མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་རྩོད། གཙང་པོ་འདིས་རྒྱ་གར་ནག་གི་འབྲེལ་ལམ་ནུབ་ཏུ་འཇུག་ཐུབ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྗོལ་ཝི་ཐི་ནོའོས་བརྩམས།

ཆོས་རྒྱལ་སྐྱབས་ཀྱི་བསྒྱུར།

Screen Shot 2016-04-26 at 2.50.04 PM
ཕྱི་ཟླ་ ༤ བའི་ཆེས་ ༡༨ ནས་ ༡༩ བར་རྒྱ་གར་ནག་གི་བདེ་སྲུང་བློན་ཆེན་གཉིས་པེ་ཅིན་དུ་ཐུག་ནས་ས་མཚམས་ཀྱི་གནད་དོན་གླེང་རྒྱུ་རེད། གྲོས་མོལ་གྱི་གནད་འགག་གཙོ་བོ་ནི། རྒྱལ་ཁབ་གཉིས་ཀར་བདག་དབང་གི་རྩོད་རྙོག་ཡོད་སའི་ས་མཚམས་བརྟན་བརླིང་ཡར་རྒྱས་ཇི་ལྟར་གཏོང་མིན་སྐོར་རེད། ཉེ་ཆར་ཕྱི་ཟླ་ ༣ པའི་ནང་ལ། དབང་བསྒྱུར་ངེས་ཅན་གྱི་ས་ཐིག་(Line of Actual Control)1 རྒྱུད་དུ་འགྲེམས་འཇོག་བྱས་པའི་རྒྱ་ནག་དམག་དཔུང་རྒྱ་གར་གྱི་བདག་དབང་འོག་ཏུ་ཡོད་པའི་ས་ཁུལ་ཏུ་སིམ་འཛུལ་བྱས་པ་དེ། པེ་ཅིན་དང་ལྡི་ལི་གཉིས་བར་དངངས་འཚབ་ཀྱི་འབྱུང་ཁུངས་གཙོ་བོ་ཆགས་ཡོད། དེ་དང་མཉམ་དུ། ཕྱོགས་གཉིས་ཀའི་སྣང་མེད་དུ་གཏོང་མི་ཉན་པ་ནི། དབང་བསྒྱུར་ངེས་ཅན་གྱི་ས་ཐིག་ནང་དུ་ཡོད་པའི་ཕོག་ཐུག་གི་རྒྱུ་དང་། ཕྱོགས་གཉིས་ཀའི་བདེ་འཇགས་ཐད་ནས་མཉམ་ལས་བྱེད་པའི་ནུས་པ་ཅན་གྱི་ཡར་ཀླུང་གཙང་པོ་རེད།

ཡར་ཀླུང་གཙང་པོ་ནི་མགོ་ཁུངས་བོད་ནས་དབང་བསྒྱུར་ངེས་ཅན་གྱི་ས་ཐིག་བརྒྱུད་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་དུ་བཞུར་གྱིན་ཡོད། ཨ་རུ་ན་ཅལ་ནི་རྒྱ་གར་ནག་ས་མཚམས་ཀྱི་རྩོད་གཞི་ཅན་གྱི་ས་ཁུལ་གཉིས་ནང་གི་གཅིག་རེད། གཞན་གཅིག་ནི་ནུབ་ཀྱི་ཨག་སེ་ཆེན་(ཉེ་བའི་དུས་སུ་རྒྱ་དམག་རྣམས་ཀྱིས་སིམ་འཛུམ་བྱེད་ས་གཙོ་བོ)རེད། གཙང་ཐག་མ་ཆོད་པའི་གྲོས་མོལ་ཕྱིར་འཐེན་མ་བྱས་གོང་སྟེ། ༡༩༦༢ ལོར་རྒྱ་ནག་གི་དམག་དཔུང་གིས་ཨ་རུ་ན་ཅལ་ནང་དུ་ས་མཚམས་རྩོད་རྙོག་གི་ངོ་བོར་བཙན་འཛུལ་ཆེན་པོ་ཞིག་བྱས་པ་རེད། པེ་ཅིན་གྱི་ངོས་ནས་ས་དེ་ནི་བོད་ཀྱི་ལྷོ་རྒྱུད་རེད་ཅེས་བདག་དབང་རྩོད་ཀྱི་ཡོད་ལ། ལྡི་ལི་གསར་བས་དེ་ནི་ ༡༩༡༤ ལོའི་ཆིངས་ཡིག་གཞིར་བཞག་གིས་རྒྱ་གར་གྱི་མངའ་ཁུལ་འཁྲུལ་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཡར་ཀླུང་གཙང་པོ་ནི་རྒྱ་གར་གྱི་མངའ་ཁུལ་བརྒྱུད་བྷང་ལ་རྡེ་ཤིར་བཞུར་ནས། མཐའ་མར་བྷང་གྷལ་མཚོ་ལག་(Bay of Bengal)ཏུ་འབབ་ཀྱི་ཡོད།

འཛམ་གླིང་རྒྱལ་སྤྱིའི་གཙང་པོ་ཆེ་ཁག་དག་གི་ནང་ནས། ཡར་ཀླུང་གཙང་པོ་ནི་ཁྲིམས་ཐོག་སྟངས་འཛིན་གྱི་རིམ་པ་དམའ་བའི་གཙང་པོ་ཞིག་རེད། དཔེར་ན། ནེལ་གཙང་པོའི་(Nile River)རྒྱུད་ཀྱི་རྒྱལ་ཁབ་རྣམས་ཀྱིས་ཞི་བདེ་དང་བདེ་འཇགས་ཡོང་ཆེད་ནེལ་གཙང་འདབ་ལས་གཞི་(Nile Basin Initiative)་ཞེས་པ་བཙུགས་ཡོད་ལ། རྫ་ཆུའི་སྨད་རྒྱུད་ཀྱི་རྒྱལ་ཁབ་ཚོའི་རྫ་ཆུའི་ཚོགས་ཆུང་(Mekong River Commision)་ཞེས་པ་བཙུགས་ཡོད། (རྒྱ་ནག་ནི་ཚོགས་ཆུང་དེའི་ཚོགས་མི་དངོས་མིན་ཡང་། ལྟ་རྟོག་པ་གཅིག་ཡིན།) དེ་ལས་ལྡོག་ཏེ། ཡར་ཀླུང་གཙང་པོ་བཞུར་སའི་རྒྱལ་ཁབ་གསུམ་སྟེ། རྒྱ་ནག་དང་རྒྱ་གར། བྷང་ལ་རྡེ་ཤི་བཅས་ཀྱི་བར་ལ་ཁྲིམས་ཐོག་གི་མཉམ་ལས་ཀྱི་ནུས་པ་མེད། ཐ་ན། རྒྱ་གར་ནག་གཉིས་ཕན་ཚུན་མཉམ་འབྲེལ་ཐད་ནས་བལྟས་ནའང་། གཙང་པོ་དང་འབྲེལ་བའི་ཡིག་ཆ་བརྗེ་སྤྲོད་ཀྱི་མོས་མཐུན་དང་། དུས་ནས་དུས་སུ་འཚོགས་ཀྱི་མེད་པའི་མཉམ་ལས་སྡེ་ཁག་ཙམ་རེད། གྲོས་མཐུན་ཚད་མཐོན་པོ་(ཆུ་བོ་མཉམ་སྤྱོད་ཀྱི་ཆིངས་ཡིག་ལྟ་བུ)་དེ་འདྲ་འཇོག་མི་ཐུབ་པའི་རྒྱུ་རྐྱེན་ནི། གཙང་པོ་བཞུར་ས་དེ་རྩོད་རྙོག་ཅན་གྱི་ས་ཁུལ་ཡིན་པས་རེད།

བདེ་འཇགས་ཀྱི་གནད་དོན་ཐད་ནས་བལྟས་ན། པེ་ཅིན་དང་ལྡི་ལི་གསར་བར་དཀའ་ངལ་ཆེ་ཁག་གསུམ་ཡོད། དཀའ་ངལ་དེ་དག་ནི་ངའི་ལས་རོགས་ས་ཏོས་ལེ་མ་ཡེ་(Satu Limaye)དང་ནེ་ལན་ཐས་ས་མ་ར་ན་ཡག་(Nilanthi Samaranayake)གཉིས་དང་མཉམ་དུ་བརྩམས་པའི་སེ་ཨེན་ཨེ་(CNA)ཡི་ཉམས་ཞིབ་གསར་བ་དེའི་ནང་དུ། ཡར་ཀླུང་གཙང་པོ་བཞུར་སའི་རྒྱལ་ཁབ་གསུམ་གྱི་ལྟ་བ་དང་སྲིད་ཇུས་བཅས་ཞིབ་ཚགས་ཀྱི་སྒོ་ནས་ཉམས་ཞིབ་བྱས་ཏེ་གླེང་ཡོད།

དང་པོ་ནི། ཆུ་ལོག་སྔོན་འགོག་དང་སྟངས་འཛིན་གྱི་དཀའ་ངལ་རེད། ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་གིས་སྟངས་འཛིན་འོག་ཡོད་པའི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་རང་བྱུང་ཆུ་རགས་ཤིག་གི་ཁ་གློད་པས། ཨ་རུ་ན་ཅལ་དུ་ཆུ་ལོག་ཤུགས་ཆེན་བརྒྱབ་ཡོད། རྒྱ་གར་གྱི་མི་སེར་ ༣༠ རྐྱེན་འདས་དང་། ཁྲི་ཚོ་ལྔ་ཙམ་གཞིས་ཀ་དང་ཁ་བྲལ་དགོས་ཐུག་ཡོད། རྒྱ་གར་དཔོན་རིགས་ཚོས་རྒྱ་ནག་གིས་ཆུ་ལོག་ཡོང་རྒྱུ་ཡིན་པའི་གནས་ཚུལ་གསལ་བོ་ཤེས་ཀྱི་ཡོད་ཀྱང་། སྔོན་བརྡ་མ་བཏང་བའི་ཉེས་འཛུགས་བྱས་པར་བརྟེན། ༢༠༠༢ ལོར་རྒྱ་ནག་གིས་ཆུ་ལོག་ཡོང་བའི་དུས་ཚིགས་ལ་གཙང་པོའི་བཞུར་ཚད་ཀྱི་ཡིག་ཆ་རྒྱ་གར་ལ་སྤྲོད་རྒྱུའི་གྲོས་མཐུན་བཞག་ཡོད། (ལོ་ཕྱེད་ཙམ་གྱི་མཚམས་སུ) དུས་ད་ལྟའང་ཆུ་ལོག་ནི་སེམས་ཁྲལ་གྱི་གཞི་མ་ཞིག་རེད་ལ། སའི་གོ་ལའི་ཚ་དྲོད་འཕེལ་བར་བརྟེན་བོད་ཀྱི་འཁྱགས་རོམ་བཞུ་གི་ཡོད་པས། མ་འོངས་པར་ཇེ་སྡུག་ཏུ་འགྲོ་སྲིད་རྒྱུ་རེད།

གཉིས་པ་ནི། རྒྱ་ནག་གིས་རྒྱ་གར་ནང་དུ་བཞུར་བའི་ཡར་ཀླུང་གཙང་པོའི་ཁ་སྒྱུར་ཐུབ་པའི་ཆུ་རགས་རྒྱག་སྲིད་པའི་སེམས་ཁྲལ་རེད། སེམས་ཁྲལ་འདི་ནི་ལོ་ངོ་མང་པོའི་རིང་ལ་རྒྱ་གར་ནང་དུ་སྐོར་བ་བརྒྱབ་ནས་བསྡད་པ་རེད། བྷི་ར་མ་ ཆེ་ལེ་ནས་(Brahma Chellaney)ཀྱིས་བརྩམས་པའི་(ཡོང་བཞིན་པའི་རྒྱ་གར་ནག་གཉིས་ཀྱི་ཆུ་རྩོད)་ཞེས་པའི་རྩོམ་ཡིག་ནང་དུ་གསལ་ཁ་བཏོན་ནས་བྲིས་ཡོད། དངོས་ཡོད་གནས་ཚུལ་ཐོག རྒྱ་ནག་བཅིངས་འགྲོལ་དམག་གི་ལས་བྱེད་ཟུར་བ་ཞིག་ཚུད་པའི་རྒྱ་ནག་གི་ཤེས་ལྡན་པ་ཚོས་རྒྱལ་ནང་གི་ཆུའི་དཀའ་སེལ་ཆེད། གཙང་པོའི་ཁ་ལོ་སྒྱུར་བའི་འཆར་གཞི་འདྲ་མིན་ཐད་ལ་བསམ་གཞིགས་བྱེད་ཀྱིན་འདུག ཁོང་གིས་བྲིས་བའི་རྩོམ་ཡིག་(བོད་ཀྱི་ཆུ་ཡིས་རྒྱ་ནག་སྐྱོབ་ཐུབ)་ཅེས་པ་དེར་རྒྱལ་ཕྱི་ནང་གཉིས་ཀས་དོ་སྣང་ཆེན་པོ་བྱས་ཡོད།

འོན་ཀྱང་། རྒྱ་ནག་གི་ཆེད་ལས་པ་གཞན་རྣམས་ཀྱིས་ལས་འཆར་འདི་ནི་འགྲོ་སོང་ཧ་ཅང་ཆེན་པོ་དང་། ལག་རྩལ་གྱི་དཀའ་ངལ་དག་ཀྱང་རྙོག་འཛིང་ལྡན་པ་ཞིག་ཡིན་པའི་རྩོད་སྒྲུབ་བྱས་ཏེ། དེའི་ཚབ་ཏུ་རྒྱལ་ནང་གི་ཆུའི་དཀའ་ངལ་སེལ་བའི་ཐབས་ལམ་འདི་ལས་ལེགས་པ་ཡོད་ཚུལ་བྲིས་ཡོད། (ཞིང་ལས་ཀྱི་ལས་ཆོད་ཤུགས་སྣོན་བྱེད་པ་ལྟ་བུ།) མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་གཙང་ཆུ་གསོག་འཇོག་མི་དགོས་པའི་ཆུ་རགས་(Run of the River dam)སྟེ། ཆུ་ཡི་ཁ་ལོ་སྒྱུར་བའི་ནུས་པ་མེད་པའི་ཆུ་རགས་ཁོ་ན་རྒྱག་གི་ཡོད་པ་དུས་ནས་དུས་སུ་ནན་བརྗོད་བྱས་ཀྱང་། མཇུག་མ་རྫོགས་པའི་ས་མཚམས་ཀྱི་རྩོད་རྙོག་དང་། རྒྱ་གར་གཉིས་བར་ལ་འཐབ་ཇུས་ཐད་ནས་ཡིད་ཆེས་བྱེད་ཚད་དམའ་བོ་ཡིན་སྟབས། རྒྱ་གར་བ་མང་པོ་ཞིག་གིས་རྒྱ་ནག་གི་སྐད་ཆ་དེར་ཡིད་ཆེས་ཀྱི་མེད།

གསུམ་པ། རྒྱ་ནག་ལྟ་ཞིབ་པ་ཚོས་ཨ་རུ་ན་ཅལ་ཁུལ་གྱི་ཡར་ཀླུང་གཙང་པོའི་རྒྱུད་དུ་རྒྱ་གར་གྱིས་འཆར་གཞི་བཏང་བའི་ཆུ་གློག་ནུས་ཤུགས་དང་། ཡར་རྒྱས་འཛུགས་སྐྲུན་གཞན་དག་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། ཁོང་ཚོའི་ཞེད་སྣང་ནི། ཡར་རྒྱས་འཛུགས་སྐྲུན་འདིས་ཨ་རུ་ན་ཅལ་མངའ་ཁུལ་དུ་རྒྱ་གར་གྱི་ངེས་པ་དོན་གྱི་དབང་བསྒྱུར་ཏེ་སྲ་བརྟན་དང་། རྩོད་གཞི་ཅན་གྱི་ས་ཁུལ་དེར་རྒྱ་གར་གྱི་ཡུལ་མི་མང་པོ་གནས་སྤོ་བྱེད་པའི་མཐུན་འགྱུར་རོགས་རམ་བསྐྲུན་པ་དེ་རེད། འདིས་ས་མཚམས་གྲོས་མོལ་གྱི་རྙོག་འཛིང་ཆེ་རུ་གཏོང་བ་དང་། པེ་ཅིན་གྱིས་ལྷོ་བོད་དབང་དུ་བསྡུ་རྒྱུ་ཁག་པོ་བཟོ་གི་རེད། ཐ་ན། རྒྱ་ནག་གིས་ཨ་རུ་ན་ཅལ་ཁུལ་གྱི་རྒྱ་གར་གྱི་འཛུགས་སྐྲུན་ལས་འཆར་ཁག་རྙོག་འཛིང་ཆེ་རུ་གཏོང་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུགས་སྐྲུན་ལས་གཞི་དེ་རིགས་ལ་མ་འཛུགས་འགོག་པའི་ཐབས་ཤེས་བཙལ་ཡོད། རྒྱ་ནག་གི་ཆེད་ལས་པ་ཚོར་བཅར་འདྲི་བྱས་པའི་ནང་དོན་ལ་གཞིགས་ན། པེ་ཅིན་ལ་ཨ་རུ་ན་ཅལ་ཁུལ་ཏུ་རྒྱ་གར་གྱིས་ཡར་རྒྱས་གཏོང་བའི་ལས་གཞི་དག་གཏན་དུ་འགོག་པའི་རེ་བ་མེད་ཀྱང་། ཕལ་ཆེར་ལས་འཆར་དེ་དག་མུ་མཐུད་ནས་རྒྱ་གར་ནག་གི་ཆབ་སྲིད་འབྲེལ་ལམ་གྱི་ནང་དུ་སུན་པོ་བཟོ་བའི་རྒྱུ་རུ་འགྱུར་རྒྱུ་ཡིན་པ་བརྗོད་འདུག

ཕྱོགས་བསྡུས་ཀྱི་སྒོ་ནས་བལྟས་ན། ཡར་ཀླུང་གཙང་པོས་རྒྱ་གར་ནག་བར་གྱི་དངངས་འཚབ་ཤུགས་ཆེ་རུ་གཏོང་བའི་དཀའ་ངལ་འདྲེས་མ་ཞིག་མཚོན་གྱི་ཡོད། ཡར་ཀླུང་གཙང་པོའི་བདག་དབང་གི་གནད་དོན་དེས། ས་མཚམས་ཀྱི་རྙོག་གྲ་ཇེ་ཆེར་གཏང་རྒྱུ་ཡིན་པའི་གནས་བབ་ཞིག་འཆར་སྣང་བྱེད་རྒྱུ་ནི་ཁག་པོ་མ་རེད། མདོར་བསྡུས་ན། ཆུ་ནི་དམག་ཇུས་ཀྱི་ཐོན་ཁུངས་ཞིག་ཡིན་པ་དང་། ས་ཁུལ་དེར་དྲག་པོའི་ནུས་ཤུགས་རྒྱུན་སྐྱོང་ཐུབ་མིན་ཐད་གལ་ཆེན་ཆགས་ཡོད། འོན་ཀྱང་། ཕྱོགས་གཉིས་ཀས་མཉམ་དུ། གཙང་པོའི་གནད་དོན་ཁག་གླེང་སློང་གིས་དབང་བསྒྱུར་ངེས་ཅན་གྱི་ས་ཐིག་བརྟན་བརླིང་བྱེད་པའི་ཐབས་ལམ་ཁ་ཤས་འདུག

ཉུང་མཐའ་ཡང་། རྒྱ་གར་ནག་གཉིས་ཐག་ཉེ་བོའི་སྒོ་ནས་ཆུ་ལོག་གི་ཉེན་ཁའི་ཐད་ནས་མཉམ་ལས་བྱེད་ཐུབ། དཔེར་ན། ཕྱོགས་གཉིས་ཀྱི་དམག་དཔུང་གིས་ཆུ་ལོག་གི་གནས་བབ་རྨང་གཞི་བྱས་ཏེ་མཉམ་འབྲེལ་སྦྱོང་བརྡར་བཀོད་སྒྲིག་བྱེད་ཆོག་གི་རེད། འདི་ནི་ཉེ་བའི་ཆར་རྒྱ་གར་ནག་གཉིས་ཀྱིས་འབྱུང་བའི་གནོད་འཚེའི་ཉེན་སྐྱོབ་ཐད་ནས། ས་མཚམས་ཁུལ་དུ་མཉམ་འབྲེལ་དམག་སྦྱོང་བྱེད་སྲོལ་ཡོད་པ་ལྟར་བྱེད་ཆོག་གི་རེད། རྒྱ་གར་ནག་གི་ཡུལ་མིའི་ལས་ཁུངས་ཀྱི་འགན་ཁུར་བ་ཚོས་ཀྱང་། ས་ཁུལ་ཏུ་ཆུ་ལོག་ཉེན་འགོག་གི་ཐབས་ལམ་གྱི་ནུས་པ་སྲ་བརྟན་དུ་ཇི་ལྟར་གཏོང་མིན་གྱི་སྐོར་གྲོས་བསྡུར་བྱེད་ཆོག དེ་མིན། ཐུན་མོང་གི་སེམས་ཁྲལ་གྲོས་དོན་གཞན་ཁག་སྟེ། གཙང་པོའི་བདེ་འཇགས་དང་ཁོར་ཡུག་བཙོག་བཟོ་སྔོན་འགོག་གི་སྐོར་ལ་གནས་ཚུལ་བརྗེ་སྤྲོད་བྱེད་རེས་བྱ་ཆོག

མཉམ་ལས་འདི་འདྲའི་རིགས་ཀྱིས་ས་མཚམས་རྩོད་རྙོག་དང་འབྲེལ་བའི་དངངས་འཚབ་སྦས་མ་དག་སེལ་མི་ཐུབ་ཀྱང་། དམའ་རིམ་ནས་ཕན་ཚུན་ལ་ཡིད་ཆེས་བསྐྲུན་པ་དང་། ཕྱོགས་གཉིས་ཀྱིས་ཛ་དྲག་གི་སྐབས་སུ་གདོང་ལེན་བྱེད་པའི་ནུས་པ་ཇེ་ཆེར་གཏོང་ཐུབ།

གོམ་སྟབས་གཞན་པ་དེའི་ནང་དུ། དབང་བསྒྱུར་ངེས་ཅན་གྱི་ས་ཐིག་གི་ངོས་གཉིས་ནས་ཆུ་རགས་རྒྱག་པ་དང་། འཛུགས་སྐྲུན་གཞན་རྣམས་ཀྱི་གནས་ཚུལ་བརྗེ་སྤྲོད་བྱེད་རྒྱུ་དེ་ཚུད་ཡོད། དཔེར་ན། རྒྱ་ནག་གི་ངོས་ནས། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ པ་ནས་བཀོལ་སྤྱོད་བྱེད་མགོ་བཙུགས་པའི་རྫང་མོའི་ཆུ་རགས་(Zangmu Dam)ལ་རྒྱ་གར་དཔོན་རིགས་ཚོ་ལྟ་སྐོར་བྱེད་འཇུག་རྒྱུ་དང་། མ་ཟད། རྒྱ་གར་གྱི་སེམས་ཁྲལ་ཏེ། ཆུ་རགས་འཛུགས་སྐྲུན་གྱི་མཐར་ཐུག་དམིགས་ཡུལ་ཅི་ཡིན་ལ་ལན་འདེབས་བྱེད་ཆེད། རྒྱ་ནག་གིས་འཆར་གཞི་བཏང་བའི་ཆུ་རགས་འཛུགས་སྐྲུན་འཕར་མ་དག་གི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་དེ་རེད། འོན་ཀྱང་། རྒྱ་ནག་གི་ཕྱོགས་ཁོ་ནས་གནས་ཚུལ་དེ་འདྲ་མཁོ་སྤྲོད་བྱེད་པའི་རེ་བ་བྱེད་མི་ཉན། ལྡི་ལི་གསར་པས་ཀྱང་རྒྱ་གར་སྟངས་འཛིན་འོག་ཡོད་པའི་ཡར་ཀླུང་གཙང་པོའི་ས་ཁུལ་གྱི་གནས་ཚུལ་དང་། གཙང་པོའི་སྨད་རྒྱུད་དུ་ཆུ་རགས་གྲངས་ག་ཚོད་རྒྱག་རྒྱུ་ཡིན་མིན་གྱི་གནས་ཚུལ་གསལ་བོ་བཟོ་དགོས། གནད་འགག་ལེགས་ཤོས་ནི། གཞུང་གཉིས་ཀས་མཉམ་འབྲེལ་ཡར་རྒྱས་མྱུལ་ཞིབ་བྱེད་རྒྱུ་དེ་ཚུད་ཡོད། དེ་ནི་ཉེ་བའི་ཆར་གསར་འཛུགས་བྱས་པའི་ཧི་མ་ལ་ཡ་ཡར་རྒྱས་གླེང་སྟེགས་(Trans-Himalaya Development Forum)གཞི་རུ་བཞག་ནས་བསྒྲུབ་ཆོག ཡར་ཀླུང་གཙང་པོའི་བཞུར་རྒྱུད་ཀྱི་ཡུལ་གཤོངས་ཁྱོན་ཡོངས་ནས་བཤད་ན། རྒྱ་གར་ནག་གཉིས་ཀྱི་གཙང་པོའི་བཞུར་རྒྱུད་ཀྱི་ཡུལ་གཤོངས་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་དང་མཉམ་དུ་ཁྲིམས་ཐོག་ནས་མཉམ་འབྲེལ་བྱེད་དགོས། འདི་ནི་ལས་སླ་བོའི་སྒོ་ནས་བསྒྲུབ་ཐུབ་རྒྱུ་ཞིག་མིན་པས། པེ་ཅིན་དང་ལྡི་ལི་གསར་བ་གཉིས་ཀྱིས་གཙང་པོའི་གནད་དོན་སྐོར་ལ་ཕྱོགས་གཉིས་ཀའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སོ་སོའི་འདམ་ང་ལས་བརྒལ་དགོས། གནས་སྐབས་སུ། རྒྱལ་ཁབ་མཉམ་སྡེབ་ཀྱི་ནུས་པས་ཁོར་ཡུག་འབག་བཙོག་དང་། འབྱུང་བའི་གནོད་འཚེ་ཉེན་སྐྱོབ་ལྟ་བུ་དོན་དག་ཆུང་ཆུང་ཁག་ལ་དོ་སྣང་དང་། ཕུགས་རྒྱང་རིང་པོའི་ཐོག་ནས། རྫ་ཆུའི་ཚོགས་ཆུང་གི་དཔེ་མཚོན་གཞིར་བཟུང་། ཡར་ཀླུང་གཙང་པོའི་ཡུལ་གཤོངས་ཚོགས་ཆུང་(Brahmaputra Basin Commision)་ཞིག་གསར་འཛུགས་ཀྱིས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་གདོང་ལེན་བྱེད་པ་ལྟ་བུའི་གནས་ཚུལ་བརྗེ་སྤྲོད་དང་། མཉམ་སྡེབ་ལས་འགུལ་སྤེལ་ཐུབ། རྒྱལ་ཁབ་གསུམ་བར་གྱི་དངངས་འཚབ་གནས་བབ་ལ་བལྟས་ན། (རྒྱ་གར་དང་བྷང་ལ་རྡེ་ཤི་གཉིས་བར་གྱི་འབྲེལ་ལམ་ཡང་ཚུད་ཡོད།) མཉམ་ལས་དེ་འདྲ་ནི་ལས་སླ་བོ་མ་རེད། གལ་ཏེ། མཉམ་འབྲེལ་ལས་གཞི་འདི་ལམ་ལྷོངས་བྱུང་བ་ཡིན་ན། ད་ལྟ་རྩ་བ་ནས་མེད་པའི་རྒྱལ་ཁབ་མཉམ་སྡེབ་ཀྱི་ལས་གཞིའི་རྨང་གཞི་ཙམ་འདིང་ཐུབ་ཀྱི་རེད།

བསྒྱུར་མཆན།

དབང་བསྒྱུར་ངེས་ཅན་གྱི་ས་ཐིག་(Line of Actual Control)ནི་རྒྱ་གར་མངའ་འོག་གི་ས་དང་། རྒྱ་ནག་མངའ་ཁོངས་ཀྱི་ས་གཉིས་དབྱེ་བའི་ས་ཐིག་ཡིན། འདིར་གོ་བ་ལེན་ཚུལ་གཉིས་ཡོད། རྒྱ་ཆུང་ནས་བལྟས་ན། ས་ཐིག་འདི་ནི་རྒྱལ་ཁབ་གཉིས་དབྱེ་བའི་ནུབ་ཕྱོགས་ས་མཚམས་ཀྱི་ས་ཐིག་ཁོ་ན་རེད། ས་ཐིག་འདིས་ཤར་རྒྱུད་ཀྱི་རྩོད་གཞི་ཅན་གྱི་མེག་མོ་ཧན་ས་ཐིག་དང་། དེ་གཉིས་བར་གྱི་རྩོད་རྙོག་མེད་པའི་ས་མཚམས་བཅས་ལྷན་གཅིག་ཏུ་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་ལ་དབྱེ་བ་བྱས་ཡོད། རྒྱ་ཆེ་ས་ནས་བལྟས་ན། འདིའི་ནང་དུ་ནུབ་ཕྱོགས་ཀྱི་ས་ཐིག་དང་མེག་མོ་ཧན་ས་ཐིག་གཉིས་ཚུད་ཡོད་པས། རྒྱ་གར་ནག་གཉིས་བར་གྱི་ཁྱོན་ཡོངས་ཀྱི་ས་མཚམས་དབྱེ་བྱེད་ཀྱི་ས་ཐིག་ལ་ངོས་འཛིན་བྱས་ཆོག

(རྩོམ་པ་པོ་རྗོལ་ཝི་ཐི་ནོའོ་(Joel Wuthnow)ཨ་རིའི་བདེ་རྒྱལ་ཡོངས་བདེ་སྲུང་གཙུག་ལག་སློབ་གྲྭའི་རྒྱ་ནག་དམག་དོན་ཞིབ་འཇུག་སྡེ་ཁག་གི་ཉམས་ཞིབ་པ་ཞིག་ཡིན། )

 

མ་རྩོམ་གྱི་འབྲེལ་ཐག http://nationalinterest.org/feature/water-war-river-could-sink-china-india-relations-15829

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese