མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སངས་རྒྱས་ཀྱི་བསྟན་པ་འཛིན་པའི་འགན་དབང་དེ་མི་གཅིག་ལ་རག་ལས་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དགེ་སློབ་ཁག་ཅིག་ལ་བླང་དོར་བཀའ་སློབ་གནང་སྐབས་སངས་རྒྱས་ཀྱི་བསྟན་པ་གྲྭ་བཙུན་དང་མི་སྐྱ་ཕོ་མོས་འཛིན་དགོས་པ་ལས་རྒྱལ་བ་རིན་པོ་ཆེ་ཡོད་མེད་ལ་ཁྱད་པར་ཞེ་དྲགས་མེད་སྐོར་གསུངས་འདུག

Untitled-1ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་གི་མཇལ་འཕྲད་ཁང་དུ། བོད་པའི་སློབ་གྲྭ་ཁག་ ༢༠ ནས་སློབ་དགེ་དང་རྒན་བདག་བཅས་མི་གྲངས་ ༦༠ ལ་༧གོང་ས་མཆོག་ནས་བླང་དོར་གྱི་བཀའ་སློབ་གནང་སྐབས། སློབ་ཕྲུག་ཅིག་གིས་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་ཡང་སྲིད་རྒྱ་ནག་གཞུང་ལ་ངོས་འཛིན་བྱེད་པའི་ཐོབ་ཐང་མེད་པ་དང་། མ་འོངས་པར་ཡང་སྲིད་ཅིག་འཁྲུངས་བ་ཡིན་ན་རང་དབང་ལུང་པ་ཞིག་ལ་འཁྲུང་གི་རེད་ཅེས་གསུངས་ཡོད་ལ། ང་རང་ཡིན་ན་དོགས་པ་ག་རེ་འདུག་ཞུས་ན། ཡང་སྲིད་དེ་རང་དབང་ལུང་པ་ཞིག་ཏུ་འཁྲུངས་བ་ཡིན་ན་བོད་པ་གཙང་མ་ཞིག་ལ་འཁྲུང་གི་རེད་དམ་ཡང་ན་མི་རིགས་གཞན་པ་ཞིག་ལ་འཁྲུང་གི་རེད། གལ་སྲིད་མི་རིགས་གཞན་པ་ཞིག་ལ་འཁྲུངས་སོང་བ་ཡིན་ན། ང་ཚོ་བོད་པར་དམིགས་བསལ་གྱིས་བརྡབ་གསིག་ཕོག་པ་དང་མ་བདེ་བ་ཞེ་དྲགས་ཤིག་ཡོང་ས་རེད། དེའི་སྒང་ལ་བཀའ་སློབ་ཅིག་གནང་རོགས་ཞེས་ཞུས་པར་༧གོང་ས་མཆོག་ནས་བཀའ་ལན་གནང་དོན། ཡང་སྲིད་ཟེར་དུས་དཔེར་ན་རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོ་རེད། བོད་རིགས་མ་རེད། ཡིན་ནའང་རྩོད་པ་ཅི་མི་འདུག་གཱ། དེང་སང་ས་མཚམས་ཀྱི་ཆབ་སྲིད་ཀྱི་སྐད་ཆ་འདྲ་པོ་བཤད་པ་ཡིན་ན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་གར་རེད་མ་གཏོགས་བོད་པ་མ་རེད། དེ་ཚོ་གནས་ཚུལ་ཁ་ཁ་རེད། ཡིན་ནའང་མ་འོངས་པར་རྒྱལ་བའི་ཡང་སྲིད་སྐོར་དེ་ཕལ་ཆེར་ལོ་འདིའི་ནང་མགོ་བཙུགས་ཏེ། ང་ཚོས་འབྲེལ་ཡོད་བླ་ཆེན་ཚོ་དང་གདན་ས་ཁག དེ་བཞིན་སོག་པོ་དེ་རྒྱལ་དབང་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་དུས་སོག་པོ་བཅས་ལ་ཡང་སྲིད་སྐོར་དེ་ག་འདྲ་དགའ་འདུག་ཅེས་སྐད་ཆ་བྱུང་གི་རེད། སྔོན་མ་ནས་ངས་འདི་འདྲ་ལབ་པ་རེད། ང་ལོ་བརྒྱད་ཅུ་གྱ་གྲངས་ལ་བསླེབ་སྟེ་རྒྱལ་བ་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ཅིག་ལ་བསླེབ་སོང་ན། ཡང་སྲིད་སྐོར་དེ་ཚོའི་གྲས་དེར་བླ་ཆེན་ཚོ་འཚོགས་ཏེ་གཏན་འཁེལ་གྱི་ཡིན་ཞེས་ལབ་ཡོད་པ་རེད། ལམ་སང་གཏན་འཁེལ་བ་ཞིག་ཡོང་གི་མ་རེད་དེ་སྔོན་ལ་གོ་བསྡུར་བྱེད་པའི་མགོ་ཞིག་བཙུགས་ན་ཞེས་འདི་ལྟར་བསྡད་ཡོད་པ་རེད། དེར་གནད་འགག་ཆེན་པོ་ཅི་མི་འདུག

གང་ལྟར་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེའི་འགན་དབང་འདྲ་པོ་དེ་སློབ་གཉེར་ཁང་(Institution)གཅིག་དང་མི་གཅིག་ལ་ཁྱོན་ནས་ལྟོས་ཡོད་པ་མ་རེད། རག་ལས་ཡོད་པ་མ་རེད། ༧རྒྱལ་དབང་སྐུ་ཕྲེང་ཆགས་ནས་ད་ལྟ་ལོ་ ༦༠༠ ལྷག་ཅིག་ཕྱིན་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་དེ་དེའི་གོང་ནས་ཡོད་པ་རེད། དཔེ་བཞག་པ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་བྲང་མེད་བཱ། མགོན་པོ་ཀླུ་སྒྲུབ་ཀྱི་བླ་བྲང་མེད་བཱ། མགོན་པོ་ཀླུ་སྒྲུབ་ཀྱི་སློབ་གཉེར་ཁང་(Institution)མེད་ལ། ཡང་སྲིད་ཀྱང་ཡོད་པ་མ་རེད། དེ་བཞིན་བཅོམ་ལྡན་འདས་ཀྱི་ཡང་སྲིད་ཡོད་པ་མ་རེད། ཡིན་ནའང་། སངས་རྒྱས་ཀྱི་བསྟན་པ་ད་ལྟའང་གནས་བསྡད་ཡོད་པ་རེད་བཱ། དེར་བརྟེན་དེ་ད་ག་སེ་ང་རང་ཚོའི་བསམ་བློའི་ནང་བསླེབ་བསྡད་པ་ཞིག་རེད། རྒྱལ་བ་རིན་པོ་ཆེ་ཡོད་ན་རེད། མེད་ནའང་རེད། གང་ལྟར་ང་ཚོའི་གདན་ས་ཁག་དང་རིམ་གྱིས་གདན་ས་ཁག་ཙམ་མ་ཡིན་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ནང་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་སྟེ་ཤེས་ཡོན་ཡོད་བསྡད་པ་ཞིག་བྱུང་བ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དེས་འཛིན་གྱི་རེད་མ་གཏོགས་རྒྱལ་བ་རིན་པོ་ཡོད་མེད་ལ་ཞེ་དྲགས་ཁྱད་པར་ཡོད་པ་མ་རེད། ཤེས་སོང་ང་། ང་ཚོས་སངས་རྒྱས་ཀྱི་བསྟན་པ་དེ་མང་ཚོགས་ཀྱིས་འཛིན་པར་བསམ་བློ་གཏོང་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་ཀྱང་བཅོམ་ལྡན་འདས་རང་ཉིད་མྱ་ངན་ལས་འདས་ཚར་རྗེས། དགེ་འདུན་གྱི་སྡེས་བསྟན་པ་འཛིན་དགོས་པ་རེད་ཅེས་གསུངས་འདུག་མ་གཏོགས་བཅོམ་ལྡན་འདས་ལ་ཡང་སྲིད་ཅིག་ཡོད་ཅེས་བླ་མ་ཞིག་ལ་དབང་ཆ་དང་འགན་འདྲ་པོ་དེ་བསྐུར་མེད་བཱ།

སྟོན་པའི་གཏད་རབས་བདུན་ཞིག་ཡོད་པ་རེད། འོད་སྲུང་ཆེན་པོ་ནས་བཟུང་སྟེ་དགྲ་བཅོམ་པ་བྱེ་བྲག་པ་རེ་རེ་བྱས་ནས་ཡོང་གི་ཡོད་པ་རེད་མ་གཏོགས་མི་གཅིག་གི་བླ་བྲང་འདྲ་པོ་དང་། མི་གཅིག་གི་ཡང་སྲིད་འདྲ་པོ་བྱས་ཏེ་ཁྱོན་ནས་ཡོད་པ་མ་རེད། ཤེས་སོང་ང་། ངས་འདི་འདྲ་དྲན་གྱི་ཡོད་པ་རེད། ང་ཚོའི་ཆོས་ཀྱི་དབུ་ཁྲིད་དེ་ཚོའི་གྲས་དེ་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དེ་(Feudal system)རེད་བཱ། དཔེར་ན་ཡེ་ཤུའི་བླ་ཆེན་ལ་ཆ་བཞག་ན་རེད། ཁ་ཆེའི་བླ་མ་དང་ཧིན་རྡུའི་བླ་མ། བོད་ཀྱི་བླ་མ་དེ་ཚོའི་གྲས་དེ་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དེ་(Feudal system)ཡིན་སྟབས། མི་གཅིག་གིས་ཆབ་སྲིད་ཀྱི་ཐོག་ནས་རྒྱལ་པོ་སྟེ་མ་ཧཱ་ར་ཇཱ་དང་མ་ཧཱ་ར་ནི་ཞེས་དེ་འདྲ་བྱས་ཏེ་འགྲོ་བསྡད་ཀྱི་ཡོད་པ་དང་། ཆོས་ཕྱོགས་ཀྱི་ཐོག་ནས་ཡིན་ནའང་དེ་འདྲ་བྱས་ནས་བྱེ་བྲག་པའི་(Individual)ཐོག་ནས་མར་འགྲོ་བསྡད་ཡོད་པ་རེད། ཡིན་ནའང་། སངས་རྒྱས་ཀྱི་བསྟན་པ་དེ་འདྲ་རེད་མི་འདུག བཅོམ་ལྡན་འདས་ཀྱིས་དགེ་སློང་འདུལ་བ་འཛིན་པས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་པ་རེད་གསུངས་ཡོད་པ་རེད་མ་གཏོགས་མཁན་པོ་སློབ་དཔོན་སོགས་བྱེ་བྲག་པ་ཞིག་གིས་བསྟན་པ་འཛིན་དགོས་པ་རེད་ཅེས་གསུངས་ཡོད་པ་མ་རེད། དགེ་འདུན་པའི་སྡེས་བསྟན་པ་འཛིན་དགོས་པ་རེད་གསུངས་འདུག་གཱ། མང་ཚོགས་ཀྱིས་བསྟན་པ་འཛིན་དགོས་པ་རེད་གསུངས་འདུག་གཱ། ངོ་ཐོག་དེ་དེ་འདྲ་རེད་འདུག ཡིན་ནའང་། ང་རང་ཚོའི་གོམས་གཤིས་ཀྱི་ནང་དུ་རྒྱལ་དབང་རྒྱལ་དབང་ཟེར་བ་འདྲ་པོ་ཆགས་ཏེ། ཡང་ཆབ་སྲིད་ཀྱི་ཐོག་ཟེར་ན་མི་འདུག་ཕྲན་བུ་ཕྲན་བུའི་ཕན་ཐོགས་ཀྱང་ཡོད་པ་རེད། གཞན་སངས་རྒྱས་ཀྱི་བསྟན་པ་ངོ་མ་ཞིག་བཤད་ཡོང་ན་དེ་ཙམ་གྱིས་འགན་ཆེན་པོ་དང་། དེར་གནད་འགག་ཅི་ཡོད་པ་མ་རེད། གལ་ཆེ་ཤོས་དེ་ང་ཚོའི་གདན་ས་ཁག་དེ་ཚོ་སློབ་སྦྱོང་གི་ལྟེ་གནས་ཡག་པོ་ཞིག་བཟོ་ཐུབ་པ་དང་། བོད་སྐད་གཅིག་པུ་མ་ཡིན་པར་ཧིན་རྡུའི་སྐད་དང་དབྱིན་སྐད། རྒྱ་སྐད་དེ་འདྲའི་ཐོག་ནས་གཞུང་ཆེན་དེ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དང་། ངོ་སྤྲོད་བྱེད་རྒྱུ་ཡོད་དགོས་པ་རེད།

རིམ་གྱིས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ང་ཚོ་བོད་པ་བཙན་བྱོལ་བ་མང་ཆེ་བ་བོད་ལ་ཕྱིར་ལོག་པའི་གནས་ཚུལ་ཞིག་ཆགས་པ་ཡིན་ན། གདན་ས་དེ་ཚོ་ན་ལེནྜ་གཉིས་པ་ནང་བཞིན་བྱས་ཏེ་སློབ་གཉེར་ཁང་མུ་མཐུད་ནས་གནས་དགོས་པ་རེད་ཅེས་ངས་འདི་འདྲ་བཤད་ཀྱི་ཡོད། ད་ལྟ་གདན་ས་ཚོའི་ནང་ལོགས་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་གར་ཞ་དང་ཁུ་ནུ། ལ་དྭགས། མོན་དེ་ཚོ་ནས་རེད། མ་འོངས་པར་དེ་ཚོས་རྐང་འདྲ་པོ་བྱས་ཏེ་རྒྱ་གར་གྱི་ཡུལ་མི་དེང་སང་ནང་པ་ཡིན་པ་དཔེར་ན། མཚན་ཉིད་སློབ་གྲྭ་ལ་དེ་འདྲ་ཞིག་འདུག་གཱ ཁ་སང་རང་ངས་དགེ་སློང་བསྒྲུབས་པ་ཡིན་ལ། ངས་ཞེ་དྲགས་བསྟོད་བསྔགས་བྱས་པ་ཡིན། ཁོ་བྷང་བྷེ་ནས་ཡིན་པ་དང་། ཁོ་རང་གི་ Profession དེ་ Engineer ཡིན་ཟེར། འདིར་ཡོང་ནས་གྲྭ་བ་བྱས་ཏེ་མཚན་ཉིད་སློབ་གྲྭའི་ནང་དཔེ་ཆར་བལྟས་ནས་བསྡད་འདུག་ཞེ་དྲགས་ཡག་པོ་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཚོའི་ནང་ལོགས་ལའང་སློབ་སྦྱོང་བྱེད་མཁན་རྒྱ་གར་ཡུལ་མི་དེ་འདྲ་ཕལ་ཆེར་བཅུ་བཅོ་ལྔ་ཞིག་ཡོད་ས་རེད། དེ་ཚོ་མ་འོངས་པར་ཞེ་དྲགས་གལ་ཆེན་པོ་རེད་འདུག བསྟན་པ་འཛིན་མཁན་གྱིས་དེ་འདྲ་འཛིན་དགོས་པ་རེད་མ་གཏོགས་རྒྱལ་དབང་གི་བླ་བྲང་ཞིག་ཡོད་མེད་ཟེར་བ་དེ་ཞོར་རེད། ཞེ་དྲགས་གནད་འགག་ཆེན་པོ་མ་རེད། ཤེས་སོང་ང་།

གང་ལྟར་ད་ལོ་ནས་མགོ་བཙུགས་ཏེ་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དེ་ཚོའི་གྲས་དེར་ཡིན་གཅིག་མིན་གཅིག་གིས་ཨུ་ཚུགས་བརྒྱབ་སྟེ། ཏཱ་ལའི་བླ་མའི་(Institution)དེ་མུ་མཐུད་ནས་གནས་དགོས་པ་རེད། ཡང་སྲིད་མུ་མཐུད་ནས་ཕེབས་དགོས་པ་རེད་ཅེས་ཨུ་ཚུགས་རྒྱག་དགོས་པ་གང་ཡང་མི་འདུག་གཱ། དགོས་མཁོར་བལྟ་རྒྱུ་རེད། དངོས་ཡོད་གནས་ཚུལ་རེད་དང་མ་རེད་དེར་བསམ་བློ་གཏང་རྒྱུ་རེད་གནད་འགག་ཁྱོན་ནས་ཡོད་པ་མ་རེད། གལ་ཆེ་ཤོས་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དེ་རེད་འདུག གྲྭ་བ་ཙམ་དུ་མ་ཟད་ཁྱིམ་པ་ཕོ་མོ་ཚོས་ཀྱང་སློབ་སྦྱོང་བྱེད་དགོས་པ་རེད། ད་ལྟ་ཨ་ནེ་ཚོས་ཕལ་ཆེར་ལོ་བཅུ་བདུན་བཅོ་བརྒྱད་ཅིག་ལ་སློབ་སྦྱོང་བྱས་ཏེ་དགེ་བཤེས་མ་ཆགས་ཡོང་གི་ཡོད་འདུག་གཱ། དེ་ནང་བཞིན་མི་སྐྱ་ཕོ་མོ་ཚོའི་ནང་ལོགས་ནས་ཀྱང་གཞུང་ཆེན་སྦྱངས་ཏེ་མཁས་དབང་བྱུང་དགོས་པ་དེ་དཔེ་གལ་ཆེན་པོ་འདུག ད་ང་ཚོའི་མང་ཚོགས་ཁོ་རང་གི་ཤེས་ཚད་མཐོ་རུ་གཏོང་དགོས་པ་དེ་དཔེ་གལ་ཆེན་པོ་ཡིན་ལ། དེས་བསྟན་པ་འཛིན་རྒྱུ་རེད་མ་གཏོགས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་མ་ཐུབ་པར་ཆོས་ཀྱི་གནས་ཚུལ་ཅི་མ་ཤེས་པར་བླ་མ་ཞིག་ཡོད་པ་རེད་ལབ་ན་དེར་ཧ་ལས་པ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese