མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྲུང་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་སྒྲུབ་མཆོག་ཕྱིར་དྲན་བྱས་པ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་ཟུར་དགའ་ལྡན་ཚེ་རིང་།

བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་སྒྲུབ་མཆོག་དེ་སྔ་མཐོ་སློབ་ཐོན་རྗེས། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་དཀྱུས་མ་ཞིག་ནས་ཐེམ་སྐས་རིམ་འཛེགས་ཐོག་ད་བར་མི་ལོ་བཞི་བཅུ་ཙམ་གྱི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་རང་ཚུགས་བརྟན་ཞིང་ལྷག་བསམ་ལ་གཡོ་བ་མེད་པར་དཀའ་ངལ་དང་། ཉེན་ཁ་གང་ལ་ཡང་བཟོད་སྲན་དང་ཐུགས་དཀྱིལ་ཡངས་པོ་གནང་སྟེ་ད་ལྟའི་བར་དུ་གཟི་བརྗིད་ཆེན་པོས་ཕེབས་པ་རེད། མདོར་ན། སྐུ་ཉིད་ཀྱི་ཚེ་སྲོག་གི་ནུས་ཤུགས་ཡོད་ཚད་ནས་ཡོད་ཚད་མི་རིགས་འདི་ཉིད་ཀྱི་བདེ་སྡུག་ཁོ་ནའི་ཆེད་དུ་ལེགས་སྐྱེས་སུ་ཕུལ་ཡོད་ཞུས་ན་མ་ཆོག་པ་མེད།

ཁོ་བོ་བོད་ནང་དུ་འཚོ་གནས་བྱེད་སྐབས་སྐུ་ངོ་མཆོག་གི་མཚན་སྙན་ཐོས་མྱོང་ལ། ༡༩༩༣ ལོར་ཁོ་བོ་བོད་ནས་བཙན་བྱོལ་དུ་ཡོང་སྟེ། བཞུགས་སྒར་དུ་འབྱོར་བའི་ཉིན་ཤས་རྗེས་སྐུ་ངོ་དངོས་སྒྲུབ་མཆོག་ལ་དངོས་སུ་ཞལ་མཇལ་བ་དང་། སྐབས་དེར་ཁོང་གིས་བདེ་སྲུང་གི་དྲུང་ཆེའི་ཐུགས་འགན་བཞེས་བཞིན་པ་རེད་འདུག སྐབས་དེར་ང་དང་ལས་དབང་གཅིག་པའི་གྲོགས་པོ༼ཚེ་བསོད་༽མཉམ་དུ་ཡོད། དེ་ནི་ངའི་ངོས་ནས་བརྗོད་ན་རང་ཉིད་བོད་ནང་འཚོ་གནས་བྱེད་སྐབས་རེ་བ་དང་ཡིད་ཆེས་བློ་གཏད་བཅོལ་སའི་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་མཐོ་རིམ་མི་སྣ་ཞིག་ལ་མཇལ་ཏེ་ལུས་སེམས་གཉིས་ཀྱི་བདེ་སྡུག་ཞུ་ཡུལ་རག་པ་ཐོག་མ་དེ་ཆགས་ཡོད།

ཉིན་དེར་སྐུ་ངོ་མཆོག་གིས་བོད་ནང་གི་ཆབ་སྲིད་གནས་བབ་དང་། བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་ཐུགས་སྣང་ཆེན་པོས་བཀའ་འདྲི་ཞིབ་ཚགས་གནང་བ་དང་། ཁོང་གིས་རྩ་ཆེའི་བསླབ་བྱ་ལམ་སྟོན་མང་པོ་གནང་བ་བརྒྱུད་དེ་སྐུ་ངོ་མཆོག་དང་ཧ་ཅང་སེམས་ཐག་བོ་ཆགས་སོང་། ཡང་སྒོས་ཁོ་བོར་ཆ་མཚོན་ན་བཙན་བྱོལ་དུ་འབྱོར་བའི་ཉིན་ནས་བཟུང་བོད་མི་ཆབ་སྲིད་བཙོན་ཟུར་གཅིག་མཚུངས་ལྟར་སློབ་སྦྱོང་གི་གོ་སྐབས་དང་། འཚོ་བའི་མཐུན་རྐྱེན། ལས་གནས་གོ་སྒྲིག་སོགས་ཀྱི་གཟིགས་སྐྱོང་ཐོབ་ཡོད།

དུས་དེ་ནས་བཟུང་གང་ས་ཅི་ཐད་དུ་སྐུ་ངོ་མཆོག་ལ་བཀའ་འདྲི་དགོངས་སྐོར་དང་། བསླབ་བྱ་ལམ་ལྟོན་ཞུས་ཏེ་ཡོང་བ་ཡིན་ལ། མདོར་ན། ལོ་ངོ་དེ་དག་ནང་སྐུ་ངོ་མཆོག་གི་ཕྱག་ལས་གནང་ཕྱོགས་དང་དགོངས་པ་བཞེས་སྟངས་གང་ཅིར་སོ་སོ་རྒྱུས་མངའ་ཡོད་པ་ཞིག་ཆགས་སོང་ལ། སྐུ་ངོ་མཆོག་ནི་མི་གཤིས་བཟང་ཞིང་ཉམས་ཆུང་དང་མཐོ་དམན་གྲགས་ཞན་ཀུན་ལ་དཔོན་ཉམས་གྱི་དྲི་མས་མ་གོས་པའི་རང་གཞུང་གི་དབུ་ཁྲིད་བློ་དཀར་གཞུང་དྲང་ཞིག་ལ་དུས་རྟག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

ལྷག་པར་དུ་སྐུ་ངོ་མཆོག་གིས་མི་ལོ་བཞི་བཅུ་ལྷག་ཙམ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཉེན་སྲུང་དང་འབྲེལ་བའི་ལས་དོན་ཁག་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཕལ་མོ་ཆེས་བསྔགས་བརྗོད་གནང་གི་ཡོད། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ལ་ཁ་ཞེ་གཉིས་མེད་ཐོག་ནས་མི་མང་ལ་སྲིད་བྱུས་དེའི་ངོ་བོ་དང་བྱུང་རིམ་སོགས་ལམ་སྟོན་དང་གསལ་བཤད་གནང་ཡོད།

དེ་དང་ཕྱོགས་མཚུངས་༧གོང་སྐུ་ཕྱྭ་ལ་བདོ་བའི་དོལ་ཚོགས་ཀྱི་བྱེད་སྤྱོད་ལ་ཉེན་གཡོལ་དང་འཇིགས་ཞུམ་མེད་པར་སྐུའི་སྲུང་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་དང་ཞིབ་ཚགས་བབས་ལྷིང་བརྟན་གསུམ་གྱི་སྒོ་ནས་ཕྱག་ལས་མང་དག་ཅིག་གནང་ཡོད་པ་ནི་ཁོ་བོས་བརྗོད་ག་ལ་དགོས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མཁྱེན་གསལ་རེད། གོང་གསལ་དངོས་ཡོད་གནས་ཚུལ་དེ་དག་སྐུ་ངོ་མཆོག་གིས་རྩ་དགོངས་ཞུས་པའི་གནས་ཚུལ་དེ་ཐོས་མ་ཐག་གི་སེམས་ཚོར་ཙམ་བྲིས་པ་ལས་དེ་མིན་གྱི་དམིགས་ཡུལ་གང་ཡང་མེད།

༢༠༡༦/༤/༡༠ ཉིན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༨ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese