱང་ལྷག་མེད་པའི་གནས་སྟངས་དེར་དཔག་ན། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་ནས་འཛམ་གླིང་ནང་བཟོ་གྲྭ་སྟངས་འཛིན་དང་དཔལ་འབྱོར་ཡར་རྒྱས་ལ་རེ་བའི་མིང་སྐམ་དེ་སྟོང་ཟད་དུ་འགྲོ་ཉེན་ཆེ།

དེའི་འབྱུང་རྐྱེན་གཙོ་བོ་ནི་ལས་ཀ་མཁོ་སྤྲོད་པ་ཚོས་ལས་བཟོ་བའི་གཞི་རྩའི་ཐོབ་ཐང་རྡོག་རོལ་དུ་གཏང་བ། དཔེར་ན་། དུས་ཐོག་ཏུ་གླ་ཕོགས་མི་སྤྲོད་པ་དང་། ལས་མི་ཚོར་ཁྲིམས་མཐུན་ཁེ་དབང་མི་སྤྲོད་པ། དེ་བཞིན། ས་གནས་གཞུང་ནས་ཀྱང་ལས་བྱེད་དང་འབྲེལ་བའི་ཁྲིམས་དོན་ལག་སྟར་མི་ཐུབ་པ་སོགས་ཀྱི་གནས་སྟངས་ཆགས་ཡོད་སྐོར་རྒྱ་ནག་ལས་མིའི་གསར་ཤོག་(CLB)གིས་བརྗོད་ཡོད།

མུ་མཐུད་བརྗོད་པ་ལྟར་ན། རྒྱ་ནག་ནང་ལས་མིའི་ངོ་རྒོལ་དོན་རྐྱེན་དེ་ལྟ་བུ་ཞིག་ལྷག་ཡོད་རུང་། ད་དུང་ཀྲུང་དབྱངས་དབུས་གཞུང་ནས་ལྕགས་ལས་དང་རྡོ་སོལ་ལས་མི་ས་ཡ་ ༡་༨ ཙམ་ཞིག་ལས་སྐྱུར་བྱས་ཏེ་མངའ་སྡེ་སོ་སོའི་སྒེར་བདག་བྱེད་པའི་བཟོ་གྲྭ་མང་པོ་ཞིག་གཞི་རྒྱ་ཆུང་དུ་གཏོང་རྩིས་ཡོད་པ་རེད།

བཟོ་བ་ངོ་རྒོལ་བའི་ཁྲོད་ན་རྒྱལ་ནང་གི་ལས་མི་ཙམ་མ་ཡིན་པར། ཕྱི་རྒྱལ་བཟོ་གྲྭའི་ཁོངས་སུ་གཏོགས་པའི་ལས་མི་ཡང་ཚུད་ཡོད་པ། དཔེར་ན། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༩ པའི་ནང་ཀུ་ཤུ་རྟགས་ཅན་གྱི་ཐོན་རྫས་བགོ་འགྲེམ་བཟོ་གྲྭ་ཞིག་ནས་ལས་མི་ ༡༠་༠༠༠ ཙམ་གྱིས་ངོ་རྒོལ་བྱས་ཡོད་ཀྱང་། གནས་ཚུལ་དུས་ཐོག་ཏུ་ཕྱིར་བསྒྲགས་བྱས་མ་ཐུབ་པར་ལྷག་ཡོད། དེ་ལྟར། གློ་ཕོགས་སྤྲོད་ཕྱོགས་དང་ལས་མིའི་དཀའ་རྙོག་དག་ལ་འཛིན་པའི་ཁོང་ཁྲོ་ལ་བརྟེན་ཏེ། སྤྱི་ཚོགས་ནང་ཟིང་འཁྲུག་གི་རྐྱེན་སློང་གི་ཡོད་པ་ལས། འདི་ལོའི་ཕྱི་ཟླ་དང་པོའི་ནང་དམའ་རིམ་ལས་མི་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་མེ་སྤར་པའི་དོན་རྐྱེན་འོག་མི་ ༡༧ ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད།

རྒྱ་ནག་ནང་ལས་བཟོ་བའི་ངོ་རྒོལ་གྱི་འགུལ་ཤུགས་ཐོག་མ།

Screen Shot 2016-04-04 at 1.24.07 PM

ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་ལྷོ་ཕྱོགས་སུ་སྡོད་མཁན་གཞོན་སྐྱེས་ལས་མི་འགའ་ཞིག་གིས་སྙིང་སྟོབས་ཆེན་པོས་རང་གི་ལས་ཀའི་ཐོབ་ཐང་ལ་རྩོད་ལེན་གྱིས་ངོ་རྒོལ་སྐད་འབོད་བྱས་པ་དེ་ནི་རྒྱ་ནག་རྒྱལ་ཡོངས་སུ་ལས་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་སྤེལ་བའི་འགྱུར་འགྲོས་ཆེན་མོ་ཞིག་ཆགས་ཡོད། དེ་ཡང་ལོ་ངོ་ ༢༣ ལ་སོན་པའི་སྙིང་སྟོབས་ཅན་གྱི་ལས་མི་ཁྲེན་ཀུའུ་ཁྲང་( tan Guocheng)ཞེས་པ་དེས་ཛ་དྲག་མཐེབ་སྣོན་གྱི་ཐོག་ཏུ་ཤུགས་ཀྱིས་བསྣུན་ཏེ་ “གླ་ཕོགས་ཆེས་དམའ་བས་ལས་ཀ་བྱ་མི་དགོས། གློ་ཕོགས་ཆེས་དམའ་བས་ལས་ཀ་བྱ་མི་དགོས་”ཞེས་སྐད་ཤུགས་ཆེན་པོས་བརྗོད་ཡོད།

དེ་ལྟར་ཉིན་ ༡༩ ཙམ་གྱི་རིང་ཐལ་མདོག་ལྟ་བུའི་སྒྲིག་ཆས་གྱོན་པའི་གཞོན་སྐྱེས་ལས་བཟོ་པ་བརྒྱ་ཕྲག་མང་པོ་བཟོ་གྲྭའི་རྭ་སྐོར་ནང་ལྷན་འཛོམས་ཀྱིས་རྒྱ་ནག་དབུས་ས་གཉིས་ཀྱི་གནད་ཡོད་མི་སྣ་ཚོས་ངེས་པར་ལས་བཟོ་བ་ཚོས་བཏོན་པའི་དགོས་འདུན་ཁག་བསྒྲུབ་དགོས་པའི་ཐག་གཅོད་ཁ་གསལ་ཡོང་བའི་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་ལྟར། ས་གནས་འགའ་ཞིག་ཏུ་ལས་བཟོ་བའི་གླ་ཕོགས་ཅུང་སྤར་ཡོད་པ་དང་། ཡང་འགའ་ཤས་སར་བཟོ་གྲྭའི་གནད་ཡོད་མི་སྣ་འོས་འཕེན་གྱི་ལམ་ནས་འདེམས་ཐོན་བྱ་རྒྱུའི་བཟང་ཕྱོགས་ཀྱི་འགྱུར་བ་ཡང་ཕྲན་བུ་བྱུང་ཡོད་པ་རེད།

དབྱེ་ཞིབ་པ་ཞིག་གིས་བརྗོད་གསལ་ལྟར་ན། ལས་མི་རང་དབང་འཐབ་རྩོད་པ་དེ་དག་ནི་ཕྱི་ལོ་ ༡༩༢༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་རྟོགས་འོག་བཙུགས་པའི་རྒྱ་ནག་ཚོང་ལས་གཅིག་མཐུན་ལྷན་ཚོགས་ཞེས་པ་དེའི་ཁོངས་སུ་རྟོགས་པ་ཡིན། ཚོགས་པ་དེ་ནི་རྒྱལ་སྤྱིའི་ལས་བཟོ་བའི་ཚོགས་པ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ལས་མི་དག་གིས་ཚོགས་པར་ངོ་རྒོལ་བྱེད་པའམ་ཡང་ན་ཚོགས་པ་དེ་དང་མ་འབྲེལ་བའི་སྲིད་གཞུང་གཞན་དང་གཞན་ལ་གོ་བསྡུར་བྱེད་པ་ནི་རྒྱ་ནག་དབུས་གཞུང་གི་དབང་ཆར་འཐབ་རྩོད་བྱེད་པའི་རྣམ་པ་ཞིག་ཏུ་འདོད་ཀྱི་ཡོད།

“མཐུན་ཚོགས་དེའི་བྱ་བཞག་སྒྲུབ་ལུགས་ནི་ཚོང་འབྲེལ་མཐུན་ཚོགས་ཤིག་དང་གཏན་ནས་འདྲ་པོ་མེད་”རྒྱ་ནག་ལས་མིའི་གསར་ཤོག་འགན་འཛིན་ནས་བརྗོད།

རྒྱུན་ལྡན་ལས་མི་ཚོས་རང་ཉིད་ཀྱི་དབུ་ཁྲིད་རང་ཉིད་ཀྱིས་འདེམས་མི་ཆོག་པས་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱི་དཀའ་ངལ་ཕྲད་པ་ནི་རྒྱུ་ལྡན་ཞིག་ཡིན། མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཕལ་ཆེ་བས་མཐུན་ཚོགས་ཀྱི་ངོ་བོ་དང་བཟོ་གྲྭའི་གནས་བབ་དང་འཛུགས་བསྐྲུན་བྱེད་ཕྱོགས་སོགས་སྐོར་ལ་ཅི་ཡང་མི་ཤེས་པར། དེ་བས། རང་ཉིད་ལ་གོ་མིང་ཆེན་པོ་ཞིག་ཐོབ་རེ་བྱེད་པ་ནི་ཁོ་ཚོའི་དམིགས་ཡུལ་གཅིག་པོ་དེ་ཡིན་ཞེས་གནད་ཡོད་མི་སྣ་ཞིག་གིས་བརྗོད་འདུག

རྒྱ་ནག་ནང་གི་གནས་བབ་ཇེ་ཞན་དུ་འགྲོ་བ།

Screen Shot 2016-04-04 at 1.24.16 PM

དཔལ་འབྱོར་ཉམས་རྒུད་ཇེ་ཆེར་གྱུར་བའི་ཕྱི་ལོ་ ༢༠༡༥ ལོ་འདི་ནི་ལས་བཟོ་བ་རྣམས་ཀྱིས་ངོ་རྒོལ་ལས་འགུལ་གང་མང་སྤེལ་བའི་དུས་ཟིང་ཚ་བའི་ལོ་ཚེགས་ཤིག་ཆགས་ཡོད་མོད། འོན་ཀྱང་། རྒྱ་ནག་དབུས་གཞུང་ནས་འབྱུང་འགྱུར་ལས་མི་ས་ཡ་མང་པོ་ལས་སྐྱུར་གྱི་འཆར་གཞི་དག་ལ་བསྡུར་ན་ད་ལྟའི་རྙོག་གླེང་ནི་ཆེས་ཆུང་ངུ་ཞིག་ཡིན་པར་སྙམ།

དགུ་བཅུ་གོ་གྲངས་ནས་དྲ་ཐོག་ལས་གནས་གསར་བསྐྲུན་མགོ་བརྩམས་པ་དེས་རྒྱ་ནག་ནང་གི་ལས་བཟོ་བ་ས་ཡ་ ༢༨ ཙམ་ལས་སྐྱུར་བྱས་པ་དང་། དེ་དག་ལ་གཞུང་ནས་འགྲོ་སོང་རྒྱ་སྒོར་ཐེར་འབུམ་ ༧༣ གཏོང་དགོས་བྱུང་། དེ་ལྟར་རྒྱ་ནག་གཞུང་ནས་འགྲོ་སོང་འབོར་ཆེན་ཞིག་ཕྱིན་ཡོད་པ་དེར། གཞུང་འཛིན་མི་སྣ་འགའ་ཞིག་གིས་ད་ཡོད་ལས་མི་དང་འབྲེལ་བའི་བཅའ་ཁྲིམས་ལ་སྐྱོན་བརྗོད་བྱེད་དགོས་ཐུག་ཡོད་པ་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་དཔལ་འབྱོར་བཀའ་བློན་ལཱའོ་ཅི་ལྦེ(lou Jiwei)ཡིས་གསུངས་དོན་ “ད་ལྟའི་རྒྱ་ནག་གི་སྲིད་ཇུས་ནི་ཆ་སྙོམ་གཏན་ནས་མི་འདུག ལས་བྱེད་པ་ཚོར་དམ་དྲག་ཧ་ཅང་ཆེ་བ་དང་། བཟོ་ལས་དོ་དམ་མི་སྣས་ལས་མི་རྣམས་ལ་ལས་ཀ་གསར་པ་མཁོ་སྤྲོད་བྱེད་མི་འདོད་པ་མ་ཟད། ལས་བྱེད་པ་ཚོར་ལས་ཀའི་ཟབ་སྦྱོང་ཆེད་འགྲོ་སོང་ཡང་གཏོང་འདོད་བྱེད་ཀྱི་མི་འདུག ” ཅེས་བཤད་ཡོད།

མདོར་ན། རྒྱ་ནག་ནང་ལས་བཟོ་པ་རྣམས་ལ་གླ་ཕོགས་མི་སྤྲོད་པའི་དཀའ་ངལ་ལ་བརྟེན་ནས་སྤྱི་ཚོགས་ནང་ངོ་རྒོལ་དང་འཁྲུག་རྐྱེན་འབྱུང་གི་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་ལས་བྱེད་དང་བྲེལ་བའི་ཁྲིམས་ཡིག་ཀྱང་མི་མང་གི་འདོད་བློ་ཁེངས་པ་ཞིག་མེད་པས་རྙོག་དྲ་རིམ་པ་ཞིག་སྤྱི་ཚོགས་ནང་ཕྲད་དང་འཕྲད་བཞིན་ཡོད་པ་རེད།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་ལ་ནག་ཉེས་ཁག་འགེལ་བྱེད་པ།

རྒྱ་ནག་ནང་ལས་བཟོ་བའི་ངོ་རྒོལ་ཇེ་མང་དུ་ཕྱིན་པ་དང་བསྟུན་ཏེ། ས་གནས་གཞུང་གིས་ལས་བཟོ་བའི་ལས་འགུལ་དེ་དག་གི་བྱུང་རྐྱེན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མགོ་ལ་གཡུག་ཐབས་བྱེད་ཀྱིན་ཡོད་ཚུལ་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་འདུག

སྲིད་བློན་ཞི་ཅིན་ཕིན་གྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་དྲག་འཇོམ་བྱེད་པའི་ལམ་ལུགས་དེས་རང་དབང་ཅན་གྱི་ལས་བཟོ་བའི་ལས་འགུལ་ཚོགས་པ་རྣམས་ལ་གནོན་ཤུགས་ངན་པ་ཐེབས་ཡོད་པ་རེད། དེ་ཡང་གནས་ཚུལ་བྱུང་བར་བཞིག་ན། ཀུང་ཏུང་(Gangdong) ཞིང་ཆེན་དུ་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་གླ་ཕོགས་རྩོད་ལེན་བྱས་པའི་ནག་ཉེས་འོག་ལས་བཟོ་བ་ ༡༨ ཙམ་འཛིན་བཟུང་བཀག་ཉར་གྱིས་འདྲི་རྩད་ནན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། གནོན་ཤུགས་དེ་དག་ལ་བརྟེན་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་རང་ཉིད་ཀྱི་བྱ་བཞག་མུ་མཐུད་ནས་མདུན་སྐྱོད་བྱ་ཐབས་བྲལ་བའི་གནས་སུ་འཁྱར་ཡོད།

རང་ལོ་ཞེ་ལྔར་སོན་ཞིང་ཡུན་རིང་ལས་འགུལ་སྤེལ་མྱོང་བའི་བཟོ་གྲྭའི་ལས་མི་ཟུར་པ་ལྦུ་ཁུའུ་ཇོན(WU Guijun)ཞེས་པ་དེས་ལས་བཟོ་བ་ ༢༠༠ ཙམ་བསྡུ་རུབ་ཀྱིས་བཟོ་གྲྭ་གནས་སྤོ་འཆར་གཞི་ལ་ངོ་རྒོལ་དྲག་པོ་བྱས་པར་བརྟེན་ཏེ། ཁོ་པ་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་བཙོན་འཇུག་དམ་དྲག་བྱས་ཡོད། ཁོ་པ་བཙོན་འཇུག་བྱས་པ་དང་གོང་རིམ་ནས་གནོན་ཤུགས་ཅི་ཙམ་སྤྲོད་མིན་ལ་མ་བལྟོས་པར་ལས་རོགས་ཤིག་དང་ལྷན་ལས་མི་རྣམས་ལ་ཁྲིམས་གྱི་སློབ་གསོ་རྒྱག་པ་དང་། ལས་བཟོ་བ་ཚོར་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་ལ་རམ་འདེགས་གནང་ཡོད་པ་རེད།

རྒྱ་ནག་ནང་གསར་བརྗེའི་འབྱུང་སྲིད་པའི་འཇིགས་སྣང་།

ལས་བཟོ་བའི་ངོ་རྒོལ་དོན་རྐྱེན་བྱུང་རྐྱེན་ནི་རྒྱ་ནག་གི་ལས་བཟོ་བ་དང་འབྲེལ་བའི་བཅའ་ཁྲིམས་ལ་ཕྱོགས་ཡོངས་ནས་ནོར་འཁྲུལ་ཤོར་ཡོད་པ་ལས་ལས་བཟོ་བ་ཚོས་དྲང་བདེན་མེད་པར་སྐྱོན་བརྗོད་བྱས་པ་གཅིག་པོ་ག་ལ་ཡིན། དེར་བརྟེན། ལས་མི་ངོ་རྒོལ་བ་ཚོས་གཅིག་མཐུན་གྱི་ནུས་པ་འདོན་མི་ཐུབ་པའི་ཐོག་ལ་རྒྱལ་ནག་གི་ཆབ་སྲིད་ཀྱི་གོ་དོན་རྟོགས་ཐབས་མེད་པ་རེད། མི་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། ལས་བཟོ་བའི་དཀའ་ངལ་ཚོར་མཁན་ནི་ཆེས་དཀོན་པོ་རེད། དེ་ལས་ཤིན་ཅང་དང་བོད། ཧོང་ཀོང་སོགས་ཀྱི་ནང་ཟིང་འཁྲུག་བྱུང་སྐབས། འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་། ང་རང་གི་བསམ་པར་རྒྱ་ནག་ནང་ལས་མི་ཚོར་དྲང་བདེན་དང་ཐོབ་ཐང་གཅིག་མཚུངས་མེད་སོགས་ཀྱི་གནད་དོན་ལས་དེ་དཀའ་རྙོག་ཆེ་ཤོས་དང་ཉེན་ཁ་ཚ་ཤོས་སུ་མཐོང་གི་ཡོད་ཅེས་བརྗོད་འདུག

སྔོན་ཆད་རྒྱ་ནག་ནང་གི་ལས་མི་ཚོས་ཐོབ་ཐང་རྩོད་ལེན་ཕར་བཞག་སྟེ། རང་ཉིད་ལ་ཐོབ་ཐང་ཅི་ཞིག་ལྡན་མིན་ཡང་གསལ་པོ་ཤེས་ཀྱི་མེད། འོན་ཀྱང་། མི་ལོ་འགའ་ཤས་སྔོན་ནས་ལས་མི་འགའ་རེས་སྙིང་སྟོབས་ཆེན་པོས་གླ་ཕོགས་རྩོད་ལེན་གྱི་ལས་འགུལ་འགའ་ཞིག་སྤེལ་བ་ནས་བཟུང་ཁོང་ཚོའི་སེམས་ཁམས་སུ་རང་ཉིད་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་འཐབ་རྩོད་ཀྱི་བློ་སྤོབས་རང་བཞིན་གྱིས་ཇེ་ཆེར་སོང་ཡོད་པ་རེད། ད་ཆ་ཀྲུང་དབྱངས་སྲིད་གཞུང་གི་འཇིགས་སྣང་ཆེ་ཤོས་སྐྱེ་ཡུལ་ནི། ལས་བཟོ་བ་ཚོའི་ཆབ་སྲིད་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ཏེ། འབྱུང་འགྱུར་བཀག་འགོག་མི་ཐུབ་པའི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་སྲིད་པའི་ཉེན་ཁ་ཡོད་པ་དེ་རེད། དེར་བརྟེན། སྤྱི་ཚོགས་ནང་ལས་འགུལ་ཆུང་ས་གང་འདྲ་ཞིག་ཡིན་རུང་དྲག་སྣོན་གྱི་ཐབས་ཇུས་བེད་སྤྱད་དེ་འབུར་འཇོམ་གཏོང་རྐྱང་བྱེད་ཀྱི་ཡོད་པ་རེད།

མ་རྩོམ་གྱི་འབྲེལ་ཐག http://edition.cnn.com/2016/03/28/asia/china-strike-worker-protest-trade-union/index.html

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese