མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷིན་ལ་དྷེན་གྱི་བུ་ཨལ་ཀ་ཌའི་མི་རབས་གསར་པའི་ངོ་ཚབ་ཏུ་འགྱུར་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དྲག་སྤྱོད་ཚོགས་སྡེ་ཨལ་ཀ་ཌ་ཡིས་སླར་ཡང་གཟའ་འཁོར་འདིའི་ནང་ཨོ་ས་མ་བྷིན་ལ་དྷེན་གྱི་བུ་ཧམ་ཛཱ་བྷིན་ལ་དྷེན་གྱི་སྐད་གདངས་སྒྲིག་འཇུག་བྱས་པའི་བརྙན་ཐུང་ཞིག་འགྲེམ་སྤེལ་བྱས་པར་གཞིགས་ན། ཁོ་པ་དྲག་སྤྱོད་པའི་མགྲིན་ཚབ་བྱེད་པའི་དབང་ཚད་ཇེ་ཆེར་གཏོང་གི་ཡོད་སྲིད་པ་ཞིག་ཡིན།

hamza_bin_ladenརེས་གཟའ་ཟླ་བའི་ཉིན་ཨོ་ས་མ་བྷིན་ལ་དྷེན་(Osama bin Laden)གྱི་བུ་ཧམ་ཛཱ་བྷིན་ལ་དྷེན་(Hamza bin Laden) ཟེར་བ་དེས་སེ་རི་ཡའི་ནང་གི་ཨའེ་ཨེ་སེ་ཨའེ་སེ་ (ISIS) དང་། ཨལ་ཀ་ཊ་(al Qaeda) སོགས་མིང་ཐོབ་ལ་རྩོད་འགྲན་བྱེད་བཞིན་པའི་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་དྲག་སྤྱོད་པ་ (Jihadi) རྣམས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་སྒྲ་ཕབ་ཅིག་འགྲེམས་སྤེལ་བྱས་ཡོད། ཁོ་པས་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་དྲག་སྤྱོད་པ་ཚོས་ཨི་སི་རལ་དང་ཨི་སི་རལ་ལ་རོགས་རམ་བྱེད་མཁན་ཨ་རིའི་ཁ་གཏད་དུ་ལངས་ཏེ། པ་ལི་སི་ཐན་ (Palestine) བཅིངས་འགྲོལ་གཏོང་དགོས་པའི་སྐོར་ཡང་བཤད་ཡོད་པ་རེད།

སྒྲ་ཕབ་འདི་ད་ལོར་འདོན་སྤེལ་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཨལ་ཀ་ཌ་དྲག་སྤྱོད་ཚོགས་པས་བྷིན་ལ་དྷན་གྱི་མིང་གྲགས་བེད་སྤྱོད་ཀྱིས་ཚོགས་པའི་ནུས་སྟོབས་སྤེལ་བའི་ཐབས་ཤེས་ཤིག་ཡིན་སྲིད་པ་རེད།

སི་ཨན་ཨན་ (CNN) གསར་ལས་རྒྱལ་ཁབ་སྲུང་སྐྱོབ་དབྱེ་ཞིབ་པ་པི་ཊར་བྷེར་གྷན་ (Peter Bergen) གྱིས་བརྗོད་དོན། “ཧམ་ཛཱ་ལ་ཁྱིམ་རྒྱུད་ཀྱི་མིང་གྲགས་ཤིག་ཡོད་པ་ནི་མངོན་གསལ་དོད་པའི་གནད་དོན་ཞིག་ཡིན། ད་ལྟའི་ཆར་ཁོ་པས་དྲིལ་བསྒྲགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་དང་། ཨལ་ཀ་ཌའི་མགོ་པ་རྒན་གྲས་ལོ་ན་ལྔ་བཅུ་དང་དྲུག་ཅུར་བསླེབས་པ་དེ་དག་དང་ཁོ་པའི་བར་ལོ་ན་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད།”

ཧམ་ཛཱ་བྷིན་ལ་དྷེན་ནི་ད་ལྟའི་ཆར་ལོ་ན་ཉི་ཤུ་ཙམ་ཡིན་པ་དང་། འབྱུང་འགྱུར་ཨལ་ཀ་ཌ་མི་རབས་གསར་པའི་སྣེ་ཁྲིད་པ་ཆགས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། “ཨོ་ས་མ་བྷིན་ལ་དྷེན་གྱིས་ཕྲུ་གུ་དེར་ན་སོ་ཆུང་དུས་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད། ཧམ་ཛཱ་ལ་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་ཀྱི་བསླབ་བྱ་གཏིང་ཟབ་སྤྲད་པ་ཞིག་ཡིན་སྟབས། དེར་བཅོས་མིན་དད་གུས་བྱེད་མཁན་ཞིག་ཏུ་གྱུར་ཡོད་སྟབས། ཁོ་པར་གདེང་འཇོག་དེ་ལྟར་བྱེད་དོན་ཡང་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་རེད་སྙམ་གྱི་འདུག” ཅེས་ཉེ་དུས་རྒྱལ་སྤྱིའི་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་དྲག་སྤྱོད་ཚོགས་པ་ (United States of Jihad)ཞེས་པའི་དཔེ་དེབ་དཔར་སྐྲུན་བྱེད་པོ་བྷེར་གྷན་གྱིས་འགྲེལ་བརྗོད་བྱས།

༢༠༡༡ ལོར་ཨ་རིའི་ཆེད་ལས་དཔུང་སྡེས་ཧམ་ཛཱ་བྷིན་ལ་དྷེན་གྱི་ཕ་རྒན་སྡོད་ཁང་ལ་བཙན་རྒོལ་བྱས་ཏེ། ཕ་རྒན་དམར་གསོད་གཏོང་སྐབས་ཁོ་པ་གནས་དེར་མེད། སྡོད་ཁང་དེ་ནས་རྙེད་སོན་བྱུང་བའི་ཡིག་ཆའི་ནང་། ཧམ་ཛཱ་ཡི་བུ་སྤུན་ཕ་རྒན་དང་ལྷན་དུ་དམར་གསོད་བཏང་བ་དེ་དང་། ཁོ་པའི་བར་མི་འདྲ་བ་ཞིག་ཡོད་པ་ནི་ཧམ་ཛཱ་དྲག་སྤྱོད་སྦྱོང་བརྡར་བྱེད་པར་ཆེད་གཏོང་བྱས་ཡོད་པ་དེ་རེད།

དྲག་སྤྱོད་རིང་ལུགས་ཉམས་ཞིབ་པ་ཐོ་མ་ས་ཇོ་སི་ལིན་ (Thomas Joscelyn) གྱིས་ “ཨོ་ས་མ་བྷིན་ལ་དྷེན་སྡོད་ཡུལ་དུ་བཙན་རྒོལ་བྱས་པའི་ཟླ་བ་གཅིག་གི་སྔ་རོལ་དུ་བུ་ཧམ་ཛཱ་པ་ཀི་སི་ཐན་དུ་རྟེན་གཞི་བྱས་པའི་ཨལ་ཀ་ཌའི་མགོ་པས་ཚད་མཐོའི་འབར་རྫས་བཟོ་ལས་ཀྱི་སྦྱོང་བརྡར་སྤྲོད་ཀྱིན་ཡོད་པ་རེད།” ཅེས་བརྗོད་ཡོད། འོན་ཀྱང་ཧམ་ཛཱ་བྷིན་ལ་དྷེན་གྱིས་དྲག་སྤྱོད་ཀྱི་ལས་དོན་དངོས་ལ་ཐད་བྱུས་བྱེད་ཀྱི་ཡོད་དང་། ཨལ་ཀ་ཌའི་དྲིལ་བསྒྲགས་ཀྱི་ལས་གཞིར་དམིགས་བཀར་བྱ་ཆ་ཤས་ལེན་གྱི་ཡོད་སྐོར་གསལ་བརྗོད་བྱེད་དཀའ་བའི་གནད་དོན་ཞིག་རེད།  ཇོ་སི་ལིན་གྱིས་ “ཨལ་ཀ་ཌ་དྲག་སྤྱོད་པས། འདི་ནི་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་དྲག་སྤྱོད་པའི་མི་རབས་གསར་པའི་མགོ་ཁྲིད་ཡིན། འདི་ནི་མཐར་ཐུག་ང་ཚོའི་ལམ་སྣེ་འདྲེན་པའི་བྷིན་ལ་དྷེན་གཉིས་པ་དེ་ཡིན་ཞེས་ཟེར་གྱི་ཡོད།”ཅེས་བརྗོད།

ཨ་རིའི་གསང་བའི་ལས་དོན་པ་ཞིག་གིས་སི་ཨན་ཨན་གསར་འགོད་པར་བརྗོད་པ་ལྟར་ན། ད་ལྟའི་ཆར་ཧམ་ཛཱ་བྷིན་ལ་དྷེན་ནི་དྲག་སྤྱོད་ཚོགས་པ་དེའི་ལས་དོན་ཆུང་ཚགས་ཅིག་གཉེར་ནས་བསྡད་ཡོད་པ་དང་། ཕྱིས་འབྱུང་ཨལ་ཀ་ཊའི་མགོ་དཔོན་བྱེད་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཚོད་འདུག

བྷེར་གྷན་གྱིས་ “ངའི་བསམ་པར་ཧམ་ཛཱ་སང་ཉིན་རང་ཨལ་ཀ་ཏའི་མགོ་དཔོན་ཆགས་དགོས་དོན་མེད། འོན་ཀྱང་ཁོ་པར་ཁྱིམ་རྒྱུད་ཀྱི་མིང་གྲགས་ཤིག་ཡོད་པ་དང་། ལོ་ན་གཞོན་ལ་དད་གུས་རྣམ་དག་ཡོད་པ་ཞིག་ཡིན། རྒྱུ་རྐྱེན་དེ་དག་གིས་ཁོ་པས་ཨལ་ཀ་ཌ་རྒྱ་སྐྱེད་བྱེད་པར་གལ་ཆེའི་ནུས་པ་འདོན་ཐུབ་ངེས་ཡིན།”ཞེས་ཟེར།

པ་ཀི་སི་ཐན་དུ་རྟེན་གཞི་བྱས་པའི་ཨལ་ཀ་ཌ་ཚོགས་པ་ལྟེ་བའི་མགོ་དཔོན་མང་པོ་ཨ་རིའི་དཔུང་དམག་གི་ལག་འོག་ཏུ་ཚེ་སྲོག་ཤོར་ཏེ་ཚོགས་པར་ཉམས་རྒུད་བྱུང་ཡོད་ཀྱང་། སེ་རི་ཡ་དང། ཡཱ་མན། བྱང་ཨ་ཧྥི་རི་ཀ་སོགས་སུ་ཡན་ཡག་འཕེལ་རྒྱས་འགྲོ་མུས་ཡིན། ཨ་རིའི་གསང་བའི་ལས་དོན་པས་ “ཧམ་ཛཱ་བྷིན་ལ་དྷེན་ངོ་ཤེས་བཟོ་ཐབས་དེ་ནི། ཆག་གྲུམ་ཤོར་བའི་ཨལ་ཀ་ཌ་ཚོགས་པ་མཐུན་སྦྱོར་བྱེད་པའི་འབད་བརྩོན་དང་ཐབས་ཤེས་ཤིག་རེད།”ཅེས་ཟེར།

སི་ཨན་ཨན་CNNགསར་ཁང་གི་གནས་ཚུལ་སྐལ་ལྡན་གྱིས་ཕབ་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese