མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་ཆས་དམག་དཔུང་མཉམ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་ཧྥི་གྷ་ནེ་སི་ཐན་དང་ལྷན་དུ་དམག་རྩེད་སྦྱོར་བརྡར་དང་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བཅས་ཀྱི་ཐད་མཉམ་འབྲེལ་བྱེད་འདོད་ཡོད་ལུགས་བརྗོད་འདུག

s3.reutersmedia

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁུལ་གྱི་གཙོ་འཛིན་ཧྥན་ཧྥང་ཧཱེ་ (Fang Fenghui) དང་ཨ་ཧྥི་གྷ་ནེ་སི་ཐན་གྱི་ནང་སྲིད་བློན་ཆེན་ཧ་ནེ་ཧྥི་ཨ་ཊི་མར་ (Hanif Atmar)གཉིས་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་ཨ་ཧྥི་གྷ་ནེ་སི་ཐན་དང་དམག་དོན་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུ་མ་ཟད། འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་དང་དམག་རྩེད་སྦྱོང་བརྡར་སོགས་ཀྱི་ཐད་མཉམ་འབྲེལ་བྱེད་འདོད་ཡོད་ལུགས་བཤད་འདུག

ཧྥན་ཧྥང་ཧཱེ་ཡིས་ཨ་ཧྥི་གྷ་ནེ་སི་ཐན་དང་རྒྱ་ནག་གཉིས་བར་དྲག་ཆས་དམག་དཔུང་གི་འབྲེལ་ལམ་བཟང་བོ་ཡོད་ལུགས་དང་། ཕྱོགས་གཉིས་ཀྱི་དམག་དཔུང་མཉམ་འབྲེལ་གྱིས་དམག་རྩེད་སྦྱོང་བརྡར་དང་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བཅས་ཀྱི་ཐད་རྒྱ་ནག་གཞུང་གིས་ཨ་ཧྥི་གྷ་ནེ་སི་ཐན་དང་མཉམ་འབྲེལ་བྱེད་འདོད་ཡོད་ལུགས། ད་དུང་རྒྱ་ནག་གཞུང་གིས་སྔར་བས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཞི་བདེ་དང་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་འགན་སྲུང་བྱེད་འདོད་ཡོད་ལུགས་སོགས་བཤད་འདུག

གནས་ཚུལ་ལྟར་ན། འདས་པའི་མི་ལོ་ ༡༥ རིང་ལ་རྒྱ་ནག་གཞུང་གིས་ཨ་རི་དང་པ་ཀི་སི་ཐན་གཉིས་ལྷན་དུ་ཨ་ཧྥི་གྷ་ནེ་སི་ཐན་ནང་རྟེན་གཞི་བཟུང་བའི་ཊ་ལེ་བྷན་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཁག་ཚར་གཅོད་བྱེད་ཕྱོགས་ཀྱི་ཞི་བདེ་གྲོས་མོལ་སྟེང་མཉམ་ཞུགས་བྱས་ཡོད་ནའང་། ཟླ་སྔོན་མར་རྒྱ་ནག་གི་དྲག་ཆས་དམག་དཔུང་ཨ་རི་དང་པ་ཀི་སི་ཐན་མཉམ་འབྲེལ་དམག་དཔུང་ནང་མཉམ་ཞུགས་བྱས་མེད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་ནས་ཨ་ཧྥི་གྷ་ནེ་སི་ཐན་ནང་རྟེན་གཞི་བྱེད་པའི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པ་དེ་ནི་ཨ་ཧྥི་གྷ་ནེ་སི་ཐན་རྒྱལ་ནང་གི་ཟིང་འཁྲུག་ཞོད་འཇགས་ཡོང་ཐབས་ཤིག་མིན་ལུགས་བཤད་དེ། ཨ་ཧྥི་གྷ་ནེ་སི་ཐན་གྱི་རྒྱལ་ཁབ་བསྐྱར་གསོ་ཡོང་ཐབས་སུ་ཕྱོགས་གཉིས་བར་ཚོང་འབྲེལ་བྱེད་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

འདས་པའི་ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ས་ཁུལ་དུ་འབྱུང་བཞིན་པའི་ཟིང་འཁྲུག་ཐད་ཨ་ཧྥི་གྷ་ནེ་སི་ཐན་དང་པ་ཀི་སི་ཐན། དེ་བཞིན། ཨེ་ཤེ་ཡའི་དབུས་ཁུལ་བཅས་ཀྱི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པའི་རམ་འདེགས་སྲིད་པར་དོགས་གཞི་བྱེད་ཀྱི་ཡོད་ནའང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཤིན་ཅང་ཡུ་གུར་མི་རིགས་ས་ཁུལ་དུ་འབྱུང་བཞིན་པའི་ཟིང་འཁྲུག་དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཆོས་ལུགས་རིག་གནས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

 གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese