མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་རྒྱ་གཉིས་བར་གྱི་རྩོད་གླེང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སྤྱི་མང་བདེ་འཇགས་ལྷན་ཁང་གིས་ཐའེ་ཝན་གྱི་ཡུལ་མི་ ༤༥ རྒྱལ་ཁབ་ཀྱི་གློག་འཕྲིན་སྐུལ་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་ཁྲིམས་བཤེར་བྱ་རྒྱུ་ཡིན་ལུགས་བཤད་འདུག

1460867228962

དེ་རིང་ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁིན་ཡ་ (Kenya) ཉེན་རྟོག་ཁང་གིས་དེ་སྔོན་རྒྱ་ནག་གི་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་དོགས་གཞིའི་འོག་མི་ ༦༧ འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་པ་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། རྒྱ་གཞུང་གིས་དོགས་ཡོད་མི་སྣ་དེ་ཚོའི་གྲས་ཀྱི་ཐའེ་ཝན་གྱི་ཡུལ་མི་ ༤༥ ཕྱིར་ཐའེ་ཝན་ནང་འགྲོ་རུ་མ་བཅུར་པར་ཁོ་ཚོ་རྒྱ་ནག་གི་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱེད་པའི་ཚོགས་པ་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་ཐོག་ནས་བཀག་བསྐྱིལ་དང་ཁྲིམས་བཤེར་བྱ་རྒྱུ་ཡིན་ལུགས་བཤད་སྟབས། གནས་ཚུལ་དེའི་ཐད་ཐའེ་ཝན་གཞུང་གིས་པེ་ཅིན་གཞུང་གིས་ཐའེ་ཝན་གྱི་ཡུལ་མི་ཚོ་བཀག་བསྐྱིལ་དང་ཞིབ་བཤེར་བྱེད་པ་དེ་ནི་ཐའེ་ཝན་མི་མང་ལ་དམའ་འབེབས་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཐའེ་ཝན་མཚོ་འགག་གི་སྐུ་ཚབ་ཅིག་པེ་ཅིན་དུ་མངགས་ཏེ་རྒྱ་ནག་གི་ཉེན་རྟོག་པ་དང་གྲོས་མོལ་བྱེད་ཀྱི་ཡོད་འདུག

རྒྱ་ནག་སྤྱི་དམངས་བདེ་འཇགས་ལྷན་ཁང་གི་ཞིབ་བཤེར་བ་ཁྲུན་ཧྲི་ཆུའུ་ (Chen Shiqu) ཟེར་བ་ཞིག་གིས། ཐའེ་ཝན་གྱི་ཡུལ་མི་ ༤༥ ཡིས་སོ་སོའི་ནག་ཉེས་ཁས་ལེན་བྱས་ཡོད་ལུགས་དང་། ཁོ་ཚོས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་དམིགས་འབེན་དུ་བཟུང་སྟེ་རྒྱ་ནག་སྐམ་ས་ཆེན་མོར་གནོད་འཚེ་བཟོས་ཡོད་ལུགས། ཉེས་ཅན་པ་དེ་ཚོའི་གྲས་ཀྱི་མང་པོ་ཞིག་རྒྱ་ནག་སྐམ་ས་རང་གི་ཡུལ་མི་ཡིན་སྟབས། ཁོ་ཚོར་ཡང་རྒྱ་ནག་སྐམ་ས་ཆེན་མོའི་རྩ་ཁྲིམས་གཞིར་བཟུང་ཐོག་ཐའེ་ཝན་གྱི་ཡུལ་མི་དང་གཅིག་མཚུངས་ཀྱི་ཁྲིམས་བཤེར་བྱ་རྒྱུ་ཡིན་ལུགས་སོགས་བཤད་འདུག

ཐའེ་ཝན་ནང་རྒྱ་ནག་དོན་གཅོད་ཁང་གི་དཔོན་རིགས་ཨན་ཌི་རའོ་ཧ་ཤེ་ཡ་ (Andrew Hsia) ཟེར་བ་ཞིག་གིས། ཐའེ་ཝན་མཚོ་འགག་གིས་རྒྱ་ནག་གི་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་དོགས་ཡོད་མི་སྣ་ཚོར་ཁིན་ཡ་ཉེན་རྟོག་ཁང་གིས་ཞིབ་བཤེར་བྱས་ཏེ་ནག་ཉེས་མེད་པ་ར་སྤྲོད་བྱུང་ནའང་། པེ་ཅིན་གཞུང་གིས་དེ་དོན་སྣང་མེད་ལ་བཏང་ཡོད་སྐོར་དང་། ཐའེ་ཝན་མཚོ་འགག་གི་དཔོན་རིགས་ཚོས་རྒྱ་ནག་ནང་སྐུ་ཚབ་མངགས་ཏེ་ཉིན་གསུམ་རིང་གནད་དོན་འདིའི་ཐད་གྲོས་མོལ་ཡོང་བའི་རེ་བ་ཡོད་སྐོར། དེ་བཞིན། ཁིན་ཡ་སྲིད་གཞུང་གི་དཔོན་རིགས་ཚོས་ཁྲིམས་སྲོལ་ལ་བརྩི་འཇོག་མ་བྱས་པར་ཐའེ་ཝན་གྱི་ཡུལ་མི་འཇུ་བཟུང་བཀག་བསྐྱིལ་བྱས་པ་མ་ཟད། སྒེར་ཐོག་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་གཏུག་བྱས་ཏེ་དོགས་ཡོད་མི་སྣ་ཚོ་ཐད་ཀར་རྒྱ་ནག་གཞུང་ལ་རྩིས་བྱེད་དུ་བཅུག་ཡོད་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་སྤྱི་མང་བདེ་འཇགས་ལྷན་ཁང་ཟེར་བ་དེས། རྒྱ་ནག་སྐམ་ས་ཆེན་མོར་གནད་དོན་འདིའི་ཐད་ཁྲིམས་བཤེར་བྱ་བའི་དབང་ཆ་ཡོད་ལུགས་དང་། རྒྱ་ནག་གི་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་རྐྱེན་གྱིས་ལོ་རེར་རྒྱ་ནག་དབུས་གཞུང་དང་ཉེན་རྟོག་ཁང་། མི་མང་དངུལ་ཁང་དང་ཉེན་སྲུང་མ་འཇོག་ཚོང་གཉེར་ཁང་སོགས་ཀྱི་དངུལ་ལོ་བརྒྱུད་གཏོང་དང་མི་སྒེར་གྱི་གསང་བའི་ཡིག་ཚགས་མང་པོ་རྐུན་ལ་ཤོར་བའི་གྲངས་འབོར་དམངས་སྒོར་ཐེར་འབུམ་ ༡༠ ཙམ་ཟིན་ཡོད་ལུགས་བཤད་འདུག

ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་ཐའེ་ཝན་མཚོ་འགག་དེ་རང་སྲིང་རང་སྐྱོང་གི་ཚུལ་དུ་འཚོ་ཞིང་གནས་ནའང་། རྒྱ་ནག་གཞུང་གིས་ནམ་རྒྱུན་ཐའེ་ཝན་མཚོ་འགག་དེ་བཞིན་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ལུགས་ནན་བཤད་བྱེད་ཀྱི་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཁ་ཅིག་གིས་རྒྱ་ནག་གཞུང་གོམ་གང་མདུན་སྤོས་ཀྱིས་ན་ནིང་ཕྱི་ཟླ་ ༥ བའི་ནང་ཚུགས་པའི་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་འོས་འདེམས་སྐབས་སུ། ད་ལྟ་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་དུ་གྱུར་བའི་ལྕམ་ཚའེ་ཡེན་ཝན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དོན། པེ་ཅིན་སྲིད་གཞུང་ལྕམ་ཚའེ་ཡེན་ཝན་གྱི་ལོ་རྒྱུས་རིང་བཞིན་ལྡན་པའི་ཐའེ་ཝན་རང་བཙན་ལངས་ཕྱོགས་ལ་དོགས་གཞི་ཡོད་པས་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese