མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་ལ་གཅིག་གྱུར་ཅན་ཇི་ལྟར་བསྐྱར་བཞེངས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་ཟུར་པ་དང་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཆཱར་ལེ་སི་ཝེ་ལིམ་ཨི་ལའོ་ཌི་(Charles W. Eliot )གྱིས་བརྩམས།

ཚེ་རིང་རྒྱལ་གྱིས་བསྒྱུར།

འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས། རྒྱལ་སྤྱིའི་སྒྲིག་གཞིའི་གདུང་འདེགས་ཀ་བར་གྱུར་བའི་ཡོངས་ཁྱབ་རང་བཞིན་གྱི་ངོས་འཛིན་ཞིག་སྟེ། འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་ནི་སྤྱི་ཚོགས་སྔར་བའི་དར་རྒྱས་དང་ཞི་བདེ་ཡོང་བའི་ནུས་སྟོབས་སུ་མོས་མཐུན་བྱེད་ཀྱིན་ཡོད། དེའང་འཛམ་གླིང་ཚོང་དོན་ཆོད་ཡིག་བཞག་པ་ནས་ཡུ་རོབ་གཅིག་གྱུར་ཅན་འཆར་འགོད་བྱུང་བ། བྷིར་ཊོན་ནགས་ཀྱི་སྒྲོམ་གཞི་ (Bretton Woods system)བཟོས་པ་ནས་མ་གཞི་ཡོངས་ཁྱབ་ཏུ་གནས་པའི་མ་རྩ་བཀག་སྡོམ་དོ་དམ་མེད་པ་བཟོས་བ། ཕྱི་རྒྱལ་ཚོང་པས་ཐད་ཀར་མ་འཇོག་བྱེད་པ་འཕར་སྣོན་བྱུང་བ་ནས་མི་ཚོགས་རྒྱལ་མཚམས་བརྒལ་ནས་འཁོར་སྐྱོད་བྱེད་པ་ཇེ་མང་ཕྱིན་པ་སོགས་སྤྱིའི་འཕེལ་ཕྱོགས་གསལ་པོ་ཡིན། རྒྱལ་ནང་དཔལ་འབྱོར་ཡར་རྒྱས་དང་གྲུ་ཐོག་དོས་སྒམ་སྐྱེལ་འདྲེན། གནས་འཕྲིན་དྲ་བ་སོགས་གཅིག་གྱུར་ཅན་གྱི་ལག་རྩལ་འཕེལ་རྒྱས་དང་། རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་ཕན་ཚུན་བར་ཁྲིམས་བཟོ་བསྐྱར་བཅོས་སོགས་ཀྱི་སྒུལ་ཤུགས་འོག འཛམ་གླིང་སྔར་བས་ཇེ་ཆུང་དང་སྔར་ལས་གཅིག་ལ་གཅིག་རྟེན་ཆགས་ཡོད།

གནས་བབ་དེ་ཡིས་གཅིག་གྱུར་ཅན་ལེགས་འགྲུབ་ནི་རྒྱུན་གཏན་གྱི་རེ་སྙེགས་ལས་བརྒལ་ཟིན་པ་བདེན་དཔང་བྱས་ཡོད། དེ་བཞིན། རྒྱལ་ཁབ་ཆེན་པོའི་བར་བསྐྱར་དུ་དམག་འཁྲུག་བྱུང་མེད་ལ། འདས་པའི་ལོ་རྒྱུས་དུས་སྐབས་གང་ལ་བསྡུར་ཀྱང་འཛམ་གླིང་ཡུལ་གྲུ་སོ་སོའི་དམངས་ཀྱི་འཚོ་བའི་གནས་ཚད་འཕེལ་རྒྱས་མགྱོགས་ཤིང་། ཐ་ན་དངོས་པོ་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་སུ་འགྲོ་བ་མིའི་རིགས་བཀྲེས་ལྟོགས་དཀའ་སྡུག་ལས་རྣམ་པར་རྒྱལ་བ་དང་། བུད་མེད་རྣམས་ལའང་ཁེ་དབང་ཐོབ་པ། ཡིག་རྨོངས་བ་ཇེ་ཉུང་དང་མིའི་ཚེ་ཚད་ཇེ་རིང་ཕྱིན་པ་སོགས་ཀྱི་ཐད་ནས་ཡར་རྒྱས་ཀྱི་རྣམ་པ་སྔར་ལས་མགྱོགས། ད་རུང་ལོ་འགའ་ཕྱིན་ཚེ་རིག་ལྡན་ལག་འཁྱེར་ཁ་པར་ཀྱི་གྲངས་འབོར་དེ་འཛམ་གླིང་གི་མི་དར་མའི་སྤྱི་འབོར་ལས་ཀྱང་བརྒལ་ངེས་ཡིན་ལ། ས་ཡི་གོ་ལ་ཆེན་པོ་འདིས་མི་འབོར་སྔར་ལས་མང་པོ་ཞིག་ལ་མཐུན་འགྱུར་མང་པོ་བསྐྲུན་ཐུབ་སྲིད། གནས་སྟངས་དེ་ནི་འདས་པའི་དུས་སྐབས་གང་གིས་ཀྱང་བསྡུར་ཐབས་བྲལ་བ་ཞིག་རེད།

ཡིན་ནའང་། ནུབ་ཕྱོགས་སུ་འཛམ་གླིང་གཅིག་གྱུར་ཅན་ལ་རྒོལ་བའི་རླབས་རྒྱུན་ཞིག་འཕྱུར་འོང་གིན་ཡོད། ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཀྱི་འགྲན་ཞུགས་འོས་མི་གཙོ་བོ་བཞི་སྟེ། ཧའེ་ལི་རེ་ཁི་ལིན་ཊོན་(Hillary Clinton)དང་། བྷེར་ནེའུ་སན་ཌིར་སི(Bernie Sanders)། ཊོ་ནལ་ཌི་ཋོན་ཕའུ(Donald Trump)། ཁྲའེ་ཌི་ཁི་ར་ཟི་(Ted Cruz)བཅས་ཚང་མའི་ངོས་ནས། ཉེ་དུས་ཀྱི་གལ་ཆེའི་རང་མོས་ཉོ་ཚོང་གྲོས་གཞི་སྟེ་ <<ཞི་བདེ་རྒྱ་མཚོ་བརྒལ་བའི་མཛའ་འབྲེལ་ཆོད་ཡིག>> (Trans-Pacific Partnership, TPP) ལ་ངོ་རྒོལ་བྱས་ཡོད། སྤྱི་མཐུན་ཚོགས་པའི་ཁྲོད་ནས་སྲིད་འཛིན་འོས་མིར་བསླེབ་སྲིད་པའི་ཋོན་ཕའུ་ཡིས་མའེ་སའེ་ཁའོ་(México)དང་ཨ་རིའི་རྒྱལ་མཚམས་རྩིག་གྱང་གིས་གཅོད་དགོས་པ་དང་། ཉོ་ཚོང་ཆོད་ཡིག་རྩིས་མེད་གཏོང་དགོས་པ། ཁ་ཆེ་བ་ཚོར་གནོན་སྐྱོན་བཟོ་དགོས་སྐོར་ཤོད་ཀྱིན་ཡོད། སྤྱི་ཚོགས་ཁྲོད་གླེང་གཞི་དེ་རིགས་ལ་ཋོན་ཕའུ་མི་སྒེར་ལས་ཀྱང་ལྷག་པར་དགའ་མོས་འཐོབ་བཞིན་ཡོད། དེ་བཞིན། ཡུ་རོབ་མཉམ་འབྲེལ་ལས་དབྱིན་ཡུལ་ཁ་འབྲལ་རྒྱུའི་ལས་འགུལ་ལའང་རྒྱབ་སྐྱོར་ཤུགས་ཆེན་པོ་འོང་གིན་ཡོད། ད་དུང་། ཉམ་ཐག་ཡུལ་འཁྱར་བ་དང་ཡུལ་བྱོལ་སྐྱབས་བཅོལ་བ་ཕོན་ཆེན་པོ་ཡུ་རོབ་རྒྱལ་ཁོངས་སུ་འཛུལ་བའི་གནོན་ཤུགས་འོག ཡུ་རོབ་རྒྱལ་ཁབ་ཕན་ཚུན་བར་རྒྱལ་མཚམས་བཀག་སྡོམ་མེད་པའི་དམ་བཅའ་ཡང་ནུས་མེད་འཆག་བཞིན་ཡོད། གཙོ་བོ་ནི་ཆབ་སྲིད་ཀྱི་རྐྱེན་ལ་བརྟེན་ནས་ཚད་བཀག་སླེབས་པ་དང་། རྒྱལ་སྤྱིའི་དངུལ་རྩ་སྒྲིག་གཞིའི་འཕེལ་འགྲོས་ཀྱིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྗེས་ཆོད་ཀྱིན་མེད་པ་བཅས་ལ་ཐུག་ཡོད།

གཅིག་གྱུར་ཅན་ལ་ངོ་རྒོལ་གྱི་རྒྱབ་ལྗོངས་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཤེས་ཡོན་གྱིས་འདང་གི་མེད་པ་དེ་རེད། མི་སུས་ཀྱང་སོ་སོའི་ལས་ཕོགས་ཀྱིས་གྱོན་ཆས་དང་རྩེད་ཆས། གཞན་པའི་ཚོང་རྫས་སོགས་ཁུག་ཚད་སྔར་ལས་ལྡབ་གཅིག་འཕར་སྣོན་བྱུང་ཡོད་པ་རྒྱུ་མཚན་དུ་བྱས་ནས། འཛམ་གླིང་ཉོ་ཚོང་ལ་བཀའ་དྲིན་ངོ་སོ་སྤྲོད་མཁན་སུ་གང་མེད་ལ། དེ་བཞིན། ལེགས་འགྲུབ་བྱུང་ཡོད་པའི་ཕྱིར་ཚོང་པ་དག་གིས་ཀྱང་། ལེགས་འགྲུབ་འབྱུང་རྐྱེན་མཐའ་དག་ནི་སྒེར་གྱི་རང་ནུས་ཁོ་ན་ཡིན་པར་སྒོམ་སྟེ་རྒྱལ་སྤྱིའི་གྲོས་ཆོད་ཀྱི་ནུས་པར་ངོ་སོ་སྤྲོད་ཀྱིན་མེད། དེར་བརྟེན། མང་ཚོགས་ཀྱིས་འཛམ་གླིང་གཅིག་གྱུར་གྱི་དགེ་ཕན་ཤེས་རྟོགས་ཡོང་རྒྱུར། འུ་ཚོའི་མགོ་ཁྲིད་དང་ཚོང་ལས་མི་སྣ་ཚོས་སློབ་གསོ་རྒྱག་དགོས་ངེས་ཤིག་ཆགས་ཡོད། ཡིན་ནའང་། ད་ལྟ་དུས་བབ་འཕྱི་དྲགས་འདུག་པ་འདྲ། འཕེལ་ཕྱོགས་དེ་ནོར་འཁྲུལ་ཅན་གྱི་ཕྱོགས་སུ་སྐྱོད་ཀྱིན་འདུག དེར་མཇུག་འབྲས་ག་འདྲ་ཡོང་མིན་ནི་བློ་དོགས་མི་བདེ་བའི་གནས་ཤིག་རེད།

འོན་ཀྱང་། གཅིག་གྱུར་ཅན་ལ་ངོ་རྒོལ་གྱི་ཚོར་ཤུགས་དེའི་འབྱུང་རྩ་ནི། གནས་ལུགས་བྲལ་བ་དང་དོན་དག་གང་ཡང་མེད་པར་བྱུང་བའི་ལྟ་ཚུལ་ཞིག་ཀྱང་མ་རེད། མི་དམངས་ཀྱི་བསམ་པར་འཛམ་གླིང་གཅིག་གྱུར་ཅན་ནི་མཐོ་རིམ་མི་སྣས་ཁྱབ་སྤེལ་བྱས་པ་ཞིག་དང་། མཐོ་རིམ་མི་སྣར་ཞབས་འདེགས་སྒྲུབ་བྱེད་ཅིག་ཡིན་པ་ལས། གཞི་རྩའི་ཐོག་ནས་མང་ཚོགས་ཕལ་བའི་ཁེ་ཕན་ལ་བསམ་གཞིག་བྱས་མེད་པ་ཞིག་ཏུ་ཚོར་གྱིན་ཡོད། དེ་བཞིན། མང་ཚོགས་ཀྱི་བསམ་པར་འཛམ་གླིང་གཅིག་གྱུར་ཅན་གྱི་གྲོས་རིམ་ནི་བཟོ་ཚོང་ཆེན་པོ་དག་གིས་གཏན་འབེབས་བྱས་པ་ཞིག་དང་། དེའི་དམིགས་ཡུལ་ཡང་རྒྱལ་ཁབ་འདྲ་མིན་བར་འགྲན་རྩོད་བསླངས་ཤིང་། འགྲན་རྩོད་དེའི་ཁྲོད་ནས་སོ་སོར་ཁེ་ཕན་འཐོབ་ཐབས་བྱ་རྒྱུ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། མང་ཚོགས་ཀྱིས་ <<པཱ་ན་མཱའི་ཚགས་ཡིག>> ཁྲོད་ཐོན་པའི་གནས་ཚུལ་ཁག་ལྟ་ཀློག་བྱས་པ་བརྒྱུད། མ་གཞི་འཛམ་གླིང་གཅིག་གྱུར་ཅན་དེས་བསོད་བདེ་ཅན་གྱི་མི་ཉུང་ཤོས་ཤིག་ཁྲལ་དངུལ་དང་ལྟ་སྐུལ་དོ་དམ་ལས་གཡོལ་ཐབས་གྱི་གོ་སྐབས་བསྐྲུན་པ་ཙམ་ལས། དེ་ལས་གཞན་པའི་མང་ཚོགས་ལ་ཐོབ་ཐང་དེ་རིགས་ལོངས་སྤྱོད་ཀྱི་བགོ་སྐལ་མེད་པར་ངོས་འཛིན་བྱུང་ཡོད། འཛམ་གླིང་གཅིག་གྱུར་ཅན་དང་འབྲེལ་ནས་བྱུང་བའི་གནོད་སྐྱོན་དེ་དག རྒྱལ་ནང་གི་གླ་བདག་ཆེ་གྲས་ཚོས་ཕྱིའི་རྒྱལ་ཁབ་ཀྱི་ཁ་གཏད་པར་འགྲན་ཡ་མ་ཐུབ་པའི་སྐབས་སུ། ད་གཟོད་སྤྱི་ཚོགས་ཁྲོད་བྱུར་ཉེས་མཇུག་འབྲས་སྣ་ཚོགས་བསྐྲུན་འོང་གིན་པ་མཐོང་བཞིན་ཡོད།

འདི་དག་གི་འཕྲོར། གནས་ཚུལ་ག་རེ་འབྱུང་རྒྱུ་ཡིན་ནམ། ཡང་ན་ཅི་ཞིག་འབྱུང་འོས་སམ། གཅིག་བྱས་ན། མཐོ་རིམ་མི་སྣ་དག་གིས་མུ་མཐུད་དུ་གཅིག་གྱུར་ཅན་འཚོལ་སྙེག་དང་སྲུང་སྐྱོབ་བྱས་ཏེ། མང་ཚོགས་ཀྱི་རྒྱབ་སྐྱོར་འདང་ངེས་ཤིག་རྩོལ་ལེན་ཡོང་རྒྱུར་རེ་བ་འཆང་སྲིད། ཡིན་ནའང་། ཨ་རིའི་སྲིད་འཛིན་འགྲན་རྩོད་དང་ཡུ་རོབ་མཉམ་འབྲེལ་ལས་དབྱིན་ཡུལ་ཕྱིར་འཕུད་ཀྱི་གླེང་སློང་གནས་སྟངས་ལ་བལྟས་ན། ཐབས་ཇུས་དེ་རིགས་ཤ་རུད་ཁྲག་སྐམ་གྱི་གནས་སྟངས་ཤིག་ལ་སླེབས་ཚར་པ་འདྲ། དེ་བས་འཛམ་གླིང་གཅིག་གྱུར་ཅན་གྱི་སྣང་ཚུལ་གསར་པ་འདིའི་གོམ་ཁ་མཚམས་འཇོག་སྲིད། དེའང་སྔར་བྱུང་གྲུབ་འབྲས་གང་དེར་སྲུང་སྐྱོབ་དང་དུས་མཚུངས་སུ། ཚན་རྩལ་དང་འབྱོར་འབྲིང་རྒྱལ་ཁབ་མང་དུ་འཕེལ་བ་བརྒྱུད། མུ་མཐུད་དུ་གཅིག་གྱུར་ཅན་ལ་འབད་རྩོལ་གྱི་རྒྱུན་དེ་འཆད་མི་སྲིད་པ་མ་རེད།

ལྷག་པར་དུ་འཛམ་གླིང་འཁྲུག་ཆེན་དང་པོ་ནས་གཉིས་པའི་བར་གྱི་དུས་སྐབས་དེའི་ཉམས་མྱོང་ལ་གཞིགས་ན། ནུས་ལྡན་གྱི་འགན་སྲུང་མེད་པའི་འཛམ་གླིང་དཔལ་འབྱོར་སྒྲོམ་གཞི་དང་། གཅིག་གྱུར་གྱི་འཛམ་གླིང་སྒྲིག་འཛུགས་སྟོབས་ལྡན་ཞིག་མེད་པའི་གནས་བབ་འདིའི་འོག “དོ་དམ་མེད་པའི” འཛམ་གླིང་གཅིག་གྱུར་ཅན་ཞིག་ལེགས་འགྲུབ་ཀྱི་འདུ་ཤེས་མི་མང་ལ་བསྐྲུན་ཐུབ་རྒྱུ་ཁག་པོ་རེད།

འདི་ལྟའི་བསམ་ཚུལ་རིགས་ལ་སྔར་ལས་ལྷག་པའི་རེ་བ་ཡོད་སྲིད་དེ། འཛམ་གླིང་གཅིག་གྱུར་ཅན་ནི་ “དམའ་རིམ་ནས་གོང་རིམ” དུ་སྐུལ་འདེད་བྱ་དགོས་རྒྱུ་ལས། “གོང་རིམ་ནས་དམའ་རིམ” དུ་ཁྱབ་སྤེལ་བྱ་རྒྱུ་དེ་མ་ཡིན་ནོ། དེར་བརྟེན། གནད་ཀྱི་གཙོ་བོ་དེ་གཅིག་གྱུར་ཅན་ལ་སྐུལ་འདེད་བྱེད་པ་ནས་མཇུག་འབྲས་ལ་དོ་དམ་བྱེད་པའི་ཕྱོགས་སུ་བསྒྱུར་རུང་བ་ཞིག་རེད།

སྣང་ཚུལ་འདི་ལས། དོ་སྣང་བྱ་ཡུལ་དེ་རྒྱལ་སྤྱིའི་ཚོང་ལས་ཆོད་ཡིག་ནས་རྒྱལ་སྤྱིའི་འཆམ་མཐུན་གྲོས་གཞིའི་ཕྱོགས་སུ་སྐྱོད་ཀྱིན་པ་བསྟན་ཡོད། རྒྱལ་སྤྱིའི་འཆམ་མཐུན་གྲོས་གཞིའི་ཁྲོད་ཀྱི་ངལ་རྩོལ་ཁེ་དབང་དང་ཁོར་ཡུག་སྲུང་སྐྱོབ་གནད་དོན་སོགས་ཀྱི་གལ་ཆེ་རང་བཞིན་ནི། ཕྱིའི་ཐོན་སྐྱེད་ཚོང་ལས་ལ་ཆོག་མཆན་སྤྲོད་པ་དང་འབྲེལ་བའི་གནད་དོན་དག་ལས་ཆེས་ཆེར་བརྒལ་ཡོད། ད་དུང་སྣང་ཚུལ་འདི་ལས། རྒྱལ་མཚམས་བརྒལ་བའི་མ་རྩ་འཁོར་སྐྱོད་བརྒྱུད་ཁྲལ་དངུལ་དང་ལྟ་སྐུལ་དོ་དམ་གཡོལ་པའི་མ་དངུལ་འབོར་ཆེན་ལ་རོགས་ཕན་སྒྲུབ་ཀྱིན་པ་དེར། ང་ཚོས་ཆབ་སྲིད་ཀྱི་མ་རྩ་འདང་ངེས་ཤིག་སྤྱད་ནས་ཁ་གཏད་གཅོག་དགོས་པ་ལས། མིག་སྔའི་ཚོང་དོན་ཆོད་ཡིག་གིས་བསྐྲུན་པའི་ཆབ་སྲིད་མ་རྩའི་ནང་མགོ་འཐོམ་ནས་སྡོད་མི་རུང་བ་བསྟན་ཡོད། གཞན་ཡང་། སྣང་ཚུལ་འདི་ལས། འཛམ་གླིང་ཡུལ་གྲུ་སོ་སོའི་འབྱོར་འབྲིང་གྲལ་རིམ་གྱི་ཕ་མ་རྣམས་ཀྱིས་གདོང་ལེན་བྱ་ཡུལ་ཏེ། ཁོ་ཚོའི་ཕྲུ་གུ་རྣམས་ཀྱིས་རང་ཉིད་ལས་ལེགས་པའི་འཚོ་བ་བཟང་པོ་ཞིག་སྐྱེལ་ཐུབ་མིན་ཐད། ཁོ་ཚོར་དོགས་སློང་སྐྱེ་བཞིན་པའི་མོད་ལ། སྔར་བཞིན་རེ་ལྟོས་ཀྱང་ཆེན་པོ་བྱེད་བཞིན་དེ་གནད་ཀྱི་གཙོ་བོ་འཛིན་དགོས་པ་བསྟན་ཡོད་དོ།།

ཟུར་མཆན། ཞིན་ཝེ་ཡིས་རྒྱ་བསྒྱུར་གྱིས་དབྱིན་ཡུལ་གྱི་ <<དངུལ་རྩ་དུས་བབ>> སྟེང་བཀོད་པའི་རྒྱ་ཡིག་ལས་བོད་བསྒྱུར་བྱས།

རྒྱ་ཡིག་དྲ་ཐག http://www.ftchinese.com/story/001067049?full=y

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese