མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་གལ་གནད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་པ་ཚེ་རིང་བསམ་འཕེལ་གྱིས་དབྱིན་ཡིག་ནང་བརྩམས།

ལ་དྭགས་བོད་ཁྱིམ་ནས་འགྱུར་མེད་ཚེ་རིང་གིས་བོད་སྒྱུར་བྱས།

སྤྱི་ཚོགས་ནང་ལྟ་ཚུལ་འཛིན་སྟངས་ཕྱིན་ཅི་ལོག་པ་ཞིག་ཡོད་པ་ནི། བོད་ཡིག་ནང་ལ་ནང་པ་སངས་རྒྱས་པའི་བསྟན་བཅོས་ཡོད་པས། བོད་ཡིག་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དོན་འགྲེལ་བཤད་བྱེད་སྤྱད་ཀྱི་གཞི་རྩའི་ཡི་གེ་ཞིག་ཡིན་པ་དེ་རེད། སྤྱིར་བོད་ཡིག་གི་སྒྲ་བཤད་ལ། བོད་ནི་ཡུལ་གྱི་མིང་དང་། ཡིག་ནི་ཡུལ་དེའི་མིའི་སྐད་ལ་ཟེར། དུས་རབས་བདུན་པའི་ནང་ཐོན་མི་སཾ་བྷོ་ཊས་ལེགས་སྦྱར་གྱི་ཡི་གེ་ལ་ཁུངས་བཅོལ་ནས་བོད་ཡིག་གསར་བཟོ་བྱས། ཧི་མ་ལ་ཡེའི་མི་མང་གིས་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་ནི་བོད་དང་རིག་གཞུང་གི་འབྲེལ་བ་ཡོད་པས་ཡིན། །
1རྒྱ་གར་གྱི་ཧི་མ་ལ་ཡེའི་ཁུལ་ལ་གནས་སྡོད་བྱེད་མཁན་གྱི་མི་མང་ཕེལ་ཆེར་འབུམ་ཉེར་དགུ་ཙམ་གྱིས་བོད་སྐད་བཤད་ཀྱི་ཡོད། དེའི་ཁྲོད་ལ་བོད་རིགས་པའི་སྐད།།(Purigi) སྦལ་ཏིའི་སྐད། ལ་དྭགས་པའི་སྐད། ལྷོ་ཡུལ་གྱི་སྐད།(Lahauli) སྤྱི་སྟིའི་སྐད། བྷོ་ཊ་ཡའི་སྐད།(Bhotia)དང་། མོན་པའི་སྐད་བཅས་ཡོད། ཁོང་ཚོ་ཐུན་མོང་གིས་སྤྱོད་བཞིན་པའི་མིང་ཚིག་མང་བ་དང་། སྐད་ཆའི་ནང་དོན་མང་ཆེ་བ་ཕན་ཚུན་ཤེས་རྟོགས་ཐུབ་ཀྱི་ཡོད། ལྷག་པར་ལ་དྭགས་ཀྱི་མིའི་སྐད་ནི། ལྷོ་ཡུལ་གྱི་མི་གྲངས་བརྒྱ་ཆ་ ༩༠ དང་། སྤྱི་སྟིའི་མི་གྲངས་བརྒྱ་ཆ་ ༩༥ ། དེ་བཞིན། བྷོ་ཊ་ཡ་དང་མོན་པས་བརྒྱ་ཆ་ ༥༠ ཡིས་ཤེས་རྟོགས་ཐུབ་པས། སྐད་གདངས་གོ་བདེ་ཞིག་ཡིན། །

འདས་ཟིན་པའི་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་སྔོན་ཞིག་ལ་ལྡི་ལིར་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པས་ཚོགས་འདུ་ཞིག་བསྐངས་ནས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༨ པའི་ནང་བོད་ཡིག་དེ་ཚུད་ཐབས་དང་འབྲེལ་བའི་གླེང་སློང་བྱས།  མཐར་ཚོགས་འདུའི་གྲོས་ཆོད་དུ་ཧི་མ་ལ་ཡའི་ཡུལ་སྐད་དང་ཡིག་སྐད་གཉིས་བྟོ་ཊིའམ་བོད་སྐད་ཡིན་པའི་གྲོས་ཆོད་གཏན་ལ་ཕབ། འོན་ཀྱང་ལ་དྭགས་པའི་སྐད་ཡིག་དང་བྷོ་ཊ་ཡའི་སྐད་ཡིག་གཉིས་ནི།  སྔ་མོ་ནས་མངའ་སྡེའི་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༡ གྱི་མངའ་སྡེའི་བཅའ་ཁྲིམས་བསྐྱར་བཅོས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ན། རྫོང་གི་མི་མང་བརྒྱ་ཆ་ ༧༠ ཡིས་བཤད་པའི་སྐད་ཆ་ཞིག་ཡིན་ན། གཞུང་འབྲེལ་གྱིས་ངོས་འཛིན་བྱེད་ཆོག་ཅེས་པའི་དགོངས་ལྟར་ངོས་འཛིན་ཡོད་པ་ཞིག་ཆགས་ཡོད། །

བོད་ཡིག་ནང་འཕགས་ཡུལ་གྱི་སྲོལ་རྒྱུན་རྩོམ་རིགས་སམ་བསྟན་བཅོས་ཀྱི་རིགས་མི་འདྲ་བ་ ༤༠༠༠༠ ལྷག་ཙམ་ཡོད། བསྟན་བཅོས་དེ་དག་ནི་ནཱལེནྡྲའི་གཙུག་ལག་སློབ་གཉེར་ཁང་ལྟ་བུ་ནས་བརྒྱ་ཕྲག་ལྔ་པ་ནས་བཅུ་གཉིས་ཀྱི་བར་རིམ་པས་བྱུང་བ་ཞིག་ཆགས་ཡོད། དེའི་ཁྲོད་ནས་བསྟན་བཅོས་བཞི་སྟོང་ལྔ་བརྒྱ་གཉིས་ལ་བསྒྱུར་གཞི་ལེགས་སྦྱར་གྱི་ཡི་གེའི་སྟེང་ནས་བསྟན་བཅོས་ཀྱི་མ་དཔེ་མཇལ་རྒྱུ་ཡོད་པ་རེད། ད་ལྟ་ཡོད་བཞིན་པའི་སངས་རྒྱས་ཀྱི་བསྟན་བཅོས་དེ་དག་མང་ཆེ་བ་ནི་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱུང་རྗེས་བསྒྱུར་བ་ཞིག་ཡིན། བོད་ཡིག་ལ་དོན་གཉེར་བྱ་རྒྱུ་ནི། ཕྱི་ལོ་ ༡༡༩༣ ལོར་ཉམས་ཉེས་ལ་སོང་བའི་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ནས་བྱུང་བའི་སྲོལ་རྒྱུན་གྱི་བསྟན་བཅོས་ལ་དོ་སྣང་གསར་བ་ཞིག་ཡོང་སྲིད། །

གཞུང་འབྲེལ་གྱིས་སྐད་ཡིག་ཅིག་གི་རྣམ་པར་ངོས་འཛིན་མེད་པ་དེས། བོད་ཡིག་དང་བོད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་མི་སྡེའི་སྤྱི་ཚོགས་ཀྱི་ལས་དབང་ཁ་སྒྱུར་བྱེད་པ་ཞིག་རེད། ཕྱི་ལོ་ ༡༩༤༩ ལོར་རྒྱལ་ཁབ་ཀྱི་ཐེངས་དང་པོར་ངོས་འཛིན་ཡོད་པའི་སྐད་ཡིག་ ༡༤ ནང་ནས་ལེགས་སྦྱར་ནི་བྱེ་བྲག་ཅིག་ཡིན། དུས་དེ་ནས་ད་ལྟ་བར་རྒྱལ་ཁབ་ཀྱི་ངོས་འཛིན་ཡོད་པའི་སྐད་ཡིག་ཉེར་གཉིས་ཡོད་སྟབས། རྒྱ་གར་ནི་ལྟ་ཚུལ་སྣ་ཚོགས་མཉམ་གནས་བྱེད་པའི་ཁོར་ཡུག་ཅིག་ཆགས་ཡོད།  དེ་ནི་རྒྱལ་ཁབ་གཞན་ལྟར་སྐད་ཡིག་གཅིག་རང་ལ་མཐོང་ཆེན་བྱེད་པ་ཚོ་དང་མི་འདྲ་བ་ཞིག་རེད། རྒྱལ་ནང་དུ་རྒྱལ་ཁབ་ཀྱིས་སྐད་ཡིག་ངོས་འཛིན་གྱི་ལས་དོན་དེ་ད་ལྟ་ཡང་བྱས་དང་བྱེད་བཞིན་པའི་སྒང་རེད།།

ཕྱི་ལོ་ ༢༠༠༡ ལོའི་རྒྱ་གར་གྱི་མི་འབོར་ཞིབ་བཤེར་སྙན་ཐོ་གཞིར་བཞག་བྱས་ན། རྒྱལ་ཁབ་ཀྱི་མི་གྲངས་ཆིག་ཁྲི་ལྷག་ཙམ་གྱིས་སྐད་རིགས་བརྒྱ་ལྷག་བེད་སྤྱོད་བྱེད་ཀྱིན་ཡོད། ཁོང་ཚོས་རང་གི་སྐད་རིགས་དེ་རྒྱལ་ཁབ་ཀྱི་ངོས་འཛིན་ཡོང་རྒྱུར་ངང་སྒུག་བྱེད་བཞིན་ཡོད། དེ་བཞིན། མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དེའི་ནང་། མ་སྐད་ཀྱི་རིགས་ཆིག་སྟོང་ལྔ་བརྒྱ་དོན་དྲུག་༼༡༥༧༦༽ཡོད་ནའང་། སྐད་ཡིག་དེ་རྣམས་རང་སྐྱ་འཕེར་བའི་ངོ་བོ་ཚང་བའི་གྲས་སུ་བཞག་མེད། ད་ལྟ་སྐད་ཡིག་གང་ཞིག་རྒྱལ་ཁབ་ཀྱིས་ངོས་འཛིན་བྱེད་ཆོག་པའི་ཁྱད་ཆོས་དང་ཚད་གཞི་ཅི་འདྲ་ཞིག་དགོས་མིན་གྱི་གནད་དོན་ཐད། གཞུང་འབྲེལ་གྱི་ཆ་རྐྱེན་གཏན་འབེབས་བྱས་མེད། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་གཞུང་གིས་དཔལ་ལྡན་ཆེ་སི་ཏ་ཀྷན་མོ་ཧྸ་པཊར་(Sh. Sitakant Mohapatra)མཆོག་གིས་སྣེ་ཁྲིད་པའི་ཚོགས་ཆུང་ཞིག་ཆེད་དུ་གནད་དོན་དེའི་སྟེང་ཞིབ་འཇུག་བྱེད་པར་བསྐོ་བཞག་བྱས་ཡོད་ཀྱང་། ཚོགས་ཆུང་དེའི་ཞིབ་འཇུག་གི་བྱས་འབྲས་ཅི་ཞིག་བྱུང་ཡོད་པ་ཡོངས་གྲགས་བྱས་མེད། །

IMG_20160412_100715ད་ལྟའི་རྒྱ་གར་སྲིད་གཞུང་གི་མི་འབོར་ཞིབ་བཤེར་ཚོགས་པས་རྒྱ་གར་ནང་བོད་སྐད་ཤོད་མཁན་གྱི་མི་གྲངས་སྟོང་ཕྲག་བཅུ་ལས་ཉུང་བ་ཡིན་པའི་ལྟ་སྟངས་འཛིན་གྱི་ཡོད། དེ་བཞིན། རྒྱ་གར་ཤེས་ཡོན་ཞིབ་འཇུག་ཚོགས་པས་བྷོ་ཊ་ཡའི་སྐད་།(Bhotia)དང་བྷོ་དྷི་(Bodhi)མཚན་ཐོག་ནས་སློབ་གྲྭའི་ནང་གི་འཁྲིད་བྱའི་སློབ་ཚན་ཞིག་ལས་མིན་པར་འདོད་ཚུལ་བཤད་ཀྱི་ཡོད་པ་མ་ཟད། བླ་མ་ཆོས་འཕེལ་བཟོད་པས་དེ་ནི་དགག་རྡོ་ཞིག་ལ་བསམས་ནས། སྐད་ཡིག་དེ་དང་འབྲེལ་ཡོད་ཚོས་ནུས་པ་ཉམས་སྤུངས་དགོས་པ་དང་། གོ་རྟོགས་ཁྱབ་སྤེལ་གྱི་དོན་དུ་རིག་གཞུང་གླེང་རེས་དང་། ཚོགས་འདུ་སྐོང་ཚོགས་དུ་མའི་ཁོར་ཡུག་བསྐྲུན་དང་སྐྲུན་བཞིན་ཡོད། དེ་ཡང་ཕྱི་ལོ་ ༢༠༠༧ ལོར་རྒྱལ་ས་ལྡི་ལིར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། དེའི་ནང་རྒྱ་གར་དབུས་གཞུང་གི་རྒྱ་གར་གྱི་སྐད་ཡིག་ལྟེ་གནས་ཁང་ནས་སྐད་བརྡ་རིག་པའི་ཁྱད་མཁས་དང་། མི་འབོར་ཞིབ་བཤེར་ཚོགས་པའི་ཆེད་ལས་པ། བོད་ཡིག་གི་མཁས་པ་བཅས་བསྐངས་ཡོད། །

བགྲོ་གླེང་ཚོགས་འདུ་དེའི་མཇུག་འབྲས་སུ།  རྒྱལ་ཁབ་ཀྱི་གཞུང་འབྲེལ་ཚོགས་པ་ཞིག་གིས་གྲངས་ཉུང་མི་རིགས་ཀྱི་ཆེད་དུ་རྒྱུ་ཡོན་སྦྱར་བའི་སྒོ་ནས། རྒྱ་གར་དབུས་གཞུང་གི་རྒྱ་གར་གྱི་སྐད་ཡིག་ལྟེ་གནས་ཁང་གིས་བོད་ཡིག་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ནང་ཚུད་ཐབས་དང་། ཞིབ་འཇུག་གི་སྣེ་ཁྲིད་བྱ་རྒྱུ་བྱས་པ་རེད། ཕྱི་ལོ་༢༠༠༩ལོར་ཚོགས་པ་དེས་བོད་ཡིག་གི་གནད་དོན་ལ་བརྟག་ཞིབ་བྱས་པ་དང་། ངོས་འཛིན་དང་ཡར་རྒྱས་ཀྱི་འཆར་འགོད། (Case Study of Boti language: Planning for recognition and Development) ཅེས་པའི་བརྗོད་གཞིའི་སྟེང་ཞིབ་འཇུག་གི་སྙན་ཐོ་ཞིག་སྤེལ་ཡོད། དེས་བོད་ཡིག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བརྒྱད་པའི་ནང་ཚུད་དགོས་པ་དང་། ཧི་མ་ལ་ཡའི་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་རྒྱུན་གནས་དང་། དེ་ཚོར་ཡིག་གཟུགས་ཡོད་པ་ངོས་ལེན་བྱས་ཡོད། ཊིབ་ཊོ་བར་མན་(Tibto-Burman)གྱི་ཁྱབ་ཁོངས་དང་བོད་ཀྱི་སྐད་ཡིག་གི་གྲས་སུ་ཡོད་པའི་ལ་དྭགས་ཀྱི་སྐད་ཡིག་དང་། བྷོ་ཊ་ཡའི་སྐད་ཡིག་(Bhotia)ལྟ་བུ་ལ་དུས་དང་མཐུན་པའི་མཐུན་རྐྱེན་མཁོ་སྤྲོད་བྱ་རྒྱུ་ཡིན་པ་བརྗོད་ཡོད། །

ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་རིགས་ཚོས་ལས་འགུལ་རྒྱུན་མཐུད་དང་བརྟན་པོ་བྱས་སྟབས། རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་སྐད་ཡིག་གི་གནད་དོན་དེ་གལ་ཆེན་ཞིག་ལ་ངོས་ལེན་བྱས་ཡོད། ཕྱི་ལོ་ ༢༠༡༣ ལོའི་སྤྱི་ཟླ་ ༩ པའི་ནང་། གཞུང་འབྲེལ་ངོས་འཛིན་བྱེད་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་གཏན་འབེབས་མ་བྱས་པའི་སྔོན། མཐོ་རིམ་བློན་ཆེན་ལྷན་ཚོགས་ཀྱིས་གནད་དོན་དེ་ལ་ཞིབ་འཇུག་བྱས་རྗེས།  བོད་ཡིག་ཚུད་པའི་སྐད་རིགས་མི་འདྲ་བ་ ༣༨ ལ་ངོས་ལེན་བྱ་རྒྱུའི་འགྲེལ་བརྗོད་བྱས་ཡོད། དེས་ན་ཁོང་ཚོའི་ཞིབ་འཇུག་གི་གྲུབ་དོན་ནི། བོད་ཡིག་གི་མ་འོངས་པའི་ལས་དབང་ཞིག་ཆགས་ཡོད། །

མཆན།

 ༡༽ གོང་འཁོད་བརྩམས་ཆོས་འདི་ནི། ལ་དྭགས་ཀྱི་ཟླ་རེའི་དུས་དེབ་ལྟ་བ་༼stawa༽ཞེས་པ་ལོ་འདིའི་འདོན་ཐེངས་གསུམ་པའི་སྟེང་བཀོད་པ་ཞིག་ཡིན། རྩོམ་པ་པོ་ནི་ཇམ་མུ་ཀཤྨིར་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དང་། རིགས་རུས་ཞན་པའི་(ST)མི་མང་ལྟ་སྐྱོང་ཚོགས་པའི་ཚོགས་མི་ཟུར་པ།  དེ་བཞིན་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཟུར་བ་ཞིག་ཀྱང་ཡིན།

༢༽ ཀློག་པ་པོ་ཚོས་གོང་འཁོད་བརྗོད་བྱར་ཁ་གསལ་མེད་པ་དང་། ཐེ་ཚོམ་གྱི་རིགས་བྱུང་ཚེ། མ་རྩོམ་དབྱིན་ཡིག་ནང་ཡོད་པ་དེར་གཟིགས་པར་ཞུས།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese