མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེས་དྲན་སྐུ་བརྙན་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

སྤྱི་སྒེར་སུས་བཞེངས་དགོས་སམ།

tibettimes-7རྗེས་དྲན་སྐུ་བརྙན་ཆེན་མོའི་སྐོར་གྱི་རྩོམ་ཡིག་སྔ་མའི་ནང་སྐུ་བརྙན་འདི་འདྲ་ཞིག་བཞེངས་དགོས་པ་དེ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཙམ་དུ་མ་ཟད། བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་གལ་གནད་ཇི་ལྟར་ཆགས་ཚུལ་སྐོར་བརྗོད་ཟིན་སྟབས། འདིར་རྣམ་པ་ཚོས་གལ་གནད་དེ་གཉིས་མཁྱེན་པ་གཞིར་བཞག་ཐོག་ནས་འབྲི་ཁུལ་བྱས་ཡོད།

སྤྱིར་ང་ཚོས་༸གོང་ས་མཆོག་གི་སྐུ་བརྙན་ཞིག་བཞེངས་པ་ཙམ་གྱིས་དགེ་མཚན་ཇི་སྙེད་ཅིག་ཡོད་པ་སྨོས་མི་དགོས་ཀྱང་། བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་དེ་དག་ཡོད་ཚད་གལ་གནད་ཅན་དུ་འགྱུར་སྲིད་དམ་ཞེ་ན། འདི་ནི་ཧ་ཅང་བཤད་དཀའ་སྟེ་དཔེར་ན། ཕྱི་རྒྱལ་པ་སྒེར་པས་བཞེངས་པའི་༸གོང་ས་མཆོག་གི་སྐུ་བརྙན་དུ་མ་བཞུགས་ཡོད་པ་དེ་དག་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཆེན་པོ་ཆགས་ངེས་པར་ཧ་ཅང་བཤད་དཀའ་ཞིང་། དེའི་རྒྱུ་མཚན་ཡང་སྐུ་བརྙན་ཆེ་ཆུང་དང་རྒྱུ་སྤུས་ཀྱི་ཆ་ནས་མིན་པར་སྐུ་བརྙན་དེ་དག་གི་ཐོག་ནས་༸གོང་ས་མཆོག་དང་བཞེངས་པ་པོ་གང་ཟག་སྒེར་བར་གྱི་འབྲེལ་ལམ་མཚོན་ངེས་ཀྱང་། ༸གོང་ས་མཆོག་དང་བོད་མིའི་དབར་ཐུན་མིན་འབྲེལ་ལམ་དང་། བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་ལ་བཅངས་པའི་བཅོས་མིན་གྱི་དད་པ་དང་འགྱུར་བ་མེད་པའི་བརྩེ་སེམས།

༸གོང་ས་མཆོག་གིས་བོད་རིགས་མི་མང་དཀའ་སྡུག་གི་གནས་ལས་ཇི་ལྟར་སྐྱབས་ཡོད་མེད་དང་། ༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་འདི་ཉིད་འཇིག་རྟེན་ཀུན་ལ་ཇི་ལྟར་ཁྱབ་སྤེལ་གནང་ཡོད་མེད། བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་གི་བཀའ་དྲིན་དེ་དག་ཇི་ལྟར་བྱས་ནས་རྗེས་སུ་དྲན་པར་བྱས་ཡོད་མེད། ཕྱི་རབས་པ་རྣམས་ཀྱིས་སྐུ་བརྙན་དེ་མཐོང་བ་ཙམ་གྱིས་དུས་རབས་བཅུ་དགུ་དང་ཉི་ཤུའི་གཡས་གཡོན་གྱི་བཙན་བྱོལ་བོད་མིའི་གནས་བབ་སྤྱི་དང་དེའི་དུས་སྐབས་ཀྱི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁག་ཡིད་ལ་དྲན་པ་དང་། མི་རབས་སྔ་མའི་ཕུགས་རེ་དེ་དག་ཕྱི་རབས་པ་རྣམས་ནས་མཇུག་གནོན་དགོས་པའི་དྲན་སྐུལ་བྱེད་ངེས་པ་སོགས་སྐུ་བརྙན་དེ་དག་གི་ཐོག་ནས་ཡོང་རེ་བྲལ་བས་ཡིན། དེས་ན་༸གོང་ས་མཆོག་གི་སྐུ་བརྙན་ཞིག་བཞེངས་པ་ཙམ་གྱིས་དགེ་མཚན་མང་དུ་ལྡན་ཡང་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཆགས་མིན་དེ་བཤད་དཀའ་བར་གྱུར་ཡོད།

འོ་ན་ཇི་ལྟར་བྱས་ནས་བཞེངས་ན་ད་གཟོད་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་པ་ཙམ་དུ་མ་ཟད། བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་ཧ་ཅང་གནད་འགག་དང་གལ་གནད་ཅན་ཞིག་ཏུ་འགྱུར་སྲིད་དམ་ཞེ་ན། འདིའི་འགག་རྩ་ཐུག་ས་དེ་སྐུ་བརྙན་དེའི་རྒྱུ་སྤུས་ཀྱི་ཆ་ནས་མིན་པར་བཞེངས་མཁན་དེ་བོད་མི་ས་ཡ་དྲུག་ཡིན་མིན་དེར་ཐུག་ཡོད་ལ། གོང་དུ་ཞུས་པའི་ཕྱི་རྒྱལ་པ་སྒེར་པས་བཞེངས་པའི་སྐུ་བརྙན་དེ་དག་སྐུ་བརྙན་ཡིན་པ་མཚུངས་ཀྱང་། བཞེངས་མཁན་དེ་སྤྱི་སྒེར་གང་ཞིག་ཡིན་མིན་གྱི་རྒྱུ་མཚན་དེས་ད་གཟོད་སྐུ་བརྙན་དེ་དག་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཆེ་ཆུང་གི་ཁྱད་པར་བཟོ་ངེས་ཡིན།

གནད་དོན་འདིས་གང་ཞིག་གསལ་བཤད་བྱས་ཡོད་དམ་ཞེ་ན་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཆེན་པོ་ཆགས་ཕྱིར་གང་ཟག་སྒེར་དང་། བོད་མི་ས་ཡ་དྲུག་གི་ཚབ་མཚོན་རང་བཞིན་མི་ལྡན་པའི་ཚོགས་པ་ཞིག་གིས་བཞེངས་ན་བྱུང་རིམ་གྱི་ཆ་ནས་གལ་གནད་ཅན་དུ་མི་འགྱུར་བའི་གནས་ལུགས་དེ་བསྟན་ཡོད། དེས་ན་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་བཞེངས་པར་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ནུས་པའི་སྒྲིག་འཛུགས་ཤིག་གི་དགོས་མཁོ་མཆིས་པས།   ང་ཚོར་དེ་ལྟ་བུའི་སྒྲིག་འཛུགས་ཤིག་གང་དུ་ཡོད་དམ།

དབུས་བོད་མིའི་སྒྲིག་འཛུགས།

ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་བོད་མི་རྣམས་རྒྱ་གར་དུ་ཐོག་མར་སྐྱབས་བཅོལ་ལ་ཕེབས་དུས། རྒྱ་གར་གྱི་ས་གནས་ཏེ་ཙེ་པུར་དུ་ཐོག་མར་འབྱོར་ཞིང་སྐབས་དེར་གསར་འགོད་པས་༸གོང་ས་མཆོག་ལ་བོད་གཞུང་ཟེར་བ་གང་དུ་ཡོད་དམ་ཅེས་བཀའ་འདྲི་ཞུས་ཡོད། དུས་སྐབས་དེར་༸གོང་ས་མཆོག་དགུང་ལོ་ཆུང་ཆུང་ལས་ཕེབས་མེད་ཀྱང་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་སྟངས་སྤྱི་ལ་མཁྱེན་རྟོགས་མངའ་བ་ཞིག་ཡིན་སྟབས་ཐེ་ཚོམ་ཙམ་ཡང་མེད་པར་ང་དང་ངའི་བཀའ་ཤག་གང་དུ་ཡོད་ས་དེར་བོད་མི་མང་ནས་བོད་གཞུང་ཡོད་པར་ངེས་འཛིན་བྱེད་ཀྱི་ཡོད་ཅེས་བཀའ་ལན་གནང་ཡོད།

སྐབས་དེ་དུས་ཀྱི་གནས་སྟངས་ལ་གཞིགས་ན་བོད་གཞུང་ལ་བོད་མི་ས་ཡ་དྲུག་གི་ཚབ་མཚོན་བྱེད་ནུས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བར་བཤད་དཀའ་ཡང་༸རྒྱལ་དབང་སྐུ་ཕྲེང་ལྔ་བ་ཆེན་པོའི་དུས་སྐབས་ནས་བཟུང་སྟེ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་རྗེའི་བྱིན་རླབས་དང་བོད་རིགས་མི་མང་ཡོངས་ཀྱི་གཡོ་བ་མེད་པའི་དད་པ་དམ་ཚིག་བཅས་ལ་བརྟེན་ནས་དེ་ལྟར་༸གོང་ས་མཆོག་དང་མགོན་པོ་གང་ཉིད་ཀྱི་བཀའ་ཤག་གང་དུ་ཡོད་ས་དེར་བོད་མི་ས་ཡ་དྲུག་ནས་བོད་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

དེས་ན་སྐབས་དེ་དུས་ཀྱི་གནས་སྟངས་དེ་འདྲའི་འོག་ཏུའང་བོད་མི་ས་ཡ་དྲུག་ནས་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད་ན་མི་ལོ་དྲུག་ཅུར་ཉེ་བའི་དེ་རིང་མང་གཙོའི་ཆ་རྐྱེན་ཡོངས་སུ་རྫོགས་ཤིང་། ཆོལ་ཁ་གསུམ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་འདྲ་མཉམ་རང་བཞིན་ལྡན་པའི་དབུས་བོད་མིའི་སྒྲིག་འཛུགས་འདིར་བོད་མི་ས་ཡ་དྲུག་ནས་རང་གི་གཞུང་དང་རང་གི་སྐུ་ཚབ་ཏུ་ངོས་འཛིན་བྱས་དང་བྱེད་བཞིན་པ་ནི་དེ་བས་ཀྱང་འོས་ཆོས་ཚང་པ་ཞིག་རེད། དེའི་ཕྱིར་ལོ་ངོ་བརྒྱ་ཕྲག་འགའི་རྗེས་སུ་ཡང་ད་ལྟའི་བོད་དང་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་དུ་༸རྒྱལ་བའི་བཀའ་དྲིན་དག་མི་རབས་ཕྱི་མ་རྣམས་ཀྱི་ཡིད་ལ་ཡང་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་ལྷམ་མེར་གསལ་ཕྱིར་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་བྱེད་ནུས་ཡོངས་སུ་རྫོགས་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་བཞེངས་དགོས་ལ། འདི་ཉིད་ལས་གཞན་པའི་གང་ཟག་སྒེར་དང་ཚོགས་པ་གང་ཞིག་གིས་བཞེངས་ཀྱང་དེ་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཅན་ཞིག་ཏུ་འགྱུར་དཀའ་འོ། །

ཇི་ལྟར་བཞེངས་དགོས་སམ།

རྩོམ་ཡིག་སྔ་མའི་ནང་རྗེས་དྲན་སྐུ་བརྙན་ཆེན་མོ་འདིའི་རིང་ཚད་ལ་ཧྤི་ཀྲི་བརྒྱ་དང་བཅུ་གསུམ་ཡོད་པ་ཞིག་བཞེངས་ན་དགོས་པ་རྒྱུ་མཚན་ཇི་ཡོད་བཤད་ཡོད་པ་ལྟར། རིང་ཚད་འདི་དང་ལྡན་པ་ཞིག་བཞེངས་ན་འགྲོ་གྲོན་ཡང་ཆུང་ཆུང་ཞིག་མིན་པར་བརྟེན། ང་ཚོས་འགྲོ་གྲོན་འདི་དག་གང་ནས་འཚོལ་སྒྲུབ་ཞུ་དགོས་སམ། གོང་གི་ལེ་ཚན་ནང་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་བཞེངས་དགོས་པ་བསྟན་ཡོད་པ་ལྟར། འགྲོ་གྲོན་ཡང་དབུས་བོད་མིའི་སྒྲིག་འཛུགས་ནས་གཏོང་དགོས་སམ་སྙམ་ན། དེ་ནི་གཏན་ནས་མ་ཡིན་ཏེ། སྐུ་བརྙན་འདིའི་འགྲོ་གྲོན་ཡོངས་རྫོགས་བོད་མི་ས་ཡ་དྲུག་རང་ངོས་ནས་༸རྒྱལ་བའི་བཀའ་དྲིན་མཚོན་བྱེད་དང་། བསོད་ནམས་གསོག་ཆེད་དུ་ཕུལ་བའི་ཞལ་འདེབས་མ་དངུལ་གྱིས་བཞེངས་ན་དགེ་མཚན་ཆེ་བ་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་ངེས་ཡིན།

སྤྱིར་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་འདྲ་ཞིག་བཞེངས་མགོ་བཙུགས་ན་འགྲོ་གྲོན་གྱི་དཀའ་ངལ་ཅུང་ཟད་ཀྱང་འཕྲད་མི་སྲིད་ཅིང་། དེ་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་མཛད་འཕྲིན་ལས་བརྟེན་ནས་རྒྱལ་སྤྱིའི་ནང་ནས་ཞལ་འདེབས་འབུལ་མཁན་དང་སྦྱིན་བདག་བྱེད་མཁན་ནི་མཚམས་མ་ཆད་པར་ཡོང་ངེས་ཡིན་པ་གདོན་མི་ཟ་ཡང་། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་བོད་མི་ས་ཡ་དྲུག་གིས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པ༌མཚོན་ཐུབ་པ་དང་། བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གལ་གནད་ཆགས་ཕྱིར་བོད་མི་ས་ཡ་དྲུག་ཁོ་ནས་ཕུལ་བའི་ཞལ་འདེབས་མ་དངུལ་ནས་བཞེངས་དགོས་པ་དེ་ཧ་ཅང་གནད་འགག་ཆགས་ཡོད།

༸གོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་བསྐྱངས་པའི་བཀའ་དྲིན་གྱི་ཆ་ནས་བཤད་ན་ང་ཚོ་མི་རེ་ངོ་རེས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་སྟོང་གསུམ་སྣོད་ཀྱིས་བསྐངས་ནས་ཕུལ་ཡང་ད་དུང་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་གཞལ་ཐབས་མེད་པ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་སྟབས་ཚང་མས་མཁྱེན་གསལ་ལྟར་རེད།

འོན་ཀྱང་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པ་ལྟར་སྤྱིར་༸གོང་ས་མཆོག་གིས་མ་མཁྱེན་པ་ཞིག་མེད་རུང་ང་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་༸གོང་ས་མཆོག་གིས་ད་བར་བསྐྱངས་པའི་བཀའ་དྲིན་དག་བོད་མི་ཡོངས་ཀྱིས་ནམ་ཡང་བརྗེད་མེད་པ་མ་ཟད། ༸གོང་ས་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བར་བཞུགས་རྒྱུར་བོད་མི་ཡོངས་ནས་མངོན་འདོད་ཤུགས་ཆེར་ཡོད་པ་གསལ་སྟོན་ཐུབ་པའི་ཆེད་རྗེས་དྲན་སྐུ་བརྙན་ཆེན་མོ་འདི་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་སུ་ངེས་པར་བཞེངས་དགོས་ལ། སྐུ་བརྙན་འདི་འདྲ་བཞེངས་པ་ལས་ང་ཚོས་རྒྱལ་སྤྱིའི་ཁྱོན་ཡོངས་དང་ལྷག་པར་དུ་རྒྱ་ནག་ལ་ཡང་གནད་དོན་དུ་མ་ཞིག་ལ་ལན་འདེབས་ཐུབ་ངེས་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད།

གང་དུ་བཞེངས་དགོས་སམ།

དྲི་བ་འདི་འཁོར་མཁན་དང་གཏོང་མཁན་ཉུང་ཉུང་མིན་ལ་དོན་དངོས་ཆ་ནས་ཀྱང་ཧ་ཅང་གནད་འགག་ཅན་གྱི་དྲི་བ་ཞིག་ཆགས་ཡོད། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཁོ་ན་མ་ཡིན་པར། བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་གལ་གནད་དུ་ལྟ་ཡི་ཡོད་སྟབས། གང་དུ་བཞེངས་སའི་ས་གནས་དེ་ཡང་རང་བཞིན་གྱི་གནད་འགག་ཆགས་ཡོད།

འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ནང་ཁ་ཆག་སྣ་རལ་གྱི་བཀྲ་མ་ཤིས་པའི་སྐྱོ་གར་མང་དུ་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༥༩ ལོ་ནས་ད་ལྟའི་བར་རྒྱ་གཞུང་ནས་བོད་ས་ཡོངས་སུ་བཙན་བཟུང་བྱས་པ་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་གཞིའི་ལས་གཞི་སྣ་མང་སྤེལ་དང་སྤེལ་བཞིན་ཡོད་པའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་སྔར་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་རེད། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་འདི་དག་བྱེ་མ་ཆུ་སིམ་ལྟར་རིམ་ཡལ་དུ་མ་གྱུར་པར་དུས་རབས་ཉེར་གཅིག་པའི་དཔལ་ཡོན་ཁྲོད་བོད་མི་རིགས་དང་བོད་ཀྱི་རིག་གཞུང་འདི་དག་བརླགས་ན་མི་རུང་བའི་ངེས་ཤེས་དེ་འཛམ་གླིང་མི་མང་ལ་རྙེད་དུ་བཅུག་ཡོད།

དེས་ན་འདི་ལྟ་བུའི་རྐྱེན་ངན་གྲོགས་སུ་ཤར་བའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་འདི་༸གོང་ས་མཆོག་བཙན་བྱོལ་དུ་བཞུགས་དུས་སུ་ཡིན་སྟབས། རྗེས་དྲན་སྐུ་བརྙན་ཆེན་མོ་འདི་ཡང་དུས་སྐབས་འདིའི་བྱུང་བ་མཚོན་ཕྱིར་༸གོང་ས་མཆོག་དང་བོད་མི་སྐྱབས་བཅོལ་པ་གནས་ཡུལ་རྒྱ་གར་དུ་བཞེངས་ན་བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་དགེ་མཚན་ལྡན་ངེས་སོ། །

མདོར་ན་བདག་གིས་བོད་མི་རིགས་ཀྱི་འཕྲལ་དང་ཕུགས་ལ་བསམ་གཞིགས་བྱས་ཁུལ་གྱིས་བོད་མི་ས་ཡ་དྲུག་ལ་ཕུལ་བའི་བསམ་ཚུལ་འདི་དག་འཚོགས་ལ་ཉེ་བའི་གྲོས་ཚོགས་ནང་བགྲོ་གླེང་ཡོང་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

༢༠༢༦/༠༥/༢༦
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 2

  1. ཕུལ་བྱུང་། says:
    ལོ་ 10 སྔོན།

    ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་ཁྱད་པར་དཔལ་ན་ལེན་ཌ་ནས་བརྒྱུད་པའི་ཆོས་དེ་དུས་རབས་ཉི་ཤུ་དང་ཉེར་གཅིག་ནང་འཛམ་གླིང་ཡོངས་སུ་ཉི་འོད་བཞིན་ཁྱབ་པར་གནང་མཁན་ནི་༧གོང་ས་མཆོག་ཉག་ཅིག་ཡིན་པས། སྐུ་བརྙན་དེ་འདྲ་ཞིག་དཔལ་ན་ལེན་ཌའི་ཉེ་འཁོར་དུ་བཞེངས་ཐུབ་ན་དགེ་མཚན་ཆེ།

    Reply
  2. གཡུ་སྒང་དགེ་འདུན། says:
    ལོ་ 10 སྔོན།

    ཡག་པོ་བྲིས་འདུག གལ་སྲིད་དེ་འདྲ་ཞིག་བཞེངས་ན་བཞེངས་ས་རྒྱ་གར་ཡིན་པ་བཤད་མི་དགོས་པ་ཞིག་རེད། དེའི་ནང་ནས་ཀྱང་རབ་བྱུང་ན་རྡ་རམ་ས་ལ་དང་། རྡོ་རྗེ་གདན་གཉིས་ཀྱི་གང་རུང་ཡིན་དགོས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese