མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་མི་མང་ལ་རྡོག་རྩ་ཆིག་སྒྲིལ་དགོས་པའི་ལམ་སྟོན་ཡང་ཡང་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སྔོན་མ་ནས་ཁོང་གི་གཟིམ་ལམ་དུ་དགུང་གྲངས་ ༡༡༣ ལ་བཞུཊ་རྒྱུའི་རྟེན་འབྲེལ་གསལ་པོ་ཡོང་གི་ཡོད་པས་བློ་བདེ་པོ་བྱོས་གསུངས་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་མཇལ་བཅར།ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་དྷ་རམ་ས་ལ་རུ། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། གདན་ས་གསུམ་དང་རྣམ་རྒྱལ་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། བཀྲིས་ལྷུན་པོ། རྭ་སྟོད་བཅས་ཀྱི་མཁན་རིན་པོ་ཆེ་དང་མཁན་ཚབ་རྣམ་པ། དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལྷན་འཛོམས་ཀྱིས། ཉེ་ལམ་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གྱི་གཙོས་པའི་ཕྱི་ནང་གི་གནད་དོན་ཁ་ཤས་ཀྱི་རྐྱེན་པས་༧གོང་ས་མཆོག་དགོངས་པ་འཁྲུག་པའི་གནས་ཚུལ་དང་འབྲེལ་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་སྐོང་གནང་ཡོད་པ་དང་། ཚོགས་འདུའི་སྟེང་གྲོས་ཆོད་དོན་ཚན་གསུམ་བཞག་སྟེ་༧གོང་ས་མཆོག་ལ་སྙན་གསེང་ཞུས་པ་དང་སྦྲགས། ཁོང་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་སྐབས་སྔོན་མ་ནས་གཟིམ་ལམ་དུ་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་རྟེན་འབྲེལ་གསལ་པོ་ཡོང་གི་ཡོད་སྐོར་གསུངས་ཏེ། སྐུ་ཚེ་ཡུན་རིང་བརྟན་པའི་བཀའ་བཞེས་ཐོབ་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་དྷ་ས་མེག་གྷན་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་དུ། ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་བའི་ཐོག ཁོང་གིས་ད་ལན་ང་ཚོར་ཕལ་ཆེར་ཆུ་ཚོད་ ༡།༣༠ ཙམ་གྱི་རིང་བཀའ་མོལ་ལྷོད་ལྷོད་བྱས་ཏེ་ཞུ་བའི་གོ་སྐབས་བྱུང་། སྐབས་དེར་༧གོང་ས་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་ཡོད་པ་དེ་གསལ་པོ་ཞེ་དྲགས་ཆགས་སོང་། ༧གོང་ས་མཆོག་ནས་བར་ལམ་ང་རང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་བྱུང་སྟངས་ཁ་ཤས་ལ་བརྟེན་ནས་ང་རང་ཚོ་བློ་འཚབ་སྐྱེས་དགོས་པའི་གནས་ཚུལ་བྱུང་སོང་། ཡིན་ནའང་ད་ལན་ལྷན་རྒྱས་ཚོ་དམ་གཙང་ཤ་སྟག་ཅིག་འདི་ལྟར་འཛོམས་ཏེ་ང་ལ་རེ་སྐུལ་གནང་བ་རེད། ཡིན་དང་ཡིན། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་། སྔོན་མ་ནས་གཟིམ་ལམ་དུ་ཡང་ནས་ཡང་དུ་དགུང་ལོ་ ༡༡༣ ལ་སྡོད་པའི་རྟེན་འབྲེལ་གསལ་པོ་བྱས་ནས་ཡོང་གི་ཡོད་ལ། ད་ལྟའི་ཆར་སྐུ་གཟུགས་ཡིན་ནའང་ཡག་པོ་ཞེ་དྲགས་ཡོད་སྐོར་གསུངས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ཁོང་གིས་མཇལ་བཅར་སྐབས་༧གོང་ས་མཆོག་ནས་མ་འོངས་པར་ལས་དོན་ཚང་མ་ཚགས་ཚུད་ལམ་ལྷོང་ཡོང་སླད་ཚང་མས་འཁུར་མཉམ་ལེན་དགོས་པའི་ལམ་སྟོན་གནང་ཡོད་སྐོར་བརྗོད་དོན། མ་འོངས་པར་མུ་མཐུད་ལོ་བཅུ་གྲངས་ཤིག་གི་རིང་སྐུ་ལས་བསྐྱོན་ནས་ཕྱག་ལས་གནང་ཐུབ་པ་ཞིག་ཡོང་གི་རེད་ལ། དུས་ཡུན་དེའི་རིང་ཆོས་ལུགས་བརྒྱུད་དང་བཅས་པའི་དབུ་ཁྲིད་ཚོ་དང་། བོད་མིའི་སྤྱི་ཚོགས་ནང་ལོགས་ཀྱི་དབུ་ཁྲིད་ཚོ་ཚང་མའི་ངོས་ནས་འབད་བརྩོན་ཤུགས་ཆེན་གནང་སྟེ། ལས་དོན་ཚང་མ་ཚགས་ཚུད་པོ་དང་ལམ་ལྷོང་ཡོང་བ་ཞིག་བྱེད་དགོས་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་སྐོར་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་དགེ་འདུན་པའི་འཕྲོད་བསྟེན་དང་འབྲེལ་བའི་ཚོགས་འདུ་རྒྱས་པ་ཞིག་འཚོགས་འཆར་ཡོད་ལ། ཚོགས་འདུ་དེ་མ་འཚོགས་གོང་མཁན་པོ་རྣམ་པ་ཚོ་དགོན་པ་སོ་སོའི་ནང་ཕེབས་ཏེ། འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ཐོག་ཡར་རྒྱས་དང་བསྒྱུར་བཅོས་གཏོང་དགོས་པ་གང་ཡོད་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་བཞག་པའི་གྲོས་ཆོད་གསུམ་ནི། ༡༽༸གོང་ས་མཆོག་གི་ལྷ་དགོངས་འཁྲུག་པ་དང། ཐུགས་འཚབ་བྱུང་བ། ཐུགས་ཕམ་བྱུང་བ་དེ་དག་སེལ་བའི་ཐབས་ཤེས་ལ་ང་ཚོ་རི་བོ་དགེ་ལྡན་པའི་ཕྱོགས་ནས་སྒོ་གསུམ་ཐོག་ནས་ནུས་པ་ཡོད་ཚད་བཏོན་ནས་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ཡིན།

༢༽ང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔ་ཡོངས་སུ་རྫོགས་པ་རྡོག་རྩ་ཆིག་སྒྲིལ་དགོས་པ་ཤིན་ཏུ་གལ་ཆེན་མཐོང་བ་དང་། བར་ལམ་ལས་རིམ་སྣ་ཚོགས་ཀྱི་རྐྱེན་ལ་བརྟེན་ནས་དེར་ཉམས་རྒུད་བྱུང་ཡོད་པའི་དོགས་ཟོན་ཡོང་གི་འདུག་པས། ༸གོང་ས་མཆོག་ཀྱང་དེ་ལ་ཐུགས་འཚབ་མཛད་བཞིན་ཡོད་པ་བསམ་བཞིན་ཡོད། དེར་བརྟེན་ང་ཚོ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྤྱི་ཡོངས་ནས་ཆོས་བརྒྱུད་གཞན་གྱི་དབུ་ཁྲིད་ཚོར་བོད་མི་ཚང་མ་ལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་སྩལ་རྒྱུའི་གསོལ་འདེབས་ཞུ་རྒྱུ།

༣༽བཀའ་སྤྱི་གཉིས་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གོང་བུའི་སྟོབས་ཤུགས་ལ་དོ་ཕོག་ཅུང་ཟད་ཙམ་ཡང་མི་འབྱུང་ཆེད་འབད་པ་ལྷོད་མེད་གནང་སྐྱོང་ཡོང་བ་དང། ལྷག་པར་དུའང་ད་ལམ་བཀའ་ཁྲི་ཟུར་པ་རྣམ་པ་དང། སྤྱི་འཐུས་ཚོགས་ཟུར་རྣམ་པ། བཀའ་ཟུར་རྣམ་པ་བཅས་ཟླ་ ༤ ཚེས་ ༡༡ ཉིན་བཀའ་སྤྱི་ལྷན་རྒྱས་སར་ཆེད་བཅར་གྱིས་ཛ་དྲག་གི་གནད་དོན་རེ་སྐུལ་དོན་ཚན་ལྔ་སྙན་སེང་ཞུས་པ་རྣམས་གང་མགྱོགས་ཕྱག་ལེན་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ནས། བཀའ་སྤྱི་ལྷན་རྒྱས་ནས་དོན་ཚན་དེ་དག་ཅིས་ཀྱང་ཕྱག་ལེན་དུ་འཁེལ་བ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་བཅས་རེད་ལ། གལ་ཆེའི་དོན་གནད་གསུམ་དེ་ངེས་པར་དུ་ཕྱག་བསྟར་དགོས་པའི་འབོད་སྐུལ་དང་སྦྲགས་བཀའ་སྤྱི་གཉིས་ལའང་ཕུལ་ཡོད་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 1

  1. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    སངས་རྒྱས་གྲངས་མེད་བྱོན་པའི་མ་འཐུལ་བའི། མ་རུང་གདུལ་དཀའ་སྙིགས་དུས་འགྲོ་བ་ལ། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། ༧སྐྱབས་མགོན་ཐུགས་རྗེ་ཅན་ཁྱོད་བརྟན་པར་བཞུགས། འཁོར་བ་མ་སྟོང་བར་དུ་བཞུགས་སུ་གསོལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese