མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་རྩེད་སྤོ་ལོ་རྩེད་རིགས་ཀྱི་ཁེ་ཕན་སླད་དར་སྤེལ་ལས་ཞི་ཅིན་ཕིན་གྱི་རང་འདོད་ལས་གཞིའི་ཆེད་དུ་མིན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྐང་རྩེད་སྤོ་ལོ་རྩེད་རིགས་ཀྱི་ཁེ་ཕན་སླད་དར་སྤེལ་ལས་ཞི་ཅིན་ཕིན་གྱི་རང་འདོད་ལས་གཞིའི་ཆེད་དུ་མིན།

ཀ་རི། ཝང་གིས་བྲིས། སྐལ་ལྡན་གྱིས་བསྒྱུར།

 རྩོམ་པ་པོས། ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༥༠ བར་རྒྱ་ནག་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་ཏུ་འགྱུར་རྒྱུའི་རེ་འདོད་དེ་ནི་མི་མང་གི་ལུས་སྦྱོང་དང་སྤྲོ་སྣང་གི་དགོས་མཁོ་དངོས་དང་འགལ་བའི་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་རེད།

tibettimes-5

རྒྱ་ནག་དམར་པོའི་གཞུང་གིས་སླར་ཡང་ཕྱོགས་ལྷུང་ཅན་གྱི་རྒྱལ་ཁབ་ཀྱི་འཆར་གཞི་གཏན་འབེབས་བྱས་པ་རེད། བདུན་ཕྲག་འགའ་ཞིག་ལས་མ་འདས་པའི་གོང་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ལག་བསྟར་ཐེངས་བཅུ་གསུམ་པའི་ཐོག སྲིད་གཞུང་གིས་ཕྱི་ལོ་ ༢༠༢༠ བར་རྒྱལ་ཡོངས་འབྱོར་ལྡན་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་བའི་མངོན་འདོད་གསལ་བསྒྲགས་བྱས་པ་རེད། བདུན་ཕྲག་གོང་མར་སླར་ཡང་དུས་ཡུན་ཅུང་ཟད་རིང་ལ་གཟི་བརྗིད་ཆེ་བའི་འཆར་གཞི་ཞིག་གསལ་བསྒྲགས་བྱས་པ་དེ་ནི་འབྱུང་འགྱུར་ཕྱི་ལོ་ ༢༠༥༠ བར་རྒྱ་ནག་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་ཏུ་འགྱུར་རྒྱུ་དེ་རེད།

རྐང་རྩེད་པོ་ལོར་དགའ་ཞེན་ཆེ་བའི་རྒྱལ་ཁབ་འདིས་འཆར་གཞི་དེར་དགའ་བསུ་བྱེད་མི་སྲིད་པ་ཞིག་མ་རེད། འཆར་གཞི་དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་བྱེད་པའི་སྔོན་འགྲོའི་འགྲན་བསྡུར་སྐབས། རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཕྱིར་འདོན་གྱི་ཉེན་ཁ་ལས་གཡོལ་ཐུབ་ཙམ་བྱུང་བའི་ཉིན་ཤས་རྗེས་གསལ་བསྒྲགས་བྱས་པ་ཞིག་རེད། འོན་ཀྱང་ཨེ་ཤ་ཡའི་རྒྱལ་ཁབ་བཞི་རྩེད་འགྲན་དེར་མཉམ་ཞུགས་ཀྱི་ཟུར་བཅད་གོ་སྐབས་ལེན་པར་ད་དུང་ཡང་རྒྱང་ཐག་མི་རིང་བ་ལྷག་ཡོད།

འཆར་གཞི་དེའི་ནང་ཕྱི་ལོ་ ༢༠༣༠ བར་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཨེ་ཤ་ཡའི་ནང་ཡང་རྩེར་སོན་ཐུབ་པ་དང་། ཕྱི་ལོ་ ༢༠༥༠ བར་འཛམ་གླིང་གི་ཆེས་དཔུང་སྟོབས་ཆེ་བའི་རུ་ཁག་གི་གྲས་སུ་ཚུད་ཐུབ་པའི་རེ་འདོད་འཆང་བཞིན་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་མཐོ་རིམ་དབང་འཛིན་པས་རྐང་རྩེད་སྤོ་ལོར་དེ་ལྟ་བུའི་དོ་སྣང་དང་ཆེ་མཐོང་སྤྲོད་དགོས་པའི་རྒྱུ་མཚན་གང་ཞིག་ཡིན་མིན་མིག་སྔར་ལྷག་པའི་དྲི་བ་ཆེན་པོ་དེ་ཡིན།

རྐང་རྩེད་སྤོ་ལོ་ནི་དེང་རབས་འཕྲུལ་སྐར་ལ་བརྟེན་ནས་ཉེ་དུས་རྒྱ་ནག་ཏུ་དགའ་མོས་ཆེ་ཤོས་ཀྱི་རྩེད་རིགས་ཤིག་ཏུ་གྱུར་བ་ལས། རྒྱལ་ཁབ་ཏུ་རྩེད་ཐང་གི་མཐུན་རྐྱེན་མེད་སྟབས། ལྟ་ན་སྡུག་པའི་རྩེད་མོ་དེ་དམངས་ཀྱིས་དངོས་སུ་རོལ་ཐུབ་པའི་རྩེད་རིགས་ཤིག་མིན། གྲོང་ཁྱེར་ཆེ་ཁག་གི་ནང་དུ་རྒྱ་ཆེར་རྩེ་བའི་རྩེད་མོ་ནི་ཕིན་ཕིང་(Ping Pang)ཡིན་པ་དང་། པིང་པོང་ནི་རྒྱལ་ཁབ་ཀྱི་རྩེད་མོ་དང་། གལ་ཆེའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་རྗེས་བྱ་སྒྲོའི་རྩེད་མོ་དང་། སིལ་པོལ། དྲ་པོལ་བཅས་རིམ་པ་བཞིན་དགའ་མོས་བྱེད་པའི་རྩེད་རིགས་དག་ཡིན། འོན་ཀྱང་རྩེད་རིགས་དེ་དག་ལ་མཐོ་རིམ་དབང་འཛིན་པས་སྣང་འཇོག་གང་ཡང་བྱེད་ཀྱི་མེད།

དཔལ་འབྱོར་འགྲོ་གྲོན་གྱི་ཐད་ནས་རྒྱལ་ཁབ་ཀྱི་ལོ་རེའི་རྩེད་རིགས་མ་དངུལ་མི་དམངས་ཤོག་དངུལ་དུང་ཕྱུར་ ༩༠༠ ཡིན་པ་དང་། རྒྱལ་ཁབ་ཀྱི་སྔ་ལོའི་སྤྱིའི་ཡོང་འབབ་མི་དམངས་ཤོག་དངུལ་ཁྲག་ཁྲིག་ཆེན་པོ་རེ་བདུན་ཟིན་ཡོད། རྩེད་རིགས་ཀྱི་མ་དངུལ་བརྒྱ་ཆའི་ཆ་ནས་གཅིག་ལྷག་ཙམ་ལས་མེད་སྟབས། དཔལ་འབྱོར་འཆར་འགོད་པས་དེར་དོ་སྣང་བྱེད་ཐུབ་པ་ཞིག་མིན།

དོན་དངོས་མཐོ་རིམ་དབང་འཛིན་པས་རྐང་རྩེད་པོ་ལོར་དགའ་ཞེན་ཆེན་པོ་བྱེད་པ་ནི་ཆབ་སྲིད་ཁོ་ན་ལས་མ་འདས། སྲིད་འཛིན་ཞི་ཅིན་ཕིན་རང་ཉིད་རྐང་རྩེད་པོ་ལོར་དགའ་ཞེན་ཆེ་བའི་མི་ཞིག་རེད། ཁོང་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུར་བླངས་རྗེས་ལས་དོན་དེ་འཆར་གཞིའི་ནང་ཡོད་པ་ཞིག་ཡིན་ནམ།

ཨོ་ལིམ་པིག་རྩེད་འགྲན་ནང་རྒྱ་ནག་ལ་བསྔགས་བརྗོད་འོས་པའི་གྲུབ་འགྲས་ཐོན་ཡོད། དེ་ནི་ཨུ་རུ་སུ་དམར་ཤོག་དུས་སྐབས་ཀྱི་སྦྱོང་བརྡར་སྤྲོད་ཐབས་སྤྱད་པའི་དྲིན་གྱིས་ཡིན། གང་ལྟར་ཡང་རྐང་རྩེད་སྤོ་ལོའི་གནས་བབ་ནི་ནམ་ཡང་ཡ་ང་བའི་རང་བཞིན་ཞིག་ཡིན། རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་དུས་ཡུན་རིང་པོ་ཞིག་ནས་སྤོབས་སེམས་ལས་ལྡོག་སྟེ་ངོ་ཚ་ཁ་སྐྱེངས་སྦྱིན་པའི་གཞི་རུ་གྱུར་ཡོད་པ་དང་། སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་ངོ་ཚབ་ལྟ་བུ་ཡང་ཆགས་ཡོད། ཉེ་ཆར་རྒྱལ་སྤྱིའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་ཀྱི་སྔོན་འགྲོའི་རྩེད་འགྲན་ཁྲོད། ཧོང་ཀོང་རུ་ཁག་དང་ལྷན་ཐེངས་གཉིས་རྩེད་

འགྲན་ཐོབ་ཤོར་མ་བྱུང་བས་མི་མང་པོར་ཁོང་ཁྲོ་བསླངས་ཡོད་པ་རེད། གཞུང་འབྲེལ་ཚགས་ཤོག་སྟེང་དུ་ཡང་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱིས་འགྲན་ཟླར་རུང་བའི་རུ་ཁག་ཅིག་བསྐྲུན་མ་ཐུབ་པ་ཅི་ཡིན་ནམ་ཞེས་དྲི་བ་ཡང་བཏང་ཡོད། ད་ལྟའི་ཆར་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་རྒྱལ་སྤྱིའི་གནས་རིམ་༨༡ ཡིན། ཕྱི་ལོ་ ༡༩༥༦ ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་སྔོན་འགྲོའི་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་ནས་བཟུང་། དངོས་གཞིའི་རྩེད་འགྲན་ཐོག་ཐེངས་གཅིག་རང་ཚུད་ཐུབ་པ་བྱུང་བ་ནི་ ༢༠༠༢ ལོ་དེ་ཡིན། སྐབས་དེར་ཡང་ཐོག་མའི་རྩེད་འགྲན་གསུམ་ཀར་ཕམ་ཁ་ཉོས་པ་མ་ཟད། ཁ་གཏད་རུ་ཁག་ལ་པོ་ལོ་གཅིག་ཀྱང་བླུགས་ཐུབ་པ་བྱུང་མེད།

མཐོ་རིམ་དབང་འཛིན་པས་དུས་ཡུན་རིང་པོ་ཞིག་གི་རིང་རྒྱལ་ཁབ་ཀྱི་གཟི་བརྗིད་ངོམ་སོ་དང་། རྒྱལ་སྤྱིར་ཆེ་མཐོང་ཐོབ་པའི་ཆབ་སྲིད་ཀྱི་ལག་ཆར་རྩེད་རིགས་བེད་སྤྱོད་བྱས་ཡོད་པ་རེད། དམར་པོའི་གཞུང་གི་ཁྲིམས་ལུགས་ཡང་དག་ཁུངས་སྐྱེལ་དང་དར་སྤེལ་ཆེད། མ་དངུལ་དུང་ཕྱུར་མང་པོའི་འགྲོ་གྲོན་བཏང་སྟེ། ན་ཆུང་བྱིས་པ་འདེམ་སྒྲུག་གིས་རྩེད་རིགས་སྦྱོང་བརྡར་སྤྲད་དེ་རྟགས་མ་གང་མང་ཐོབ་རེ་འཆང་གི་ཡོད། འོན་ཀྱང་རྒྱ་ནག་མི་དམངས་རྩེད་རིགས་ལ་མཉམ་ཞུགས་བྱེད་པ་ནི་ཡུལ་ལུང་གཞན་དང་བསྡུར་ན་ཆེས་རྗེས་ལུས་ཡིན། ད་ཆ་མཐོ་རིམ་དབང་འཛིན་པས་རྐང་རྩེད་སྤོ་ལོར་མི་དམངས་མཉམ་ཞུགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཡོད། མཐར་ཐུག་གི་དམིགས་ཡུལ་ནི་ཞི་ཅིན་ཕིན་གྱི་བསམ་འདུན་ཏེ། རྒྱལ་སྤྱིའི་རྐང་རྩེད་པོའི་རྩེད་འགྲན་དངོས་གཞིར་མཉམ་ཞུགས་དང་། རྒྱལ་ཁབ་ཏུ་རྩེད་འགྲན་སྐོང་འཚོགས། མཐར་རྒྱལ་ཁ་འཐོབ་རྒྱུ་སོགས་ཡིན།

ལས་གཞི་དེ་ནི་ཞི་ཅིན་ཕིན་རྐང་རྩེད་སྤོ་ལོར་ཞེན་པའི་རང་བཞིན་སྲིད་འཛིན་གྱི་ལས་ཁུར་འཛིན་དུས་ནས་ཡོད་ལུགས་ཐབས་མཁས་པོས་མི་དམངས་ལ་དྲིལ་བསྒྲགས་བྱས་པ་ཞིག་རེད།

ད་ཆ་དངོས་ཡོད་དགོས་མཁོ་ཡོད་པ་ནི་མ་དངུལ་གང་མང་འགྲོ་གྲོན་གྱིས་མི་དམངས་ལ་རྩེད་རིགས་མཐུན་རྐྱེན་སྣ་ཚོགས་བསྐྲུན་དགོས་པ་ལས། རྐང་རྩེད་སྤོ་ལོ་དར་སྤེལ་གཏོང་རྒྱུ་དེ་ཁོ་ན་ག་ལ་ཡིན། མི་འབོར་གང་མང་རྩེད་རིགས་ལ་མཉམ་ཞུགས་བྱེད་ཐུབ་པའི་ཁར་གཟུགས་གཞིའི་འཕྲོད་བསྟེན་དང་སེམས་ཁམས་ལ་སྤྲོ་སྣང་སྤྲོད་ཐུབ་པ་ཞིག་དགོས་པ་ལས། རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྒྱལ་ཁས་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་རྒྱུ་དེ་མིན།

མ་རྩོམ་གྱི་འབྲེལ་ཐག http://www.scmp.com/comment/insight-opinion/article/1937095/promote-soccer-its-real-sporting-benefits-not-just-xi

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༨ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese