མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནམ་ཡང་དྲན་པར་འོས་པའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ནོར་བསམ་གྱིས།

yi48h2w4570cmdsdཁོང་ལ་རང་ངོ་རང་ཤེས་མེད་པར་དག་སྣང་གིས་བསླུས་པའི་ཆེ་འདོད་དང་། སྐུ་དྲག་གསར་པའི་དཔོན་ཉམས་རྩ་བ་ནས་མེད་ཀྱང་། རྒན་བཀུར་གཞོན་གཅེས་དང་ལྷག་བསམ་དྲང་བདེན་གྱི་ཐུགས་གཤིས་བཟང་པོས་༧རྒྱལ་བའི་བཀའ་དགོངས་ནམ་ཡང་འགལ་མེད་ཐོག་མི་ལོ་ ༤༠ རིང་བོད་དང་བོད་མིའི་བདེན་དོན་ཆེད་སྐུ་ཚེའི་རྩ་ཆེ་བའི་དུས་ཚོད་ལེགས་སྐྱེས་སུ་ཕུལ་ཡོད་པས་ཁོང་ནི་གཞིས་བྱེས་གཉིས་སུ་གནས་པའི་བསམ་ཡོད་རྩམ་གཟན་བོད་མི་ཡོངས་ཀྱི་སེམས་ཁོངས་སུ་ནམ་ཡང་གཡོ་མེད་དྲང་པོར་གནས་པའི་རི་རྒྱལ་ལྷུན་པོ་ཞིག་ལགས།

བགྲང་བྱ་བཞི་བཅུའི་རིང་ཁོང་གིས་བོད་དང་བོད་མི་རིགས། ལྷག་པར་དུ་བོད་མི་ཡོངས་ཀྱི་བལྟ་བའི་མིག་དང་ཁོག་པའི་སྙིང་༧སྐྱབས་མགོན་༧ཡིད་བཞིན་ནོར་བུའི་སྐུ་ཕྱྭའི་ཉེན་སྲུང་ཐད་ཕྱག་ལས་གཟེངས་སུ་ཐོན་པ་གནང་བས། རྒྱ་དམར་དང་། དོལ་རྒྱལ་ཕྱོགས་ཁག་གི་མིག་ནང་གི་འཚེར་མར་གྱུར་ཏེ་ཐབས་བརྒྱ་ཇུས་སྟོང་གིས་བསླུ་སེམས་དང་བྱ་ངན་རྩོམ་ཐབས་བྱས་ཡོད་ཀྱང་། ཁོང་གི་མི་འགྱུར་རྡོ་རྗེའི་བྲག་ལྟར་བརྟན་པའི་ཐུགས་གཤིས་དང་རང་གཟོན་སྤངས་པའི་སྙིང་སྟོབས། ལྷག་པར་༧མགོན་པོ་མཆོག་ལ་དད་དམ་གཙང་མས་ཕ་རོལ་པོའི་བསམ་ངན་བསྒྲུབ་ཏུ་མི་བཅུག་པར་སྣ་རྒྱུག་གཞུས་ཡོད།

ད་དུང་ཁོང་གིས་ཐུགས་གཤིས་འཇམ་ཞིང་མཁྱེན་མྱོང་ཆེ་བས་མཐོ་དམན་ཀུན་གྱིས་བསམ་ཚུལ་གསན་ཐུབ་ཅིང་། ཡུལ་དུས་གནས་སྐབས་དང་མཚམས་པར་དྲང་བདེན་གྱི་ཐག་གཅོད་གནང་བར་བརྟེན་ད་བར་གཙོ་བོ་༧རྒྱལ་བའི་སྐུ་ཕྱྭ་དང་། སྤྱི་དོན་ཐད་འཐུས་ཤོར་རྩ་བ་ནས་བཏང་མེད་པས་ལས་བྱེད་དང་། འབྲེལ་ཡོད་ཡོངས་ནས་གུས་བརྩི་ཆེན་པོས་བདེ་སྲུང་ལས་ཁུངས་ནང་གི་ཀ་བ་དང་། ཕྱིའི་ལྕགས་རིར་ངོས་འཛིན་ཞུ་བཞིན་ཡོད་པས་ཁོང་ལས་དགོངས་ཞུ་བའི་གཏམ་དེ་ཐོས་ཙམ་གྱིས་བསམ་ཡོད་བོད་མི་ཡོངས་བྱིའུ་ཕྲུག་ཐང་ལ་ལུས་པ་ལྟ་བུའི་ཚོར་བས་སྣོན་ནས་མིག་ཟུང་མཆི་མས་བརླན།

ཁོང་གིས་༧རྒྱལ་བའི་བཀའ་སློབ་ལམ་སྟོན་ཏེ་ལས་བྱེད་ཚོ་ནི་མི་མང་གི་ཞབས་ཞུ་བ་རེད་ཅེས་པ་ཐུགས་སུ་ནམ་ཡང་བྲལ་མེད་བཅངས་ནས་རང་དཔེ་གཞན་སྟོན་གྱིས་མི་མང་གི་སེམས་ལ་ཕོག་ཐུག་གི་རྨ་ཁ་མི་བཟོ་བར། ལས་ཁུངས་སུ་བཅར་མཁན་དང་ལས་དོན་དང་འབྲེལ་ཡོད་སུ་ཡིན་ཀུན་ལ་དཔོན་ཉམས་སྤངས་ཏེ་གཞན་གྱི་བདེ་སྡུག་ལ་ཉན་པ་དང་། གཞན་གྱིས་ངར་ངར་རྫིག་རྫིག་ཇི་ཙམ་བྱས་ཀྱང་། གནོད་ལན་ལ་ཕན་པ་སྒྲུབ་པ་ཞེས་པ་ལྟར་ཕར་ཞལ་ངོ་འཛུམ་གྱིས་བསུས་ཏེ་ལམ་སྟོན་ཕྱག་རོགས་གནང་བར་བརྟེན་རྗེས་སུ་ངོ་གནོང་དང་འགྱོད་སེམས་ཀྱིས་དགོངས་དག་ཞུ་བར་ཡོང་མཁན་གྲངས་ལས་འདས།

ཁོང་གིས་ལས་དོན་དུས་ཐོག་བསྒྲུབ་རྒྱུར་གལ་ཆེར་ངོས་འཛིན་ཕྱག་བསྟར་དང་། གང་གནང་བ་ཚང་མ་བོད་དང་བོད་མི་རིགས་ཀྱི་མཚན་མཐོང་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་འབུལ་བར་མོས། ཁོང་གིས་༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་དང་། འདི་ཕྱིའི་༧སྐྱབས་མགོན། བླ་སྲོག་ལ་ངོས་འཛིན་གྱིས་༧དགུང་གྲངས་བཅུ་དྲུག་ནས་གཡས་སྐྱོར་གཡོན་སྐྱོར་གྱིས་བོད་མི་རིགས་བདེ་ལམ་ལ་འཁྲིད་གནང་མཛད་པའི་བཀའ་དྲིན་དང་། བཀའ་སློབ་ལམ་སྟོན་ཇི་ཕེབས་ཚིག་འབྲུ་རེ་རེ་བཞིན་སློབ་སྦྱོང་གིས་ཕྱག་ལས་གང་གནང་ཚང་མ་བཀའ་སློབ་དགོངས་དོན་འགལ་མེད་དང་། གང་བྱས་ཚང་མ་༧རྒྱལ་བའི་བཀའ་དྲིན་ཡིན་པར་དགོངས་བཞིན་ཡོད།

ཁོང་གི་སྐུ་ཚེའི་དུས་ཚོད་ཕལ་ཆེ་བ་གཞན་ཡུལ་བཙན་བྱོལ་ཁྲོད་སྐྱེལ་ནའང་། ཐོག་མའི་ངུ་སྐད་ཀྱི་དབྱངས་རྟ་འཐེན་ས་བོད་ཡུལ་ཁ་བའི་ལྗོངས་ཡིན་ལ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་ནང་ཉེན་གཟོན་སྤངས་ནས་གཞུང་དོན་ཁོ་ནའི་ཆེད་གསང་སྟབས་ཀྱིས་བོད་དུ་ཕེབས་ནས་གཞིས་བྱེས་གཉིས་བར་འབྲེལ་མཐུད་ཟམ་པ་བཙུགས་ཐུབ་པ་བྱུང་ཡོད།

ཁོང་གི་ཐུགས་སུ་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་སྤྱི་དང་། ལྷག་པར་དུ་ཐུགས་འདྲིས་གཟབ་པའི་འབྲེལ་ཡོད་རྣམས་ལ་བཅོས་མིན་མཛའ་སེམས་རྒྱ་མཚོའི་གཏིང་ལས་ཟབ་པས། དེ་རིང་ཁོང་གིས་བཟང་སྤྱོད་ཀྱི་ཐོག་ནས་བཀའ་བློན་མཚན་གནས་ནས་དགོངས་ཞུ་གནང་སྐབས་ཐུགས་ཁྲལ་གནང་ས་གཙོ་བོ་རང་དབང་བྲལ་བའི་གཞིས་ལུས་རྒྱ་ཆེའི་སྤུན་ཟླ་རྣམས་ལ་འགྲེལ་བརྗོད་དཀའ་བས་ཐུགས་སེམས་མི་བདེ་བ་ཡོད་ཅེས་འགན་འཁུར་ལྡན་པའི་བཀའ་མོལ་གནང་བ་དེ་ནི་ཆེས་རླབས་ཆེན་དང་གཟི་བརྗིད་མ་ཡིན་ནམ།

ཁོང་གིས་གཞན་གྱིས་བྱས་པའི་ལས་དོན་དང་གྲུབ་འབྲས་རང་ཉིད་ཀྱི་ངོ་གསོར་མི་འཁྱེར་ལ། རང་ཉིད་ཀྱིས་བྱས་པའི་གྲུབ་འབྲས་ཆེན་པོ་ཐོབ་ཟིན་པ་རྣམས་ཀྱང་སྤྱི་དོན་ཆེད་བཤད་དགོས་མིན་གྱི་དབྱེ་མཚམས་གསལ་པོ་ཕྱེ་ཐུབ་པའི་མཁྱེན་དཔྱོད་འགྲན་ཟླ་བྲལ་བ་མངའ་ལ། དུས་རྒྱུན་རང་ལས་མཐོ་བའི་རིགས་ལ་ཕྲག་དོག་གི་མདའ་མོ་མི་འཕེན་ཞིང་། རང་མཉམ་རང་དམན་གྱི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་མེད་པར། མཆོག་དམན་བར་གསུམ་ཀུན་ལ་འབྲེལ་བ་ཉར་མཁས་ཤིང་། ལེགས་བཤད་བྱིས་པའི་ངག་ལས་ཉན་ཞེས་པ་བསླབ་བྱར་བཟུང་སྟེ་གཞན་གྱི་བསམ་ཚུལ་ཉན་ཐུབ་ཅིང་ལེགས་ཉེས་བླང་དོར་དང་། སྐབས་ཐོག་ཉམས་སུ་ལེན་ཐུབ་མཁན་གྱི་ཆེད་ལས་མི་སྣ་ཕུལ་དུ་བྱུང་བ་ཞིག་ཡིན་པས་གཞན་གྱིས་ཚོད་དཔོག་ཐུབ་རྒྱུ་ནི་དཀའ་བའི་གནས་ལགས།

ཁོང་གིས་དུས་རྒྱུན་སྤྱི་དོན་བློས་མི་གཏོང་ཞིང་ནང་མི་བུ་ཕྲུག་ལ་བལྟ་རྟོགས་འཐུས་མི་ཤོར་བ་གནང་མཁན་འགན་འཁུར་ཐུབ་པའི་འཇོན་ཐང་ཅན་ཞིག་ཡིན་པས། ཕྱོགས་ཡོངས་ལ་སྐུ་ངལ་འཛེམས་མེད་ཀྱིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཀྱང་ཉིན་རེ་བཞིན་མ་བསྡད་པར་ཁོང་གི་བགྲེས་ཉམས་མངོན་གསལ་ཇེ་ཆེར་གྱུར་བཞིན་པས་ཁོང་ལ་གུས་བརྩེ་ཆེ་བའི་འབྲེལ་ཡོད་མང་པོའི་སེམས་སུ་སྡུག་གི་མཆི་མས་བརླན་པ་ཉུང་ཉུང་མིན།

ཁོང་གིས་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་དང་། གཡོ་མེད་དྲང་བདེན་གྱིས་གཞུང་དོན་བསྒྲུབ་ན་གོང་རིམ་ནས་མགོ་ལྕགས་ཕོགས་ནའང་གནོང་འགྱོད་བྱ་དགོས་དོན་མེད་ཅེས་དང་། ལས་བྱེད་ཚོ་ནི་སྒྲིག་འཛུགས་ཀྱི་སྒལ་ཚིགས་ཡིན་པས་ནམ་ཡང་དྲང་པོར་ལངས་ཏེ་རྒྱུས་སྟོན་བྱ་དགོས་སོགས་གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བ་དང་། ཁྲིམས་དང་དོན་དངོས་དང་བསྟུན་དགོས་པའི་ལམ་སྟོན་གཟབ་མོ་གནང་བ་མ་ཟད། ཁོང་གི་ཕྱག་ལས་གནང་ཕྱོགས་ལས་གཤམ་འོག་ལས་བྱེད་ཡོངས་ལ་མིག་དཔེ་བཟང་པོ་སྟོན་གནང་མཛད་ཡོད།

དེ་རིང་ཁོང་གིས་བཟང་སྤྱོད་ཐོག་ལས་དགོངས་ཞུས་ཟིན་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས་མུ་མཐུད་སྤྱི་པའི་ལས་དོན་ཐོག་ལེགས་སྐྱེས་འབུལ་རྒྱུའི་ཞལ་བཞེས་དམ་བཅའ་བཞག་ཡོད།

ཁོང་གིས་རང་ཉིད་ཀྱི་ཅི་བྱེད་རང་ལ་རང་དབང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དང་། རྣམ་དཔྱོད་ལྡན་པའི་མི་བུའི་བྱེད་སྟངས་ལ་དགོངས་ནས་རང་ཐག་རང་གཅོད་གནང་བ་ལས། ཆབ་སྲིད་ཀྱི་གོ་ཐོབ་ལ་རྔམ་པའི་མི་ཚོའི་བྱ་ལས་ལྟར་མིན་པར་འགན་འཁུར་དང་། བཟང་སྤྱོད་ཐོག་ནས་དགོངས་ཞུ་གནང་བ་དེ་ནི་སྔས་མི་དྲགས་པ་དང་། ཕྱིས་མི་དྲགས་པའི་ཡང་དག་པའི་ཐག་གཅོད་ཆེན་པོ་ཞིག་དང་། བསླབ་བྱ་ཆེན་པོ་ཞིག་གནང་ཡོད་པར་ངོས་འཛིན་བྱེད་མཁན་མང་ཡང་། ཤེས་དགོས་མཁན་མང་པོ་ཞིག་གིས་ད་དུང་ཤེས་མེད་པའི་ཚོད་དུ་འདུག་གོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. བློ་བཟང་ says:
    ལོ་ 10 སྔོན།

    བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དགོངས་ཞུ་གནང་བ་དེ་ནི་བོད་ཕྱི་ནང་གཉིས་ལ་སེམས་ཚབ་ཆེན་པོ་འདུག། ཁོང་ལྷག་བསམ་དྲང་བདེན་གྱི་ཐུགས་གཤིས་འཇམ་ཞིངམཁྱེན་མྱོང་ཆེ་བས་མཐོ་དམན་ཀུན་གྱིས་བསམ་ཚུལ་གསན་ཐུབ་མཁེན་མཁྱེན་མྱོང་ཆེ་བས་མཐོ་དམན་ཀུན་གྱིས་བསམ་ཚུལ་གསན་ཐུབ་ཅིང་། ཡུལ་དུས་གནས་སྐབས་དང་མཚམས་པར་དྲང་བདེན་གྱི་ཐག་གཅོད་གནང་ཐུབ་པའི་དཔའ་བོ་གཅིག་ལ་ངོས་འཛི་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese