མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནར་མ་སོན་པའི་བུ་མོ་མང་པོ་རྒྱ་ནག་ནང་གནའ་མར་བཙོང་བ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། པཱ་མི་ལྦོཡེ་ཀོཕྷ(Pamel boykoff)དང་ཨེ་ལེ་ཛེན་དྲར་ཕྷིལ་དྲི(Alexandra field)

ཆོས་སྒྲོན་གྱིས་བསྒྱུར།

རྒྱ་ནག་གི་ས་མཚམས་དང་ཉེ་བའི་ཝེ་ཐི་ནམ་(Vietnamese)གྱི་གྲོང་གསེབ་ཁག་ནས། ན་ཚོད་མ་དར་བའི་བུ་མོ་མང་པོ་ཞིག ཕོ་མོའི་གྲངས་འབོར་ལ་ཧེ་བག་ཤོར་བའི་རྒྱ་ནག་གིས་ལྐོག་ཏུ་ཉོས་ཏེ། དེ་དག་ལ་ཆང་ས་རྒྱག་པའི་བྱ་སྤྱོད་ཇེ་མང་དུ་འགྲོ་བཞིན་ཡོད།

Screen Shot 2016-04-20 at 5.40.59 PM

དགོས་པའི་དབང་གི་མིང་དངོས་ལ་འགྱུར་བ་བཏང་བའི་ཝེ་ཐི་ནམ་གྱི་བུ་མོ་ལཱེན(Lan)གྱིས་བརྗོད་དོན་ “ང་རང་གཉིད་ལས་སད་སྐབས། ང་རྒྱ་ནག་ནང་ཡོད་པ་ཤེས་མ་སོང”ཞེས་བརྗོད་ཡོད་པ་དང་། དེ་ཡང་ཁོ་མོས་རང་ཉིད་ཀྱི་མི་ཚེར་འཕོ་འགྱུར་བྱུང་བའི་དགོང་མོ་དེ་ཡིད་ལ་གསལ་པོར་ངེས་པ་ལས། སྐབས་དེར་ལོ་ཆུང་བུ་མོ་དེ་ཝེ་ཐི་ནམ་བྱང་ཕྱོགས་མཐའ་མཚམས་སུ་ཡོད་པའི་གཙུག་ལག་མཐོ་སློབ་ཅིག་ཏུ་སློབ་གཉེར་ལ་འབྲེལ་བཞིན་ཡོད་སྐབས། དྲ་ཐོག་ནས་ངོ་ཤེས་བྱུང་བའི་གྲོགས་པོ་ཞིག་གིས་ཁོང་གི་གྲོགས་པོ་ཚོ་དང་ལྷན་དུ་དགོང་ཟས་ལ་ཡོང་དགོས་པའི་རེ་བ་བཏོན་འདུག དགོང་ཟས་གྲུབ་རྗེས་བུ་མོ་ལཱེན་ནང་དུ་ལོག་རྩིས་བྱས་སྐབས། དེར་ཡོད་པའི་གྲོགས་པོ་ཚོས་མ་བཏང་བར་ཆང་འཐུང་ནས་ཏོག་ཙམ་སྡོད་དགོས་པའི་ནན་སྐུལ་བྱས་པ་ལྟར། ཁོ་མོས་ཀྱང་ཆང་འཐུང་ནས་བསྡད་ཡོད་འདུག དེའི་རྗེས་ཁོ་མོའི་བློ་ངོར་ངེས་པ་ནི་ཁོ་མོ་མཐའ་མཚམས་ནས་རྒྱ་ནག་ལ་ཁྲིམས་འགལ་གྱིས་བཙོང་བའི་གནས་ཚུལ་དེ་རེད། “སྐབས་དེ་དུས་ང་འབྲོ་འདོད་ཆེན་པོ་སྐྱེས་སོང་ཡང་། རླངས་འཁོར་ནང་ང་ཙམ་མ་ཟད། བུ་མོ་གཞན་པ་ཡང་ཡོད་སྟབས། ང་ཚོར་གཡས་གཡོན་ནས་ལྟ་རྟོགས་བྱེད་ཀྱིན་འདུག ” ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་གི་མཐའ་མཚམས་དང་ཉེ་བའི་ཝེ་ཐི་ནམ་གྱི་གྲོང་གསེབ་དེ་དག་ནི་མི་སྣ་ལྐོག་ཚོང་བྱེད་ཡུལ་གྱི་ལྟེ་གནས་ལྟ་བུ་ཞིག་ཆགས་ཡོད་པ་དང་། ལོ་ན་ ༡༣ ཙམ་ལས་མ་སོན་པའི་བུ་མོ་ཆུང་ཆུང་མང་པོ་ཞིག་ས་ཆ་དེ་ནས་བསླུ་བྲིད་འམ་བཟི་སྨན་སྤྲད་དེ་ལྐོག་ཏུ་གྲུ་དང་རླངས་འཁོར་སོགས་ཀྱི་ནང་རྒྱ་ནག་ལ་འོར་འདྲེན་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་གི་ཕོ་མོའི་གྲངས་འབོར་ལ་ཁྱད་པར་ཆེན་པོ་ཤོར་བ་དང་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་བརྟེན་ཏེ། ནར་མ་སོན་པའི་ཝེ་ཐི་ནམ་གྱི་བུ་མོ་ལོ་ཆུང་དེ་དག་ནི་རྒྱ་ནག་ནང་རིན་ཐང་ཆེ་བའི་དངོས་ཟོག་ཅིག་ཏུ་གྱུར་ཡོད།

ཝེ་ཐི་ནམ་གྱི་གནད་ཡོད་མི་སྣ་ཞིག་གིས་ “རྒྱ་ནག་ནང་གི་སྐྱེས་པ་དཀྱུས་མ་ཚོར་མཚོན་ན། རྒྱ་མོ་ཞིག་ལ་ཆང་ས་རྒྱག་རྒྱུར་འགྲོ་སོང་ཧ་ཅང་ཆེན་པོ་ཡོད་སྟབས་དེ་ནི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད། ” ཅེས་བརྗོད་། རྒྱ་ནག་གི་རིག་གཞུང་ནང་རྒྱ་ནག་གི་བུད་མེད་དང་གཉེན་སྒྲིག་འདོད་ཡོད་མཁན་གྱི་སྐྱེས་པ་ཞིག་ཡིན་ན། ཐོག་མར་གསོལ་སྟོན་གྲ་རྒྱས་པོ་ཞིག་བཤམ་དགོས་པ་དང་། དེ་ནས་སྡོད་ཁང་གསར་པ་ཞིག་ཉོ་དགོས་པ་ནི་མ་མཐའི་ཆ་རྐྱེན་ཡིན་པ་གོམས་སྲོལ་ཞིག་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྐྱེས་པ་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་བུད་མེད་ལྐོག་འདྲེན་གྱི་བྱ་སྤྱོད་ནང་ཞུགས་དགོས་ཐུག་གི་ཡོད། གཞན་ཡང་ལྐོག་ཚོང་མི་སྣ་ཞིག་གིས་བརྗོད་དོན་‘རྒྱ་ནག་དང་ཝེ་ཐི་ནམ་བར་རིག་གཞུང་མཐུན་ཕྱོགས་ཀྱང་ཡོད་པར་བརྟེན། ཝེ་ཐི་ནམ་གྱི་བུ་མོ་རྒྱ་ནག་ནང་མནའ་མར་བཙོང་བ་དག་ལ་ཨ་སྒོར་ ༣༠༠༠ ཙམ་གྱི་གོང་ཚད་རག་གི་འདུག’ཅེས་བརྗོད་ཡོད་པ་རེད།

ལོ་ངོ་ ༡༦ ལ་སོན་ཙམ་གྱི་བུ་མོ་ངའུ་ཡེན(Nguyen)ནི་བཟི་སྨན་སྤྲད་དེ་རྒྱ་ནག་ནང་ལྐོག་ཚོང་བྱས་པ་ཞིག་ཡིན། ཁོ་མོ་བཙན་གྱིས་རྒྱ་མི་ཞིག་དང་ལྷན་གཉེན་སྒྲིག་ཏུ་བཅུག་ཀྱང་། ཁོ་མོས་ཁོ་ཚོས་འདོད་དོན་མ་གྲུབ་པར་བརྟེན་ལྐོག་ཚོང་པར་ཕྱིར་སློག་བྱས་པ་དང་། ཁོ་ཚོས་བུ་མོ་ངའུ་ཡེན་སླར་ཡང་བཙན་གྱིས་གཞན་ཞིག་ལ་གཉེན་སྒྲིག་གཉིས་པ་བྱེད་དུ་བཅུག་ཡོད་པ་རེད། ”

བྲོས་མཐར་བའི་བུད་མེད་ཚོའི་སྐྱབས་བྱོལ་ཁང་།

ཝེ་ཐི་ནམ་ནུབ་ཕྱོགས་ཀྱི་གྲོང་འཁྱེར་ལའོ་ཁཡེ(Lao Cai)ནང་རྟེན་གཞི་བྱེད་པའི་ཞི་བདེ་རྒྱ་མཚོའི་རི་རྒྱུད་ཐེབས་རྩ་ཚོགས་པས་(Pacific Links Foundation) གནོད་འཚེ་ཕོག་པའི་བུད་མེད་དག་ལ་སྡོད་གནས་མཁོ་སྤྲོད་བྱེད་ཀྱིན་ཡོད། ད་དུང་དེ་གར་གཞོན་སྐྱེས་བུད་མེད་ཚོ་མི་ལོ་གཉིས་ནས་གསུམ་རིང་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེའི་རིང་ཁོ་ཚོ་སློབ་གྲྭར་གཏོང་བ་དང་ལག་ཤེས་སྦྱང་བ། གཞན་ཡང་། ཁ་ལག་བཟོ་སྟངས་དང་ཚེམས་བཟོ། ལྡུམ་ར་བདག་ཉར་བྱེད་སྟངས་སོགས་ཀྱི་ལས་ཀ་སྣ་ཚོགས་བསླབས་ཏེ། ཁོ་ཚོ་རང་ཉིད་ཀྱིས་འཚོ་ཐབས་ལ་རོལ་ཐུབ་པའི་རོགས་རམ་བྱེད་ཀྱིན་ཡོད་པ་རེད།

ད་དུང་། ཚོགས་པ་དེས་བུད་མེད་གཞན་དག་ལྐོག་ཚོང་བའི་ལག་ཏུ་མི་ཚུད་པའི་ཆེད་དུ་སྤྱི་ཚོགས་ནང་གོ་རྟོགས་ཀྱང་སྤེལ་བཞིན་ཡོད། ཟླ་རེའི་ནང་གནོད་འཚེ་ཕོག་པའི་བུད་མེད་རྣམས་ས་གནས་ཁྲོམ་རའི་ནང་དུ་བཟའ་ཆས་ཉོ་རུ་ཐེངས་རེར་སྐྱོད་སྐབས། མྱོས་རྫས་སྤྱོད་མཁན་མང་པོ་དང་ལྷན་འཛོམས་ཐོག་མི་སྣ་ལྐོག་ཚོང་བའི་སྐོར་ལ་རང་རང་གི་ཉམས་མྱོང་བཤད་པ་དང་། དྲི་བ་འདྲི་ལན་བྱས་པ་སོགས་ཀྱི་ཐབས་ལ་བརྟེན་ཏེ། གནས་ཚུལ་ཁྱབ་སྤེལ་གཏོང་ཐབས་བྱེད་ཀྱིན་ཡོད། ” མི་མང་ལ་གོ་རྟོགས་མང་ཙམ་སྤེལ་རྒྱུ་ནི་བུད་མེད་ལྐོག་ཚོང་བའི་ལག་ཏུ་མི་འཐེབ་པའི་ཐབས་ལམ་གཅིག་པོ་རེད”ཅེས་ཞི་བདེ་རྒྱ་མཚོའི་རི་རྒྱུད་ཐེབས་རྩ་ཚོགས་པའི་(Pacific Links Foundation)གནད་ཡོད་མི་སྣ་རྡིབ(Diep)ལགས་ཀྱིས་བརྗོད་ཡོད།

དེ་བཞིན། ཨ་རིར་གནས་སྡོད་བྱེད་པའི་བུད་མེད་ཅིག་གིས་བརྗོད་རྒྱུར། མཐའ་མཚམས་ཀྱི་རི་གྲོང་ཁག་ན་གནས་སྡོད་བྱེད་མཁན་མི་སེར་སྐྱོ་པོ་དག་ལ་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་དང་། ཁོ་ཚོར་འཚོ་བའི་དགོས་མཁོ་བསྐྲུན་རྒྱུ་ནི་གལ་འགངས་ཆེ་བར་བཤད། ཐེངས་ཤིག་སི་ཨེན་ཨེན(CNN)གསར་འགོད་པ་མཐའ་མཚམས་སུ་ཡོང་བའི་སྐབས་ཤིག་ལ། ཉེན་རྟོག་པས་ལྐོག་ཚོང་པའི་ལག་ནས་བུ་མོ་ལོ་ན་ ༡༤ ཅན་ལྔ་ཙམ་བསྐྱབས་ཡོད་པ་དང་། ཁོ་ཚོས་བཤད་དོན་ཁྱིམ་མཚེས་མི་ཞིག་གིས་ཁོ་ཚོ་རྒྱ་ནག་ནང་ལས་ཀར་ཕྱིན་ཚེ་ཨ་སྒོར་ ༦༠༠ ཙམ་ཐོབ་ངེས་ཡིན་ཚུལ་ལབ་སྟེ་བསླུ་བྲིད་བཏང་ཡོད་སྐོར་བརྗོད།

ཝེ་ཐི་ནམ་གྱི་ཉེན་རྟོག་པ་དང་རྒྱ་ནག་གི་ཉེན་རྟོག་པ་ཟུང་འབྲེལ་ཐོག་མཚམས་རེར་རྒྱལ་མཚམས་ལས་བརྒལ་ཏེ། རྒྱ་ནག་ནང་བཙོང་ཟིན་པའི་བུད་མེད་མང་པོ་ཞིག་བསྐྱབ་ཐུབ་ཡོད། ལོ་སྔོན་མའི་ནང་ལོ་ཆུང་བུད་མེད་ ༡༠༩ ཙམ་ཕྱིར་རང་ཡུལ་དུ་མངགས་ཐུབ་ཡོད། ཝེ་ཐི་ནམ་གཞུང་གི་སྤྱི་ཚོགས་བདེ་འཇགས་ཚན་པའི་འགན་འཛིན་ངའུ་ཡེན་ཏོང(Nguyen Tuong)ལགས་ཀྱིས་བརྗོད་དོན། རྒྱ་ནག་གི་ཉེན་རྟོག་པ་དང་ཝེ་ཐི་ནམ་གྱི་ཉེན་རྟོག་པའི་མཉམ་འབྲེལ་ལ་བརྟེན་ཏེ། མི་སྣ་ལྐོག་ཚོང་པའི་འབྲེལ་ཐག་ཤེས་རྟོག་བྱུང་བ་མ་ཟད། ལྐོང་ཚོང་བྱས་པའི་བུད་མེད་དེ་དག་རྒྱ་ནག་ནང་གི་ས་ཆ་ཐག་རིང་ཞིག་ཏུ་མངགས་ཏེ། སྨད་ཚོང་མའི་ལས་ཀར་བཙན་གྱིས་བཞུགས་བཅུག་གི་ཡོད་པ་རེད། ཅེས་བཤད།

བུ་མོ་མང་པོ་ཞིག་རྒྱ་ནག་གི་གནས་གང་ཞིག་ཏུ་ཡོད་པའང་ཤེས་ཐུབ་ཀྱི་མེད་སྟབས། འབྲེལ་ཡོད་མི་སྣ་ཚོས་སྐྱོབ་ཐབས་བྲལ་བར་བརྟེན། སོ་སོས་ལམ་བཙལ་ཏེ་ཕྱིར་ལོག་ཐབས་བྱ་རྒྱུ་ལས་མེད། བུ་མོ་ལཱེན་དང་ངའི་ཡེན་གཉིས་ཀྱང་མི་ལོ་གཉིས་ཀྱི་རིང་རང་ཉིད་གང་དུ་ཡོད་མེད་མི་ཤེས་པའི་ས་ཁུག་ཅིག་ཏུ། བཙན་ཐབས་ཀྱིས་སྐྱེས་བ་ཞིག་དང་ཉེན་སྒྲིག་ཏུ་བཅུག་སྟེ། ཁྱོ་བོ་དེ་དང་ནང་མི་དག་ལ་འཇིགས་ཤིང་སྐྲག་ནས་སྡོད་དགོས་བྱུང་བ་དང་། མི་ལོ་གཉིས་རྗེས་ལ་ཁོང་གཉིས་གསང་སྟབས་ཀྱིས་ཁྱིམ་ས་དེ་དང་ཁ་བྲལ་ཅིང་། ཉེན་རྟོག་པར་སྙན་སེང་ཞུས་ཏེ་ཕྱིར་ལོག་བྱེད་ཐུབ་ཙམ་བྱུང་ཡོད། འོན་ཀྱང་། ཁོ་གཉིས་ཀྱི་ཤ་ལས་འཆད་པའི་བུ་ཕྲུག་ད་དུང་ཡང་རྒྱ་ནག་ནང་ལྷག་ཡོད་སྟབས། ལཱེན་གྱིས་བརྗོད་དོན་ ‘གལ་ཏེ་ང་ལ་ངའི་བུ་མོ་སླར་ཡང་མཐོང་བའི་དུས་ཤིག་ཡོད་རྒྱུ་ན། ངས་ཁོ་མོ་རྒྱབ་ཏུ་སྐྱུར་ནས་ཡོང་བར་དགོངས་དག་ཞུ་རྒྱུ་ཡིན། ཁོ་མོར་དེ་གར་མི་ཚེ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད’ཅེས་དང་། ཡང་ཁོང་གཉིས་ཀྱིས་བརྗོད་དོན་སྔར་སློབ་གྲྭའི་ནང་དགེ་རྒན་གྱིས་མི་སྣ་ལྐོག་ཚོང་གི་སྐོར་ལ་སློབ་ཁྲིད་བྱས་སྐབས། དེ་ལྟ་བུའི་གནས་ཚུལ་ཞིག་ཁོ་མོ་གཉིས་ལ་བྱུང་སྲིད་པ་ཞིག་རེད་གཏན་ནས་དྲན་མྱོང་མེད་ཅེས་བཤད་ཡོད་པ་རེད།

མ་རྩོམ་གྱི་འབྲེལ་ཐག http://edition.cnn.com/2016/04/17/asia/vietnamese-girls-child-brides-china/

འབྲེལ་ཡོད་གསར་འགྱུར།

Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡

མཆན། 1

  1. རྣམ་རྒྱལ་རྡོ་རྗེ། says:
    ལོ་ 10 སྔོན།

    ཆོས་སྒྲོན་ལགས་ཀྱིས་ཧ་ཅང་ཀློག་སྤྲོ་བའི་ཕྱི་སྐད་ནང་གི་རྩོམ་ཡིག་གལ་ཆེན་ཁག་ཅིག་བོད་བསྒྱུར་ཞུས་སོང་བས་ཐུགས་རྗེ་ཆེ་ཞུ། སྒྱུར་སྟངས་དང་དག་སྡེབ་གང་ཐད་ནས་ཡར་རྒྱས་འགྲོ་བཞིན་འདུག་པས་ཡི་རངས་སྔགས་བརྗོད་གྲངས་མེད་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese