མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙོ་འཛིན་མཱའོ་ལ་ “མིན” གསུང་མཁན་སྐྱེས་པ་ཁོང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་ནོར་བུས་བརྩམས།

བྱམས་བཟང་གིས་བསྒྱུར།

tibettimes-2

འཕེན་ཡུལ་སྡེ་དཀར་ནང་སོའི་སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན། (༡༨༨༩- ༡༩༦༦)

རླབས་ཆེན་ཀླུ་ཁང་པ་གཤེགས་ནས་བགྲང་བྱ་ ༥༠ འཁོར་བའི་རྗེས་དྲན།

ངས་༸གོང་ས་ཏཱ་ལའི་བླ་མའི་གསུང་རྩོམ་ཞིག་གི་ནང་དུ་འོག་གི་ལོ་རྒྱུས་དུམ་བུ་འདི་མཐོང་སོང་། ང་ཕོད་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་སྐུ་ཚབ་ཚོགས་པས་ “གྲོས་མཐུན” དོན་ཚན་བཅུ་བདུན་ལ་མཚན་རྟགས་བསྐྱོན་རྗེས། མཱའོ་ཙེ་ཏུང་གིས་འབོད་འགུགས་བྱས་པའི་སྟེང་། ཁོང་གིས་མངོན་གསལ་དོད་པོས་འཚམས་འདྲི་གནང་། “ད་ནི་བོད་མེས་རྒྱལ་གྱི་པང་དུ་ལོག་པ་རེད། པེ་ཅིན་ཁྱོད་རང་ཚོའི་གྲོང་ཁྱེར་ཡིན། ཧྲེང་ཧེ་ཁྱོད་རང་ཚོའི་གྲོང་ཁྱེར་རེད། ” ཅེས་སོགས་བརྗོད་ཡོད། ང་ཕོད་ (དམར་ཤོག་མགོ་ཁྲིད་ཝཱང་ཆི་མཱིན་དང་ཕུན་ཚོགས་དབང་རྒྱལ་གཉིས་དང་ལྷན) ཕྱིར་ལྷ་སར་ལོག་ཕེབས་རྗེས། ཁོང་གིས་མཱའོ་ཙེ་ཏུང་གི་གསུང་འཕྲིན་འདི་བཀའ་ཤག་ལ་ཡང་ཡང་སྐྱོར་པ་རེད།

སྲིད་བློན་ཀླུ་ཁང་པས་ཝཱང་ཆི་མཱིན་ལ་གདོང་གཏད་དེ། “སྐུ་མཁྱེན། མཱའོ་ཙེ་ཏུང་ལ་བརྗོད་རོགས། མིན། ང་ཚོར་པེ་ཅིན་མི་མཁོ། ཧྲེང་ཧེ་ཡང་མི་དགོས། ང་ཚོར་ཆབ་མདོ་ཕྱིར་བསློག་རོགས” ཞེས་བརྗོད་ཡོད། ཀླུ་ཁང་པས་དོན་དུ་ཆབ་མདོ་བརྒྱུད་དེ། ཆབ་མདོར་ཡོད་པའི་བོད་གཞུང་མདོ་སྤྱི་འཛིན་སྐྱོང་འོག་གི་བོད་ཤར་ཕྱོགས་ཀྱི་ས་ཆ་རྣམས་ལ་བསྟན་ཅིང་། རྒྱ་ནག་གིས་དེ་ལ་ཆེད་དུ་དམིགས་ཏེ་ ༡༩༥༡ ལོར་ “ཆབ་མདོ་བཅིངས་འགྲོལ་ལྷན་ཚོགས” ཟེར་བའི་དབང་སྒྱུར་སྲིད་གཞུང་ཞིག་ལོགས་སུ་བཙུགས་པ་རེད།

༸གོང་ས་ཏཱ་ལའི་བླ་མའི་ལོ་རྒྱུས་འདིའི་བདེན་པ་ར་སྤྲོད་ཕྱོགས་ཙམ་ཞིག་འབའ་བ་ཕུན་ཚོགས་དབང་རྒྱལ་རང་གི་ལོ་རྒྱུས་སུ་འབྱུང་བ་འདི་ལྟར། དབང་རྒྱལ་ན་རེ། ཀླུ་ཁང་པས་ “ཚོགས་གཏམ་ཁོང་ཁྲོ་དྲག་རྩུབ་ཅན་གནང་” བར་ང་དང་ཝཱང་གཉིས་ཧང་སངས་སོང་། ཀླུ་ཁང་པས་བོད་དང་རྒྱ་ནག་གཉིས་རྒྱལ་ཁབ་མི་འདྲ་བ་གཉིས་ཡིན་པ་དང་། གཞུང་མི་འདྲ་བ་གཉིས་ཡོད་པ། གཅིག་ནི་བོད་དང་གཅིག་ནི་རྒྱ་ནག་རེད། “འདས་པའི་དུས་སུ། ཁྱོད་ཚོ་རྒྱ་མིས་དར་རྩེ་མདོ་གཡས་གཡོན་གྱི་ང་ཚོའི་ས་ཁོངས་རྣམས་བཙན་བཟུང་བྱས། ད་ལྟ་ངོ་ཚ་ཁྲེལ་མེད་ཀྱིས་ང་ཚོར་དྲག་ཤུགས་སྤྱད་དེ་ཚུར་རྒོལ་བྱས་ཤིང་། ‘བཅིངས་འགྲོལ’ གྱི་མིང་ཐོག་ནས། ཆབ་མདོ་འོག་གི་ང་ཚོའི་ས་ཁོངས་བཙན་བཟུང་བྱས” ཞེས་བརྗོད་འདུག ཀླུ་ཁང་པས་གཏམ་འདི་ལྟ་བུ་བཤད་པ་ནི་ཕལ་ཆེར་ངེས་ཏན་ཞིག་ཡིན་ཡང་། འོན་ཀྱང་ “ཚོགས་གཏམ་ཁོང་ཁྲོ་དྲག་རྩུབ་ཅན་གནང་” ཞེས་པའི་འགྲེལ་བརྗོད་དེར་ང་རང་བློ་དོགས་སྐྱེས། སྲིད་བློན་ཁོང་ལ་ནི་ཁ་རི་ཁ་ཐུག་དང་འཇིགས་ཞུམ་མེད་པའི་སྙན་གྲགས་ཡོད་མོད། ཡིན་ན་ཡང་ངག་འཇམ་པོས་གསུང་མཁན་དང་གུས་ཞབས་ལྡན་པ་ཞིག་ཀྱང་རེད།

བོད་མི་དམངས་རྣམས་ཀྱིས་ཀླུ་ཁང་པའི་རྒྱ་ནག་གི་ཁ་གཏད་དུ་ལངས་པའི་དཔའ་ངར་དང་། བློ་བརྟན་འགྱུར་མེད་ངང་གསལ་བརྗོད་ཀྱིས་ཁོང་ཚོ་ངོ་ཚ་ཁ་སྐྱེངས་བཟོས་པའི་སྒྲུང་རྣམས་ལ་ནམ་རྒྱུན་དགའ་བོ་བྱེད། ༡༩༥༢ ལོར་ལྷ་སར་བཅའ་སྡོད་རྒྱ་དམར་དབང་འཛིན་གྱིས། བོད་གཞུང་གི་ལྷན་ཚོགས་རྣམས་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་གན་རྒྱ་གཞིར་བཟུང་གིས། རྒྱ་དམར་གྱི་རྒྱལ་དར་ལས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་མི་འཁྱེར་རྒྱུ་གཙོ་གནད་དུ་བཟུང་སྟེ། དེ་ལྟར་འབོད་སྐུལ་གནང་། འོན་ཀྱང་། ཀླུ་ཁང་པ་དང་ཁོང་གི་ཕྱག་སྦྲེལ་བློ་བཟང་བཀྲ་ཤིས་གཉིས་ཀྱིས་དེ་ལ་ངོ་རྒོལ་གྱིས་རྩོད་གླེང་བྱས། དེ་མུར་གཏམ་ཡན་ཞིག་རྒྱལ་སའི་ཁྱོན་ཡོངས་སུ་ཁྱབ་པ་ནི། རྒྱ་དམར་གྱིས་ཁོང་ཚོའི་དར་དམར་པོ་ཏ་ལའི་རྩེ་ལ་བསྒྲེང་རྒྱུའི་བླང་བྱ་བཏོན་པར། ཀླུ་ཁང་པས། འདི་འབྱུང་རྒྱུར་ངོས་ལེན་བྱེད་པ་ལས་ང་ཤི་བ་བླ། ཞེས་བསྒྲགས་པ་རེད། ཚེ་རིང་ཤཀྱ་ལྟར་ན། “སྲིད་བློན་རྣམ་པ་གཉི་ག་ཡང་ཁྱོན་ཡོངས་ཀྱི་དོན་རྐྱེན་འདིའི་ནང་དུ། དམངས་ཁྲོད་ཀྱི་དཔའ་བོར་གྱུར་པ་རེད”།

ཐ་ན་ཀླུ་ཁང་པ་བཙན་ཤེད་ཀྱིས་དགོངས་ཞུ་བྱེད་བཅུག་རྗེས་ཀྱང་། ཀ་བློན་སྦུག་ཏུ་གཞིས་ཆགས་ཏེ། ས་མཚམས་ཀྱི་གྲོང་བརྡལ་འདིའི་ནང་གི་འགལ་ཆ་མང་ཞིང་རྩོད་གླེང་(དུས་རྒྱུན་)ཅན་གྱི་བོད་པའི་ཚོགས་པ་ཁག་ཆིག་སྒྲིལ་དང་མཉམ་ལས་ཡོང་ཕྱིར་ཁོང་གིས་སྐུ་ངལ་འཛེམས་མེད་སྒོས་ཕྱག་ལས་གནང་། ༡༩༥༨ ལོའི་ཟླ་ ༨ ཚེས་ ༥ ཉིན། ཐུན་མོང་གི་སྙན་ཞུ་ཞིག་རྒྱ་གར་གཞུང་དང་། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་བཏང་སྟེ། བོད་རང་བཙན་ཁྱབ་བསྒྲགས་དང་། རྒྱ་ནག་དམར་དམག་གིས་བཙན་འཛིན་ལ་སྐྱོན་བརྗོད་བྱས། ཀ་བློན་སྦུག་དང་། རྡོ་རྗེ་གླིང་(Darjeeling)། སྒང་ཏོག་(Sikkim) གཡས་གཡོན་གྱི་བོད་མི་ཡོངས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་མཚན་རྟགས་བསྐྱོན་པའི་བསྒྲགས་ཡིག་ཅིག་ཀྱང་སྤེལ།

ངའི་ཕ་ལགས་ཏེ། དོན་འགྲུབ་ལྷ་དབང་གིས། ཀླུ་ཁང་པ་དང་བོད་པའི་མགོ་ཁྲིད་གཞན་རྣམས་ལ། དབྱིན་ཡིག་ནང་དུ་སྙན་ཞུ་ཁག་གི་ཟིན་བྲིས་དང་། ཚིག་ཐོ་རྣམས་འགོད་རོགས། ད་དུང་དེ་མིན་གྱི་རོགས་རམ་གང་དུ་དགོས་ས་ལ་མཐུན་སྦྱོར་ཞུས། ངའི་ཕ་ལགས་ཁོང་ནི་སཋ་ཇའོ་སེ་ཧྥས་(St.Josephs) (ངའི་མ་ཡུམ་སློབ་གྲྭ) ཀྱི་གཙུག་ལག་སློབ་ཐོན་པ་ཞིག་དང་། ལེ་ཌིས་(Leeds)ནང་དུ་བཟོ་ལས་རིག་པར་སློབ་སྦྱོང་གནང་། ཁོང་ནི་རྒྱ་གར་གྱི་མི་སེར་ཡིན་པའི་བོད་རིགས་སྒྲིག་འཛུགས་ཚོགས་པའི་གཙོ་འཛིན་ཡིན་ཞིང་། ཆབ་སྲིད་ཀྱི་ལས་ཁུར་ནང་དུ་ནང་ཁུལ་ནས་བརྩི་འཇོག་དང་ཆེ་མཐོང་ལྡན་པ་ཞིག་རེད།

ཁོང་རང་ཀླུ་ཁང་པ་དང་བོད་ཀྱི་མགོ་འཁྲིད་རྣམས་ཀྱི་ཕྱག་རོགས་སུ་ལྡི་ལི་གསར་པའི་ནང་ཕེབས་ཏེ། ནེ་རུ་ལ་༸གོང་ས་ཏཱ་ལའི་བླ་མ་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་འཐུས་པའི་ཆོག་མཆན་ཞུས། གཤམ་གྱི་ཨེཕ་(AP) གསར་ཁང་གི་པར་འདི་ནི་༸གོང་ས་ཏཱ་ལའི་བླ་མ་རྒྱ་གར་གྱི་ས་མཚམས་སུ་བདེ་འཇགས་ངང་ཕེབས་འབྱོར་བྱུང་སར་གསར་འགོད་གསལ་བསྒྲགས་སྐྱོང་པའི་རྣམ་པ་རེད།

tibettimes-1

(NY11-April 1) ནེ་ཧ་རུ་དང་མཇལ་མོལ་གནང་པའི་སྐོར་གསར་འགྱུར་སྤེལ་བཞིན་པ། གཡོན། སྔོན་མའི་བོད་ཀྱི་སྲིད་བློན་ཀླུ་ཁང་པས་རྒྱ་གར་གྱི་སྲིད་བློན་ཇཱ་ཝཱར་ཧྰར་ལཱ་ནེ་རུ་དང་ལྷན་བོད་ནང་གི་གནས་བབ་བཀའ་མོལ་ཞུས་རྗེས་ཏེ། ཁ་སང་རྒྱ་གར་ལྡི་ལི་གསར་པའི་ནང་དུ་གསར་འགོད་མི་སྣ་རྣམས་དང་ལྷན་གཏམ་གླེང་སྤེལ་པ། ཁོང་དང་ལྷན་བཅར་ནི་རྒྱ་གར་ནང་གི་བོད་པའི་མགོ་འཁྲིད་དོན་འགྲུབ་ལྷ་དབང་། སྐད་སྒྱུར་ཞབས་ཞུ་བ་ཡབ་གཞིས་ལྷ་ལྕམ་སྲས་མོ།(APWirephoto via radio from New Delhi) (OB40730K0A) 59

སྲིད་བློན་ཀླུ་ཁང་པ་ ༡༩༦༦ ལོའི་ཟླ་ ༠༢ ཚེས་ ༢༤ ཉིན་ལྡི་ལི་གསར་པའི་ནང་ཚེ་ལས་འདས། དྷ་རམ་ས་ལས་ཁོང་གི་འདས་གྲོངས་ལ་མྱ་ངན་སྲུང་བརྩི་ཞུས་མེད་པ་འདྲ། ལོ་དེའི་ནང་བཏོན་པའི་གསུམ་བཅུའི་དུས་དྲན་གྱི་གཏམ་བརྗོད་ནང་དུ་ཁོང་གི་སྐོར་གླེང་མི་འདུག ངས་རང་ཉིད་ཀྱི་ ༡༩༧༩ ལོར་བཏབ་པའི་དྲན་ཐོ་ཞིག་གི་ནང་དུ་ཕྱོགས་ལྷུངས་སུ་མ་སོང་བར་གཞུང་ཞབས་འདི་བ་གླེང་ཙམ་བྱས་འདུག དེའི་ནང་དུ། “འོས་འཚམས་མིན་པར་མགྱོགས་མྱུར་དང་། ཛར་ཛོར་ཅན་གྱི་གཤིན་ཆོག་(ཁོང་ལ་ཐོབ་འདུག)། དེ་རུ་ཞབས་གཡོག་ཏུ་དོས་སྐྱེལ་བ་ཁ་ཤས་ང་ཚོའི་དུས་རབས་ཀྱི་དཔའ་བོ་སྤུས་གཙང་ལྷད་མེད་འདིའི་དུར་འདྲེན་དུ་གླས་འདུག” ཅེས་འཁོད་དོ།།

ངས་ཀློག་པ་པོ་རྣམས་ལ་ཁོང་ཉིད་དྲན་གསོ་ཡི་ཕྱིར་དུ་རྩ་ཆེ་བའི་མཆོད་མེ་རེ་སྦར་བར་རེ་སྐུལ་ཞུའོ།།

 

མ་རྩོམ་གྱི་འབྲེལ་ཐག http://www.jamyangnorbu.com/blog/2016/02/23/the-man-who-said-no-to-chairman-mao/

 

འབྲེལ་ཡོད་གསར་འགྱུར།

Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

སྐར་མ ༧ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡

མཆན། 1

  1. ྄ཨཱརྱ་ཞི་གྲོལ། says:
    ལོ་ 10 སྔོན།

    མདོར་ན་ཡང་འཇམ་ནོར་གྱིས་བོད་ཀྱི་མཐོ་རིམ་མི་སྣ་དང་བོད་གཞུང་ལ་མི་འདོད་པ་དང་མི་དགའ་བའི་རྣམ་འགྱུར་བསྟན་འདུག
    དེ་མིན་རང་བཙན་ལ་སྐུལ་སློང་གི་གཡོ་ཇུས་ཀྱང་ཐོན་འདུག གང་ལྟར། འཇམ་ནོར་ཁྱོས་རྒྱ་དམར་ལ་ཁ་གཏད་དེ། རྒྱ་ནག་ལ་གནོད་པའི་
    རྩོམ་གྱི་མདའ་མོ་ཅི་ཙམ་འཕངས་ཡོད་དམ། མ་གཞི་མང་བོ་ཞིག་བཤད་འདོད་མེད།
    དེས་ན་ཁྱེད་རང་རྒྱ་ནག་པེ་ཅིང་ལ་ཁྱི་བཞིན་རྒྱུགས་རུང་རང་དབང་དེ་འདྲ་ཡོད་པ་ཅི་ཡིན་ནམ།
    དུས་རྒྱུན་དུ་༧གོང་ས་མཆོག་དང་བོད་གཞུང་ལ་ཟ་དང་ཟུར་ནས་ཁབ་གཙགས་དང་འབིགས་གཙགས་བྱེད་དོན་ཅི་ཡིན་ནམ།
    མ་གཞི་ཁྱོས་བོད་གཞུང་དང་བཙན་བྱོལ་བོད་མི་ལ་ཕན་ཐོགས་པ་དང་གྲུབ་འབྲས་ཅི་ཙམ་སྟོན་རྒྱུ་ཡོད་དམ།
    དེ་མེད་ན་སྐྱག་ཁ་ལ་གོང་མཛུབ་ཞོག དབྱིན་རྒན་མའི་ཉ་མ་བལྡག་བཞིན་བོད་མི་རིགས་ཀྱི་བདེ་སྡུག་བཤད་ཁུལ་མ་བྱེད་ཅིག
    དེ་མིན་ན་རྙོག་གཏམ་མ་མང་བར་བོད་གཞུང་ལ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་མྱོང་དུ་ཤོག
    གཞན་ཡང་། མཁྱེན་བརྩེ་ནུས་གསུམ་མེད་པར་གཡོ་སྒྱུ་ཁྲམ་གསུམ་སྒོ་ནས་བོད་རྒྱ་གཉིས་ཀ་ཕུ་དཀུགས་མདའ་དཀྲུགས་མ་བྱེད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese