མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ངེས་པར་དུ་རིག་གནས་གསར་བརྗེའི་ནག་ཉེས་ངོས་ལེན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁེརི་ཧཱོང་ Cary Huang གིས་བརྩམས།
འཕྲིན་ལས་དབང་འདུས་ཀྱིས་བསྒྱུར།

ཁེརི་ཧཱོང་གིས་ “འདས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ལས་བསླབ་བྱ་ལེན་པའམ་དྲན་གསོ་བྱེད་པའི་ཐབས་ལམ་ཙམ་ཡང་མི་བཙལ་བའི་རྒྱལ་ཁབ་དེས་ནོར་འཁྲུལ་བསྐྱར་ཟློས་བྱེད་རྒྱུ་ངེས་པ་ཡིན།ˮ ཞེས་བརྗོད་འདུག

Screen Shot 2016-05-16 at 5.58.17 PM

རྒྱ་ནག་དམར་ཤོག་ནི་ཡོངས་གྲགས་སུ་ལོ་རྒྱུས་ཀྱི་དོན་རྐྱེན་རྣམས་རྗེས་དྲན་བྱ་རྒྱུར་ཧ་ཅང་དག་སྣང་ཆེ་ཞིང་། དེ་དག་ད་སྐབས་དམར་ཤོག་ཚོགས་པར་ཆེ་སྟོད་དང་དགག་ཕྱོགས་ལ་སྐྱོན་བརྗོད་བྱེད་བའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད། རྒྱ་ནག་གི་རྒྱུན་སྲོལ་ལྟར་ན། གལ་ཆེའི་ལོ་རྒྱུས་ཀྱི་དོན་རྐྱེན་རྣམས་ལོ་ངོ་བཅུ་ཕྲག་རེའི་མཚམས་སུ་སྲུང་གཙི་བྱེད་རྒྱུ་གཙོར་འདོན་བྱེད་སྲོལ་ཡོད་འདུག འོན་ཀྱང་ཟླ་འདིའི་རེས་གཟའ་ཟླ་བའི་ཉིན་ནི་རིག་གནས་གསར་བརྗེ་མཇུག་བསྒྲིལ་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ལ་འཁེལ་ཡོད་ཀྱང་། རྒྱ་ནག་དམར་གཞུང་ནས་དུས་དྲན་སྲུང་གཙི་མི་བྱེད་པའི་དངོས་ཡོད་གནས་ཚུལ་འདིར་བསམ་ན། རྒྱུན་སྲོལ་དེ་དག་དབྱེ་འདེམས་ཀྱིས་སྲུང་གཙི་བྱེད་བཞིན་ཡོད་པ་གསལ་བོར་མཚོན་ཐུབ།

དཔེ་མཚོན་ཞིག་སྟེ་ལོ་ངོ་བཅུ་ཕྲག་གཅིག་ཙམ་འདིའི་རིང་ཆབ་སྲིད་ཀྱི་དངངས་སྐྲགས་ཁོ་ནས་རྒྱ་ནག་མི་དམངས་དཀྱུས་མ་རྣམས་དུས་རབས་སྔོན་མའི་ནང་བྱུང་བའི་འཛམ་གླིང་དམག་ཆེན་སྔ་ཕྱི་གཉིས་ནང་མྱངས་བའི་ཡིད་སྐྱོའི་ཟློས་གར་དང་། རྐྱེན་ངན་སྡུག་སྦྱོང་དག་དང་གཅིག་མཚུངས་མྱངས་དགོས་བྱུང་ཡོད། རིག་གནས་གསར་བརྗེ་མཇུག་བསྒྲིལ་ཏེ་མི་ལོ་ཉི་ཤུ་དང་སུམ་བཅུ། བཞི་བཅུ་བཅས་འཁོར་ཡང་དྲག་གནོན་རྐྱང་རྐྱང་འོག་དུས་དྲན་ཐེངས་གཅིག་ཀྱང་སྲུང་གཙི་བྱས་མྱོང་མེད།

(FILES) This file photo taken on August 18, 1966 shows Chinese leader Mao Zedong reviewing for the first time the armed forces of the "Great Proletarian Cultural Revolution" at the Tiananmen Gate rostrum. Launched by Mao in 1966 to topple his political enemies after the failure of the Great Leap Forward, the Cultural Revolution saw a decade of violence and destruction nationwide as party-led class conflict devolved into social chaos. / AFP PHOTO / STF

མའོ་ཙེ་ཏུང་(毛澤東) གིས་ཁོང་རང་ཉིད་ཀྱི་གོ་གནས་བརྟེན་སྲུང་འོག་དམར་ཤོག་ཚོགས་པ་ཁ་ལོ་སྒྱུར་ཕྱིར་ལས་འགུལ་འདི་གྲབས་ཤོམ་བྱས་ཡོད། མི་མང་དུང་ཕྱུར་མང་པོ་དམར་གསོད་བཏང་བ་དང་། ཉེས་མེད་བཙོན་དུ་བཅུག་པ། རྒྱུ་ནོར་འཕྲོག་བཅོམས་བྱས་པ། ལྷག་པར་དུ་སྡུག་སྦྱོང་མནར་གཅོད་དང་གཉའ་གནོན་དམའ་འབེབས། རྒྱ་ནག་གི་རིག་གཞུང་དང་ཡུལ་སྲོལ། སྒྱུ་རྩལ་དང་ཆོས་ལུགས། དེ་བཞིན། གནའ་བོའི་མེས་པོའི་ཤུལ་བཞག་བཟོ་བཀོད་དང་རིག་གནས་སྒྱུ་རྩལ། དགོན་པ་དང་ཁང་ཁྱིམ་སོགས་བགྲང་ལས་འདས་པ་རྩ་གཏོར་བཏང་ཡོད་སྟབས། སྲིད་དོན་པ་ཚོས་དུས་སྐབས་འདིར་ ‘རྒྱ་ནག་རྩ་གཏོར’ ཞེས་ཡོངས་གྲགས་སུ་འབོད་བཞིན་ཡོད། པེ་ཅིན་གཅིག་པུར་མཚོན་ན་རིག་གཞུང་བསྟི་གནས་ ༦༨༤༣ ཙམ་ཡོད་པ་ལས་ ༤༩༩༢ ཙམ་ཤུལ་མེད་བཟོས་ཡོད།

རིགས་གནས་གསར་བརྗེའི་མཇུག་འབྲས་ཐབས་སྡུག་ཤོས་དེ་ནི་མི་མང་རྣམ་དཔྱོད་བློ་གྲོས་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་དེ་ཡིན། དེ་ནི་ད་ལྟའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ན་ཚའི་རྐྱེན་རྩ་ལྟ་བུར་གྱུར་ཡོད་པ་དཔེར་ན་གཞི་རྩའི་ལེགས་ཉེས་དབྱེ་འབྱེད་མི་ཐུབ་པ་དང་། མི་མང་ཕན་ཚུན་བྱམས་བརྩེ་དང་གཉོར་སྐྱོང་། ཡིད་ཆེས་བཅས་ཀྱིས་ཕོངས་བསྡད་ཡོད་པ་འདིས་གསལ་སྟོན་བྱས་ཡོད།

ཕྱི་ལོ་ ༡༩༨༡ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རིག་གནས་གསར་བརྗེའི་དོན་རྐྱེན་འདི་ ‘བྱུས་ངན་དང་ཟིང་འཁྲུག་གི་དོན་རྐྱེན’ ཡིན་སྐོར་གཞུང་འབྲེལ་ངོས་ནས་སྐྱོན་བརྗོད་ཤུགས་ཆེན་ཞུས་ཡོད་ཀྱང་། མའོ་ཙེ་ཏུང་གི་རྗེས་འཛིན་དབུ་འཁྲིད་ཚང་མས་བཟོད་དཀའི་ན་ཟུག་ཅན་གྱི་དྲན་སྣང་དང་མུན་ནག་ཅན་གྱི་ལོ་རྒྱུས་འདི་རྟག་ཏུ་གདན་འོག་ལ་སྦ་ཐབས་ཁོ་ན་བྱས་ཡོད།

པེ་ཅིན་གཞུང་ངོས་ནས་མུན་ནག་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་འདིར་ཕྱིར་དྲན་དང་འདས་ཟིན་པའི་དོན་རྐྱེན་ཐོག་བསམ་གཞིག་བྱས་ན། དོན་མེད་ལ་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པར་དཔྱད་ཞིབ་བྱེད་པའི་རྒྱུ་རུ་འགྱུར་སྲིད་པའི་དོགས་པ་དང་ཞེད་སྣང་འོག་མང་ཚོགས་ནང་བགྲོ་གླེང་བྱེད་པ་དང་། གཙུག་ལག་སློབ་གྲྭ་ཁག་གི་བསླབ་གཞིའི་སློབ་ཚན་ཁོངས་སུ་འཇོག་རྒྱུར་བཀག་སྡོམ་བྱེད་ཀྱིན་ཡོད། འོན་ཀྱང་། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་ཆེན་མང་པོ་ཞིག་གིས་རིག་གནས་གསར་བརྗེའི་དོན་རྐྱེན་རྣམས་ཉམས་ཞིབ་དང་སློབ་འཁྲིད་ཀྱི་སླབ་གཞིའི་རྒྱུ་ཆའི་ཁོངས་སུ་བདམས་སྒྲིག་བྱས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་ད་བར་གྱི་བྱས་ཉེས་ཚང་མ་ ‘མི་བཞི་ཤོག་ཁག’ ལ་ཁག་དཀྲི་གཅིག་མཚུངས་བྱ་རྒྱུའི་འབད་བརྩོན་རྐྱང་རྐྱང་བྱས་ཡོད་ཀྱང་། རྒྱ་ནག་དམར་གཞུང་ངོས་ནས་ཅིའི་ཕྱིར་མི་མང་སྤྱིའི་དཀའ་སྡུག་རིང་དུ་དོར་ཏེ། མི་གཅིག་གི་བདེ་ཐབས་ཁོ་ནའི་ཆེད་སྨྱོ་འབོག་གི་ལག་རྩེད་འོག རྒྱལ་ཁབ་དུམ་བུར་གཏོང་བའི་སྲིད་བྱུས་ཐད་ད་བར་གསལ་བཤད་ལན་འདེབས་བྱ་རྒྱུ་ལྷག་པ་ཡིན་ནམ།

མ་འོངས་དབང་བསྒྱུར་བའི་དུས་ཡུན་རིང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དང་། དཔལ་འབྱོར་གྱི་སྟངས་འཛིན་ཚགས་ཚུད་མེད་པ། མི་མང་ས་ཡ་བཅུ་ཙམ་གྱི་རིན་བྲལ་ཚེ་སྲོག་ཤོར་བ་འདི་ནི་ཧེ་ཐི་ལིར་དང་སིཏཱ་ལིན་གཉིས་ཀྱི་ལག་འོག་ནས་ཚེ་སྲོག་ཤོར་བ་ལས་མང་ཞིང་། བྱས་ཉེས་དེ་དག་གི་འགན་འཁྲི་ཡོངས་རྫོགས་མའོ་ལས་གཞན་སུ་ལའང་མེད། མི་ལོ་ལྔ་བཅུ་འདས་ཟིན་ཡང་རྒྱ་ནག་དམར་ཤོག་ངོས་ནས་སེམས་ནད་ཅན་གྱི་དོན་རྐྱེན་རྣམས་དྲང་བདེན་གྱི་ལམ་ནས་གླེང་སློང་ཙམ་ཡང་བྱེད་ཐུབ་མེད་ལ། དཀའ་སྡུག་གིས་མནར་བའི་མི་མང་ཚོར་གཞུང་འབྲེལ་གྱིས་བཟོད་གསོལ་དང་གུན་གསབ་སོགས་ཞུ་སྤྲོད་མ་ཐུབ་པ་འདིས་མི་དམངས་མང་པོ་ཞིག་གི་སེམས་ཀྱི་རྨ་ཁ་དང་རྨས་ཤུལ་ད་དུང་གསོ་ཐུབ་མེད་པ་ཁ་མཚོན་གཅོད་ཐུབ།

Screen Shot 2016-05-16 at 5.58.45 PMདེ་ཙམ་དུ་མ་ཟད། འདས་དོན་གྱི་ཡིད་སྐྱོའི་བྱུས་ཉེས་རྣམས་དྲན་གསོ་བྱ་རྒྱུ་འདི་གཙོ་བོ་མིན་པར་རྒྱ་ནག་དམར་གཞུང་ནས་འདས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ནས་བསླབ་བྱ་ལེན་ཐུབ་མིན་དེར་ཐུག་ཡོད། གཅིག་བྱས་ན་རྒྱ་ནག་དམར་ཤོག་གི་འགལ་ཟླའི་རང་བཞིན་ཅན་གྱི་ལྷན་སྐྱེས་ཟློས་གར་རྣམས་དམར་རྗེན་དུ་བཏོན་ཡོད་སྟབས། དེ་དག་གི་གཞི་རྩའི་མ་ལག་ཡོངས་ལ་ལེགས་བཅོས་བྱེད་དགོས་པ་དེ་ནི་འདས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ནས་བླངས་བའི་བསླབ་བྱ་ཆེ་ཤོས་དེ་ཡིན་པར་སེམས།

མའོ་ཡི་དུས་རབས་རྗེས་ཀྱི་དབུ་འཁྲིད་རྣམས་དྲག་པོའི་སྒོ་ནས་ཡང་ཡང་ནང་ཁུལ་དབང་ཆའི་འཐབ་འཁྲུག་བྱེད་བཞིན་པར་གཞིགས་ན། རིག་གནས་གསར་བརྗེའི་ཆབ་སྲིད་ཀྱི་ཤུལ་བཞག་དེས་རྒྱ་ནག་གི་ཆབ་སྲིད་ལ་མུ་མཐུད་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་གསལ་བོར་མཐོང་ཐུབ་པ་དང་། ལྷག་དོན་དུ་མའོ་ཡིས་བཙུགས་པའི་དམར་ཤོག་ཚོགས་པ་གཅིག་གིས་སྲིད་གཞུང་མུ་མཐུད་སྐྱོང་བའི་ལམ་ལུགས་འདི་རྒྱ་ནག་དེང་རབས་ཅན་དུ་བསྒྱུར་བའི་མདུན་ལམ་ལ་བར་ཆད་གཙོ་བོ་ཞིག་ཏུ་གྱུར་ཡོད།

གལ་ཏེ་དམར་ཤོག་ཚོགས་པའི་ངོས་ནས་འཇིགས་སྣང་གིས་རྐྱེན་པས་རང་ཉིད་ཀྱི་འདས་པའི་དངོས་དོན་རྣམས་ཕྱིར་བསྒྲགས་བྱེད་རྒྱུ་དང་ནོར་འཁྲུལ་ལས་བསླབ་བྱ་ལེན་རྒྱུ་ཁས་ལེན་མི་ཐུབ་ཚེ་ཁོང་ཚོར་འབྱུང་འགྱུར་ཕུགས་མདུན་གྱི་ཁ་ཕྱོགས་ཀྱང་གསལ་པོ་ཞིག་ཧ་ལམ་ཡོད་མི་སྲིད།

ད་ལྟའི་འཆར་སི་པཱིན་གྱི་ཡུལ་མི་ཡིན་པ་གང་ཞིག་ཨ་མི་རི་ཀའི་གཞུང་ལུགས་སྨྲ་བ་གྲགས་ཅན་ཇཱོར་ཇི་སན་ཏཱ་ཡ་ནའི་གསུང་དུམ་ “འདས་པའི་དོན་རྐྱེན་ཡིད་ལ་དྲན་གསོ་མི་ཐུབ་མཁན་ཚོས་དེ་དག་བསྐྱར་ཟློས་བྱེད་རྒྱུར་ངེས་པ་ཡིན།ˮ ཞེས་པ་དེ་ནི་རྒྱལ་འབངས་ཡོངས་ནས་གདོང་ལེན་བྱ་དགོས་པའི་འཇིགས་སྣང་ཆེ་ཤོས་དེ་ཡིན་ནོ།།

མ་རྩོམ་འབྲེལ་ཐག http://www.scmp.com/comment/insight-opinion/article/1943970/china-must-let-dark-deeds-cultural-revolution-come-light

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 1

  1. ཤར་མདའ། says:
    ལོ་ 10 སྔོན།

    གང་ལྟར་གོང་བརྗོད་རྩོམ་པ་པོས་གསུང་བ་ལྟར་དུས་རྟག་ཏུ་རྒྱ་ནག་གིས་དྲན་གསོ་བྱེད་འོས་པ་ཞིག་ལ་དེང་ལེན་བྱས་མ་པ་ཞིག་མི་སྲིད་པ་ལྟ་བུ་རེད།  ཡིན་ན་ཡང་ད་བར་དུས་དྲན་དང་དྲན་གསོ་མ་བྱས་པ་འདི་འདས་དོན་ལ་བསམ་ཞིག་བྱས་ཚེ་རིང་ཐང་མེད་པ་གསལ་བོ་ཚོར་ཡོད་པ་རེད།  མ་ཟད་ད་ལྟའི་རྒྱ་ནག་གི་སྦྱི་ཚོགས་ནང་ཡང་འདི་གླེང་རིན་མེད་པ་གསལ་བོ་ཆགས་པ་རེད། དེ་མིན་ད་བར་འདས་པའི་བྱ་བཞག་གལ་ཆེན་མང་པོ་ལ་དྲན་གསོ་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད་འདི་གླེང་རིན་པ་དང་སྦྱི་ཚོགས་ལྷང་འཇགས་མེད་ཙང་དྲན་གསོ་མ་བྱས་པ་ཞིག་རེད་འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese