མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་རྒྱ་ནག་ལ་ངོ་སྲུང་བྱེད་འདོད་ཀྱི་ཟ་འཁྲུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

བྲཧྨ་ཅེ་ལ་ནེ་ (Brahma Chellaney) ཡིས་བྲིས།

ཡེ་ཤེས་དོན་གྲུབ་ཀྱིས་བསྒྱུར།

India_China_Relations_15

ཝིན་སི་ཊོན་ཅར་ཅིལ་ (Winston Churchill) གྱིས་ “གཞན་ལ་ངོ་སྲུང་བྱེད་མཁན་ནི། ཆུ་སྲིན་ཞིག་ལ་ལྟོ་ཟས་སྤྲད་དེ་ཆུ་སྲིན་དེས་རང་ཉིད་མཇུགས་ཤོས་སུ་ཟ་བར་རེ་བ་བྱེད་མཁན་དེ་རེད།” ཅེས་སྐད་གྲགས་ཐོག་བརྗོད་ཡོད། དེ་མཚུངས་རྒྱ་གར་གྱིས་ལོ་བཅུ་ཕྲག་ཁ་ཤས་རིང་ཧི་མ་ལའི་རི་རྒྱབ་ཏུ་ཡོད་པའི་ཆུ་སྲིན་སྟོབས་ཆེན་དེར་ལྟོ་ཟས་སྤྲོད་བཞིན་ཡོད་པ་དང་། དེའི་བྱུང་འབྲས་ངན་པ་རྣམས་ཀྱང་ཁུ་སིམ་ངང་བཟོད་སྒོམ་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ཡོངས་སུ་སྲིད་དབང་བཟུང་རྗེས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་འཛིན་བྱེད་མཁན་ཐོག་མའི་རྒྱལ་ཁབ་གྲས་ནས་གཅིག་ནི་རྒྱ་གར་རེད། རྒྱ་དམག་གིས་སྐབས་དེར་རང་བཙན་ཐོག་གནས་པའི་བོད་རྒྱལ་ཁབ་བཙན་བཟུང་བྱས་ཏེ་རྒྱ་གར་གྱི་ཕྱི་ཕྱོགས་ཀྱི་ས་སྲུང་མཚམས་དེ་མེད་པར་བཟོས་ཀྱང་། བཙན་རྒྱལ་དབང་ཤུགས་འོག་མྱངས་མཁན་གཅིག་མཚུངས་ཡིན་པའི་དབང་གིས་ཇཱ་ཝ་ཧར་ལལ་ནེཧེ་རུས་རྒྱ་ནག་ལ་མཛའ་རྩེའི་རྣམ་འགྱུར་བཟུང་ཡོད་པ་རེད། བོད་ཀྱིས་བཙན་འཛུལ་བར་འགོག་རྒོལ་བྱ་རྒྱུར་རྒྱ་གར་ལ་རོགས་སྐྱོར་རེ་སྐུལ་ཞུས་ཀྱང་། རྒྱ་གར་གྱིས་རོགས་པ་བྱ་རྒྱུ་ལྟ་ཅི། གནད་དོན་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནང་བགྲོ་གླེང་བྱ་རྒྱུར་ཡང་དགག་པ་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༥༤ ལོར་ངན་གྲགས་ཅན་བསླབ་པ་ལྔའི་གྲོས་མཐུན་ (Panchsheel Agreement) ཞེས་པ་དེའི་ཆ་རྐྱེན་ཞིག་གི་འོག ནེཧེ་རུས་བོད་ནི་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་ཏེ། དབྱིན་གཞུང་གིས་རྒྱ་གར་ལ་བོད་ཀྱི་ས་ཁུལ་ནང་ཐོབ་ཐང་ཁག་ཅིག་རྩིས་སྤྲོད་བྱས་ཡོད་པ་དེ་དག་ཀྱང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རེད། འོན་ཀྱང་རྒྱ་ནག་ངོས་ནས་ཚུར་ཁེ་ཕན་གང་ཡང་ལེན་ཐུབ་མེད། ལོ་རབས་ལྔ་བཅུའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གཏན་འཇགས་ཚོགས་མི་རྒྱ་ནག་གི་རྐུབ་སྟེགས་དེ་སྟོང་པར་ལྷག་ཡོད་སྐབས། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་རྒྱ་གར་ལ་རྐུབ་སྟེགས་དེ་འཛིན་དགོས་པའི་བསམ་འཆར་བཤད་ཀྱང་། ནེཧེ་རུས་རྒྱ་ནག་ལ་བརྩེ་བ་ཆེ་བས་བསམ་འཆར་དེ་དང་ལེན་བྱས་མེད་པ་རེད། གཞུང་འབྲེལ་གྱིས་ཕྱོགས་སྒྲིག་དཔར་བསྐྲུན་བྱས་པའི་ནེཧེ་རུའི་གསུང་རྩོམ་ཁག་ལ་གཞིགས་ན། ཁོང་གིས་བསམ་འཆར་དེ་ངོས་ལེན་མ་བྱས་པའི་རྒྱུ་མཚན་གང་བརྗོད་ཡོད་ཅེས་ན། རྒྱ་ནག་གི་རྐུབ་སྟེགས་སྟོང་པ་དེ་བཟུང་བ་ཡིན་ན་བཟང་སྤྱོད་ལས་འགལ་གྱི་ཡོད་པ་རེད་ཅེས། ཁོང་གིས་ཧ་ལམ་བཟང་སྤྱོད་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟ་བུ་བརྗོད་ཡོད། དེ་ལས་ལྡོག་སྟེ།  གཞན་ལ་བརྩིས་མེད་དང་རྩིང་སྤྱོད་ནི་རྒྱ་ནག་གི་སྲིད་ཇུས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པ་རེད། མདོར་བསྡུས་ནས་བཤད་ན། ནེཧེ་རུས་རྒྱ་ནག་ལ་ངོ་སྲུང་བྱས་པ་དེའི་རྐྱེན་ལས། རྒྱ་ནག་གིས་བོད་ཁྱུར་མིད་བཏང་བ་དང་།  མངོན་གསལ་མེད་པའི་ཐོག་རྒྱ་གར་གྱི་ས་མཚམས་ས་ཁུལ་ནང་བཙན་འཛུལ་བྱས་ཤིང་མཐར་རྒྱ་གར་ནང་བཙན་འཛུལ་བྱས་པ་རེད།

དེ་ལྟར་ཡང་། ཁོང་གིས་རྒྱ་ནག་ལ་ངོ་སྲུང་བྱས་པའི་མཐའ་འབྲས་ཐབས་སྡུག་པ་དེ་མི་རབས་གཅིག་ཙམ་རྗེས་དྲན་པ་བརྗེད་ཟིན་ཞིང་། ལོ་རབས་བརྒྱད་ཅུའི་མཇུག་ཙམ་ནས་བཟུང་རྒྱ་གར་གྱི་གཞུང་འཛིན་རིམ་པས་རྒྱ་ནག་ལ་ངོ་སྲུང་བྱས་ཡོད་པ་རེད། ལྷག་པར་དུ་བྷ་ར་ཏ་ཇན་ཏ་པར་ཊིའི་གཞུང་གིས་སྐབས་རེ་རྒྱ་ནག་ལ་ཐལ་དྲགས་པའི་ངོ་སྲུང་བྱས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་སྲིད་བློན་ཝ་ཇི་པ་ཡི་ (Atal Bihari Vajpayee) པེ་ཅིན་ལ་མཚམས་གཟིགས་བསྐྱངས་སྐབས་གཞུང་འབྲེལ་ཐོག་བོད་དེ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དེ་ལོ་རྒྱུས་ཀྱིས་དྲན་པ་བརྗེད་ཀྱི་མ་རེད། དེ་ཡང་སྐབས་དེར་ཁོང་གིས་རྒྱ་ནག་གི་མགོ་ཁྲིད་མཉམ་དུ་ཐུན་མོང་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཁོང་གིས་ཁྲིམས་ལུགས་ཀྱི་ཐ་སྙད་ “ངོས་འཛིན་” (recognize) ཞེས་པ་དེ་བེད་སྤྱོད་བྱས་ཏེ། རྒྱ་ནག་གཞུང་གིས་གཡོ་ཇུས་ངང་བོད་རང་སྐྱོང་ལྗོངས་ཞེས་འབོད་པ་དེ་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་” ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།  ཁོང་གིས་བྱབ་ཆུང་ནོར་འཕྲུལ་དེས་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་དེར་ “ལྷོ་ཕྱོགས་བོད་” ཅེས་ཐ་སྙད་ཅིག་བཟོས་ཏེ་རྒྱ་ནག་གི་ས་ཆ་ཡིན་ཚུལ་རྩོད་པ་བྱེད་པའི་ལམ་ཁ་ཞིག་གཏོད་པ་རེད།  དེ་ལྟར་ཡང་མཱོ་ཌིའི་སྲིད་ཇུས་ནང་རྒྱ་གར་ངོས་ནས་རང་མོས་ཐོག་རྒྱ་ནག་ལ་ཆག་ཡང་སྤྲོད་རྒྱུ་དེ་གལ་ཆེར་འཛིན་གྱི་ཡོད། ཁོང་གིས་པཱ་ཀི་སི་ཐན་ཐོག་ལ་འཛིན་པའི་སྲིད་ཇུས་ལྟར། ཁོང་གིས་རྒྱ་ནག་ཐད་བཟུང་བའི་སྲིད་ཇུས་དེ་ཡང་ད་ཆ་ཁ་ཕྱོགས་གང་དུ་བསྐྱོད་མིན་ཆ་མ་འཚལ། ཁོང་གིས་རྒྱ་གར་ལ་ཉེན་ཁ་ཡོད་པའི་རྒྱལ་ཁབ་ཁག་གི་མིང་ཐོ་ལས་རྒྱ་ནག་གི་མིང་ཕྱིར་འཐེན་བྱས་པ་དང་། རྒྱ་མི་སྤྲོ་འཆམ་པ་རྒྱ་གར་དུ་འབྱོར་རྗེས་ཐོངས་མཆན་སྤྲོད་པའི་མཐུན་རྐྱེན་བསྐྲུན་པ་སོགས་རྒྱ་ནག་ལ་དམིགས་བསལ་ཆག་ཡང་མང་པོ་བཏང་ཡོད།   རྩ་བའི་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་གར་གྱིས་རྒྱ་ནག་མཉམ་དུ་ཐུན་མོང་ཐོག་གྲགས་གཏམ་སྤེལ་སྐབས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བརྗོད་ཚུལ་དེ་མཚམས་འཇོག་བྱས་ཡོད་ཅིང་། མཱོ་ཌིས་མངོན་གསལ་མེད་པའི་ངང་སྔར་ཝ་ཇི་པཱ་ཡིས་རྒྱ་ནག་མགོ་ཁྲིད་མཉམ་དུ་ཐུན་མོང་ཐོག་བསྒྲགས་གཏམ་སྤེལ་བའི་ནང་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བརྗོད་པའི་ནོར་འཕྲུལ་དེ་བསྐྱར་དྲན་བྱས་ཡོད་པ་རེད།

རྒྱ་ནག་གིས་རྒྱ་གར་ལ་རྩུབ་པོ་བྱེད་བཞིན་ཡོད་ནའང་། རྒྱ་གར་གཞུང་གིས་རྒྱ་གར་ལ་ཉེན་ཁ་ཡོད་པའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནས་རྒྱ་ནག་ཕྱིར་འདོན་བྱ་རྒྱུ་ནི། རྒྱ་ནག་གིས་རྒྱ་གར་ནང་མ་འཛུགས་བྱ་རྒྱུར་གོ་སྐབས་བསྐྲུན་ཆེད་སྲིད་ཇུས་གུ་ཡངས་གཏོང་རྒྱུར་མེད་དུ་མི་རུང་བ་རེད། རྒྱ་ནག་ངོས་ནས་རྒྱ་གར་ནང་མ་འཛུགས་ཐོག་འགོར་པོ་བྱུང་ཡོད་ཀྱང་། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཐོག་རྒྱ་ནག་ལ་ཁེ་བཟང་ཡོད་བཞིན་དུ་རྒྱ་ནག་གི་ཕྱིར་ཚོང་ཡོང་བབ་མང་དུ་གཏོང་རྒྱུར་རམ་འདེགས་བྱས་ཡོད་ཅིང་། ལོ་གཅིག་ནང་རྒྱ་ནག་གིས་རྒྱ་གར་ལ་ཕྱིར་ཚོང་ཐོག་ཁེ་བཟང་ཨ་སྒོར་ཐེར་འབུམ་ ༦༠ ཆགས་ཡོད། རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་ཐོག་ཕྱོགས་གཉིས་ཡང་ལྕི་ཤོར་ཏེ་རྒྱ་གར་ནི་རྒྱ་ནག་གི་དཔལ་འབྱོར་རྒྱ་བསྐྱེད་ཆེད་དུ་རྒྱུ་ཆ་ཉོ་ས་དང་བཟོ་བསྐྲུན་ཟིན་པའི་དངོས་པོ་རྣམས་སྤུང་ས་ཙམ་དུ་རྩིས་བཞིན་ཡོད།  ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་རྒྱ་ནག་གིས་རྒྱ་གར་ལ་ཕྱིར་ཚོང་བྱས་པའི་ཡོང་བབ་ནི་ནང་འདྲེན་གྱི་སོང་ལས་ལྡབ་བདུན་འགྱུར་གྱིས་མང་བ་ཡོད་པ་རེད།  རྒྱ་ནག་གིས་དགའ་བཞིན་སྤྲོ་བཞིན་སོ་སོས་བཟོས་པའི་དངོས་པོ་རྣམས་རྒྱ་གར་གྱིས་བཟོས་པའི་དངོས་པོ་ལས་རིན་གོང་ཆུང་བའི་ཐོག་འཚོང་གི་ཡོད་པ་རེད། དེས་ན་མོ་ཌཱིའི་ “རྒྱ་གར་ནང་བཟོ་བསྐྲུན་བྱོས་” ཟེར་བའི་གསར་གཏོད་ལས་འཆར་དེ་ཚགས་ཚུད་ཇི་ལྟར་ཡོང་ཐུབ།

མཱོ་ཌཱི་སྲིད་བློན་ཆགས་རྗེས་ཁོང་གིས་རྒྱ་ནག་མཉམ་དུ་འབྲེལ་བ་ལེགས་སུ་གཏོང་རྒྱུ་དེ་གལ་ཆེན་པོ་བརྩིས་ཡོད། [ཕྱི་ལོ་ ༢༠༡༤ ལོར་] བཱེ་རེ་ཛིལ་ལ་ཚོགས་པའི་བཱི་རིག་སི་ (BRICS) ཚོགས་འདུར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཐུག་འཕྲད་དང་གྲོས་མོལ་བྱེད་ཐུབ་པའི་ཆེད་ཁོང་ཉི་ཧོང་ལ་འཚམས་གཟིགས་བསྐྱང་རྒྱུའི་མཛད་རིམ་དེ་ཡང་བདུན་ཕྲག་ཁ་ཤས་ཕྱི་ནུར་བྱས་པ་རེད། དེ་བཞིན་རྒྱ་གར་གྱི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་ལས་གཞིའི་ནང་རྒྱ་གར་གྱི་རོགས་ཟླ་གཙོ་བོར་རྒྱ་ནག་ལ་རེ་སྐུལ་ཞུས་ཡོད་པ་སོགས། རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་མཐུན་འབྲེལ་བྱེད་པའི་ཆེད་དུ་བྱས་པ་རེད།

དེ་ལྟར་ཡང་མཱོ་ཌཱིའི་སྲིད་ཇུས་དེ་ལས་དོན་ཕན་གང་ཡང་བྱུང་མེད། རྒྱ་ནག་གི་ས་མཚམས་སྲུང་སྐྱོབ་ཐེ་བའི་བདེ་སྲུང་གནད་དོན་ཐོག་ལངས་ཕྱོགས་ཇེ་མཁྲེགས་སུ་བཏང་ཡོད་པས་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཱ་སུར་ ཨཱ་ཛར་ (Masood Azhar) སོགས་པ་ཀི་སི་ཐན་ནང་བརྟེན་གཞི་བྱས་ཡོད་བའི་འཇིགས་སྐུལ་དྲག་སྤྱོད་པ་ཚོ་དྲག་སྤྱོད་པར་ངོས་འཛིན་བྱ་རྒྱུར་རྒྱ་ནག་གིས་འགག་པ་བརྒྱབས་ཡོད། པ་ཀི་སི་ཐན་གྱིས་རྒྱ་གར་ལ་དམིགས་འབེན་སྒྲིག་པའི་ Shaheen-3 ཟེར་བའི་མེ་བརྡལ་ཕུར་མདེལ་འཕེན་མཁན་ལག་ཆ་མཁོ་སྤྲོད་བྱས་པ་སོགས་མངོན་གསལ་མེད་པའི་ཐོག་ནས་པ་ཀི་སི་ཐན་ལ་དམག་རོགས་བྱེད་བཞིན་ཡོད་པ་རེད།

ཟ་རྒྱུ་རག་ན་ཁྱེར་རྒྱུ་ཟེར་བའི་དཔེ་བཞིན། རྒྱ་ནག་གིས་རྒྱ་གར་མཉམ་དུ་ཚོང་འབྲེལ་བྱས་ཏེ་ཁེ་བཟང་འབོར་ཆེན་ཐོབ་བཞིན་ཡོད་པའི་མ་ཟད། རྒྱ་གར་གྱི་སྲིད་ཇུས་ལའང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད། རྒྱ་གར་གྱིས་རྒྱ་ནག་ལ་ངོ་སྲུང་བྱེད་པ་དེས་རྒྱ་ནག་གཞུང་གིས་མཚམས་ཀྱི་གནད་དོན་བྱེ་བྲག་ཐོག་དོ་སྣང་བྱ་ཐུབ་རྒྱུའི་གོ་སྐབས་སྤྲད་ཡོད། དེར་བརྟེན། རྒྱ་ནག་གིས་བོད་ཀྱི་ས་མཚམས་ལ་བསྙད་ནས་རྒྱ་གར་གྱི་ས་ཆའི་ཐོག་རྩོད་གླེང་བྱེད་པ་དེ་གནད་དོན་གཙོ་བོ་དེ་ཡིན་པ་ལས། བོད་ཀྱི་གནས་བབ་དེ་གནད་འགག་ཆགས་ཀྱི་མེད། རྒྱ་ནག་གིས་ས་མཚམས་ཀྱི་རྩོད་རྙོག་དེ་(རྒྱལ་ཁབ་ཀྱི་དཔལ་འབྱོར་རམ་སྒེར་འཛིན་པའི་སྲིད་གཞུང་དེ་མ་གཞིག་བར་དུ) ཐག་གཅོད་བྱེད་ཀྱི་མ་རེད། གང་ལགས་ཞེ་ན།  ས་མཚམས་ཀྱི་རྩོད་གཞི་དེ་དེ་མུར་བཞག་ན་ཁོང་ཚོས་རྒྱ་གར་ལ་རྟག་ཏུ་སྙད་སུན་བྱེད་རྒྱུའི་གོ་སྐབས་རག་གི་རེད། དེ་ལྟར་ཡང་། རྒྱ་གར་གཞུང་གིས་ཕུགས་བསམ་མེད་པའི་ཐོག་ནས་མུ་མཐུད་ནས་ནོར་འཕྲུལ་བྱེད་ཀྱི་ཡོད་པ་རེད། དཔེར་ན། ཉེ་འཆཪ་རྒྱ་གར་གྱིས་ངོ་གནོངས་དགོས་པའི་ལས་ཀ་ཞིག་བྱས་ཡོད། དེ་ཡང་གྱིས་ཇར་མན་དུ་གནས་སྡོད་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ (World Uyghur Congress) ཀྱི་མགོ་ཁྲིད་ཌོལ་ཀུན་ཨི་ས་ (Dolkun Isa) ལ་ཐོངས་མཆན་སྤྲད་རྗེས། དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་སྟབས། རྒྱ་གར་གཞུང་གིས་ཐོངས་མཆན་ཕྱིར་འཐེན་བྱས་པ་རེད། དེར་རྒྱུ་མཚན་ཞིག་མང་ཚོགས་ནང་བསྒྲགས་ཡོད་པ་དེ་ནི་བདེན་པ་ཞིག་ཏུ་མཐོང་མ་སོང་།  རྒྱ་ནག་གཞུང་གིས་ཌོལ་ཀུན་འཛིན་བཟུང་བྱ་རྒྱུར་རྒྱལ་སྤྱིའི་ཉེན་རྟོགས་མཐུན་ཚོགས་ལ་གསལ་བརྡ་དམར་པོ་ (Red Notice) བཏང་ཡོད་ཀྱང་། ཁོ་ནི་ཡུ་རོབ་རྒྱལ་ཁབ་ཁག་ནང་དང་ཨ་མེ་རི་ཁའི་ནང་རང་དབང་ཐོག་འགྲུལ་སྐྱོད་བྱས་ཡོད་པ་རེད། རྒྱ་གར་གཞུང་གི་དཔོན་རིགས་ཚོས་ཁོར་ཐོག་མར་ཐོངས་མཆན་སྤྲད་དུས་གནས་ཚུལ་དེ་ཤེས་ཀྱི་ཡོད་པ་རེད། ཡང་རྒྱ་ནག་གི་དམངས་གཙོར་དོན་གཉེར་བ་རྒྱ་རིགས་གཉིས་རྒྱ་གར་དུ་ཚོགས་འདུ་ཞིག་ལ་སླེབས་ཡོད་པར་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད། འོན་ཀྱང་ཁོང་གཉིས་ལ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་མཐུན་ཚོགས་ལ་གསལ་བརྡ་དམར་པོ་བཏང་མེད་པ་རེད།

གནས་ཚུལ་འདི་དག་གི་ཐོག་ནས་རྒྱ་གར་གཞུང་གིས་རྒྱ་ནག་ལ་མཚམས་ཇི་ཙམ་བར་དུ་ངོ་སྲུང་བྱེད་འདོད་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱ་གར་རང་ཉིད་ཀྱི་ཆེ་མཐོང་དང་རྒྱལ་སྤྱིའི་ཐོག་རང་ཉིད་ཀྱི་གནས་བབ་ཡང་བློས་གཏོང་བྱེད་ཕོད་ཀྱི་ཡོད་པ་རེད།  ཐལ་དྲགས་པའི་ངོ་སྲུང་གི་ཐད་མར་ཁེ་སིས་ “ལོ་རྒྱུས་ནིི་ཐོག་མར་ཆག་སྒོ་དང་། དེ་ནས་དགོད་བྲོའི་རང་བཞིན་ཐོག་བསྐྱར་ལྡབ་བྱེད་པ་རེད།” ཅེས་བརྗོད་ཡོད། ཁ་གསལ་པོར་བརྗོད་ན། རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་དེ་ཡང་དཔའ་ཞུམ་ནས་མགོ་སྒུར་བ་དང་དམག་འཁྲུག་རྒྱག་པ་གཉིས་ལས་གཅིག་འདེམས་དགོས་པ་ཞིག་མ་ཡིན་པར། རྩོད་ཧམ་པ་ཆེ་རུ་དང་མགོ་བདེ་རུ་འགྲོ་བཞིན་པའི་རྒྱ་ནག་ལ་ངོ་སྲུང་དང་འཁྲུག་རྩོད་གང་ཡང་མ་བྱས་པའི་ཐོག་ནས་ཁ་ཡ་བྱེད་དགོས།  འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཐོག་རྒྱ་གར་ལ་འདྲ་མཉམ་གྱི་གོ་སྐབས་བསྐྲུན་མ་ཐུབ་པ་སོགས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནང་རྒྱ་གར་གྱིས་ཁེ་ཕན་ལེན་མ་ཐུབ་ཚེ། རྒྱ་གར་གྱིས་མཁྲེགས་བཟུང་དང་དྲག་རྩོད་ཅན་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་རྒྱུའི་རེ་བ་མེད།

 

མ་རྩོམ་འབྲེལ་ཐག་ http://www.indiandefensenews.in/2016/05/indias-china-appeasement-itch.html

རྩོམ་ཡིག་འདི་འབྲི་མཁན་སྐུ་ཞབས་བྲཧྨ་ཅེ་ལ་ནེ་ (Brahma Chellaney)ལགས་ནི། རྒྱ་གར་གྱི་སྲིད་ཇུས་ཉམས་ཁང་ Centre for Policy Research (CPR) གི་ཉམས་ཞིབ་པ་ཞིག་ཡིན་པ་དང་། ཁོང་གིས་དབྱིན་ཡུལ་གྱི་སྲིད་བློན་ (༡༩༤༠ ནས་ ༡༩༤༥  བར་དང་ ༡༩༥༡ ནས་ ༡༩༥༥ བར་)  ཐེངས་གཉིས་གནང་བ་རེད། ཁོང་ནི་རྩོམ་པ་པོ་གྲགས་ཅན་ཞིག་ཀྱང་ཡིན་ཞིང་ཕྱི་ལོ་ ༡༩༥༣ ལོར་ནོ་བྷེལ་རྩོམ་རིགས་ཟེངས་རྟགས་ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. ཤར་མདའ། says:
    ལོ་ 10 སྔོན།

    དཔྱད་བརྗོད་གནད་ལ་ཁེལ་བ་ཞིག་བྲིས་འདུག་པར་མ་ཟད་འུ་ཅག་གིས་ཡང་ལྟ་དགོས་པ་དང་བསམ་དགོས་པ་མང་པོ་འདུག་དྲན་གྱིས་ཡོད། གང་ཡིན་ཟེར་ན། རྒྱ་གར་བོད་ལ་བཀྲིན་ཆེན་པོ་ཡིན་རུང་བོད་ཟེར་བ་འདི་ཡང་འཛམ་གླིང་ཐོག་གནས་དགོས་པ་ཡིན་དུས་དྲང་བདེན་ཟེར་བ་མེད་པར་གནས་སྐབས་སྡོད་གནས་འདྲ་ཞིག་གཡར་བ་ཙམ་གྱི་ཡིད་ཚིམ་པ་ཞིག་རེད་དམ་ངེས་པར་གཞོན་སྐྱེས་ཚོས་སྤྱི་ཚོགས་ཐོག་གོ་རྟོགས་སྤེལ་དགོས་པ་གལ་ཆེན་རེད་དྲན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese