མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ ༧༠༠ བོད་དུ་གཏོང་གི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ལོགས་ཀྱི་འཕེལ་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༧ ནས་ལས་ཀ་འཚོལ་མཁན་གྱི་དགེ་རྒན་ ༧༠༠ ཙམ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་གི་ནང་གཏོང་བཞིན་ཡོད་འདུག

Untitled-1རྒྱ་ནག་བུད་མེད་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་སོགས་གྲོང་ཁྱེར་དང་ཞིང་ཆེན་ཁག་ ༡༧ ནས་བོད་རང་སྐྱོང་ལྗོངས་ཀྱི་ནང་ཁྱོན་དགེ་རྒན་ ༧༠༠ ཙམ་ཆེད་གཏོང་བྱས་ཏེ། ལོ་ངོ་ ༣ རིང་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དགེ་རྒན་བྱ་རྒྱུ་ཡིན་པ་དང་། རུ་ཁག་དང་པོའི་དགེ་རྒན་ ༧༦ བོད་དུ་འབྱོར་ཟིན་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་གཞིས་ཀ་རྩེ་དང་ཉིང་ཁྲི། ལྷོ་ཁ། ཆབ་མདོ་བཅས་ཀྱི་སློབ་གྲྭ་ཁག་ཏུ་ལས་ཞུགས་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་ཁྲིད་གཞོན་པ་ཧྥང་ལིན་མིན་ཟེར་བ་ཞིག་གིས། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་ཆེད། རྒྱ་ནག་པེ་ཅིན་དང་ཅང་སུའུ་ཞིང་ཆེན་སོགས་རྒྱ་ནག་གི་ཞིང་ཆེན་དང་། གྲོང་ཁྱེར་ཁག་ ༡༧ ནས་བཏང་བའི་དགེ་རྒན་ཚོ་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ ༢༠ ནང་བགོ་འགྲེམ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ལས་གཞི་དེ་རྒྱ་ནག་སློབ་གསོ་ཁང་དང་ནོར་སྲིད་ལས་ཁུངས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁང་བཅས་ཀྱིས་སྦྱིན་བདག་བྱས་ཏེ་གཙོ་སྒྲུབ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ལས་གཞི་དེའི་འོག་ལོ་ལྟར་བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ནས་ཁྱོན་དགེ་རྒན་ ༤༠༠ རེ་རྒྱ་ནག་ནང་ལོགས་ཀྱི་འཕེལ་རྒྱས་ཆེ་བའི་ས་ཁུལ་དུ་འཁྲིད་དེ་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག

རྒྱ་ནག་ནང་ལོགས་ཀྱི་ལས་འཚོལ་བ་མང་པོ་བོད་དུ་བཏང་སྟེ་ལས་སྒོ་མང་པོར་ཞུགས་བཞིན་ཡོད་པའི་རྐྱེན་གྱིས། བོད་ཁུལ་གྱི་མཐར་ཕྱིན་སློབ་མ་དང་ཞོར་ལས་འཚོལ་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར། ཉེ་སྔོན་རྨ་ཆུ་རྫོང་ཁོངས་ཀྱི་མཐར་ཕྱིན་སློབ་མ་ཁག་ཅིག་གིས། རྨ་ཆུ་རྫོང་སྲིད་གཞུང་གིས་ཕྱི་ཡོང་སློབ་མར་ལས་གནས་སྤྲད་དེ་རྫོང་ནང་ཁུལ་གྱི་སློབ་མ་ཚོ་ལས་གནས་ནས་ཕུད་པ་དང་ལས་ཀ་སྤྲོད་ཀྱི་མེད་པའི་དབྱེ་འབྱེད་ཀྱི་བྱ་སྤྱོད་ཞུ་གཏུག་བྱེད་དགོས་ཁེལ་ཡོད་པ་དང་། དེ་བཞིན། ཉེ་ཆར་རང་བོད་ནས་དྷ་རམ་སར་བསླེབས་པའི་རྒན་ཡོལ་བྱས་པའི་དགེ་རྒན་ཞིག་གིས་ཀྱང་། དེང་སང་བོད་ཁུལ་ནས་ལས་ཀ་རག་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྟབས། ཁོང་གི་བུ་གཅིག་པུ་དེའང་པེ་ཅིན་ནས་སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་མ་ལོག་པར་རྒྱ་ནག་ནང་ལོགས་ཤིག་ཏུ་བྱ་བ་འཚོལ་བཞིན་ཡོད་སྐོར་བརྗོད་བྱུང་།

W020150831403333897876རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། ད་ལྟའི་ཆར་བོད་ཁུལ་ཡོངས་སུ་སློབ་གྲྭ་ཁག་ ༡༨༥༥ ཡོད་པའི་ནང་ཁྱོན་སློབ་མ་འབུམ་ ༦ ལྷག་ཡོད་པ་དང་། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༡ ནང་བོད་ཀྱི་སློབ་མ་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་བཞིན་ཡོད་སྐོར་དང་། བོད་ནི་བྱིས་སྙོར་ཁང་ནས་མཐོ་འབྲིང་བར་སློབ་རིན་མི་དགོས་པར་སློབ་གསོ་སྤྲོད་པའི་རྒྱ་ནག་གི་ས་ཁུལ་དང་པོ་དེ་ཡིན་ལ། བོད་ཁུལ་གྱི་བྱིས་པ་སློབ་ཆུང་དུ་ཞུགས་པ་བརྒྱ་ཆ་ ༩༨ དང་། དམའ་འབྲིང་དུ་ཞུགས་པ་བརྒྱ་ཆ་ ༩༦། མཐོ་འབྲིང་དུ་ཞུགས་པ་བརྒྱ་ཆ་ ༧༤ ཟིན་ཡོད་ཀྱང་། ད་ལྟའང་བོད་མཐའ་འཁོབ་ཀྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཞན་པོ་ཡིན་སྟབས། ཐ་ན་གློག་དང་འཐུང་ཆུ་གཙང་མ་མ་རག་པའི་དཀའ་ངལ་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་སློབ་གསོ་ཁང་གི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ནས་ཁྱོན་སློབ་མ་ས་ཡ་ ༧་(༧༤༩༠༠༠༠)ལྷག་མཐར་ཕྱིན་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམ་དམས་སུ་འགྲོ་བཞིན་ཡོད་པ་དང་བསྟུན། ལོ་རེ་བཞིན་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་གྲངས་འབོར་མྱུར་ཚད་མཐོན་པོའི་ཡར་འཕར་ཏེ། ལས་ཞུགས་མ་ཐུབ་པ་དང་ལས་ཀ་ཤོར་བའི་གཞོན་སྐྱེས་ཀྱི་གྲངས་འབོར་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པ་དེ་རྒྱ་ནག་གཞུང་གི་དཀའ་ངལ་དང་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆིང་གཉིས་ཀྱིས་སྔ་ཕྱི་མང་པོར་གཞུང་སྒེར་གྱི་ཁེ་ལས་སྡེ་ཁག་ཚོས་ལས་གཞིའི་རྣམ་གྲངས་རྒྱ་སྐྱེད་དེ། མཐར་ཕྱིན་སློབ་མ་ཚོར་ལས་ཞུགས་ཀྱི་གོ་སྐབས་གང་མང་སྤྲོད་ཐབས་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ ལོའི་རྒྱ་ནག་འཕེལ་རྒྱས་ཞིབ་འཇུག་ཐེབས་རྩ་ཚོགས་པའི་དྲུང་ཡིག་ལུའུ་མི་ཡི་གཏམ་བཤད་ཅིག་གི་ནང་། ལོ་དེར་སློབ་ཆེན་མཐར་ཕྱིན་སློབ་མ་ས་ཡ་ ༦ (༦༩༩༠༠༠༠)ལྷག་ཡོད་པའི་ནང་ལས་ཀ་རག་མཁན་གྱིས་ཕྱེད་ཀའང་ཟིན་གྱི་མེད་སྐོར་བརྗོད་ཡོད་པ་དང་། ལོ་དེའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་རང་ལོ་ ༢༡ ནས་ ༢༥ བར་གྱི་ལས་མེད་ན་གཞོན་ཁྲོད་སློབ་ཆེན་གྱི་མཐར་ཕྱིན་སློབ་མས་བརྒྱ་ཆ་ ༡༦ ཟིན་ཡོད་སྐོར་བརྗོད་ཡོད་པ་རེད། ཧོང་ཀོང་སློབ་ཆེན་གྱི་རྒྱ་ནག་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་(Gerard A. Postiglione)གྱིས། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་འབྱོར་འབྲིང་གྲལ་རིམ་རྒྱ་སྐྱེད་པ་ཡིན་ན། ལས་མེད་མཐར་ཕྱིན་སློབ་མའི་གྲངས་འབོར་མུ་མཐུད་འཕར་རྒྱུ་ཡིན་པས་དཀའ་ངལ་འཕྲད་ངེས་རེད་ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese