མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་དུ་ཟས་བཅད་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཀུང་ཏུང་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་རྒྱ་རིགས་རང་དབང་དོན་གཉེར་བ་ཞིག་གིས་རྒྱ་ནག་གི་དཔོན་རིགས་ཚོས་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་འོག་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

328892fe-1372-11e6-95eb-aaf30b46b489_1280x720

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་ (scmp) གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང་དམངས་གཙོ་དོན་གཉེར་བ་རྒྱ་རིགས་གོ་ཧྥེ་ཞོང་ (Guo Feixiong) ཟེར་བ་ཞིག་གིས་ཀུང་ཏུང་ཞིང་ཆེན་ཡཱང་ཁྲུན་བཙོན་ཁང་ (Yangchun prison) གི་དཔོན་རིགས་ཚོས་བཙོན་པའི་འཕྲོད་བསྟེན་ཡར་རྒྱས་དང་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་རེ་འདུན་འོག་ཟས་བཅོད་ངོ་རྒོལ་བྱས་ཡོད་འདུག

གོ་ཧྥེ་ཞོང་གི་བཟའ་ཟླ་ཀྲང་ཆེན་ (Zhang Qing) གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་འཕྲིན་ཡིག་ཅིག་བཏང་སྟེ། གོ་ཧྥེ་ཞོང་གིས་བཙོན་ཁང་དུ་དབང་འཛིན་པ་ཚོའི་བྱ་སྤྱོད་ལ་ཟས་བཅད་ངོ་རྒོལ་བྱེད་བཞིན་པ་དེར་དགོངས་བཞེས་གནང་དགོས་པ་དང་། གོ་ཧྥེ་ཞོང་ལ་སྡུག་སྦྱོང་མནར་གཅོད་བཏང་སྟེ་འཆི་ལམ་དུ་འདེད་པའི་ཐོབ་ཐང་སུ་ལའང་མེད་ཅིང་། ཁོ་ལ་མ་ཉེས་ཁག་གཡོག་བྱེད་རྒྱུ་མཚམས་འཇོག་དགོས་པ། དེ་བཞིན། ཀུང་ཏུང་ཞིང་ཆེན་གྱི་བཙོན་ཁང་གི་དཔོན་རིགས་ཚོས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་མི་སྤེལ་བར་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་དགོས་སྐོར་སོགས་འཁོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ལྟ་ཞིབ་ཚན་པའི་འགན་འཛིན་སོ་ཧྥེ་རེ་ཆར་ཌི་སོན་ (Sophie Richardson) གྱིས་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཚོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་བློ་འཚབ་ཆེ་བ་དང་། རྒྱ་ནག་གི་དཔོན་རིགས་ཚོས་རང་ཉིད་ཀྱི་ཁེ་གྲགས་ཁོ་ནའི་ཆེད་དུ་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཚོར་གདུག་རྩུབ་ཆེ་བའི་མནར་གཅོད་གཏོང་བ་དང་། ཐ་ན་སྲོག་ཐོག་གཏོང་བ་དང་ཚེ་བཙོན་བྱེད་ཀྱི་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། གོ་ཧྥེ་ཞོང་གི་དངོས་མིང་ལ་ཡང་མའོ་ཏོང་ (Yang Maodong) ཟེར་ཞིང་ད་ལྟ་ལོ་ ༤༩ ཡིན་པ་དང་། ཁོ་རྒྱ་ནག་ཀུང་ཏུང་ཞིང་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཡིན་ཞིང་། ཕྱི་ལོ་ ༢༠༠༦ ལོའི་ཕྱི་ཟླ་ ༩ བའི་ཚེས་ ༣༠ ཉིན་ཁོ་ཆབ་སྲིད་དཔེ་དེབ་ཅིག་གི་དཔར་སྐྲུན་དང་འབྲེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་ཟླ་ ༧ རིང་བཀག་བསྐྱིལ་བྱས་རྗེས། ཕྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༡༡ པའི་ཚེས་ ༡༤ ཉིན་ལོ་ ༥ ཁྲིམས་ཐག་བཅད་དེ་ཀུང་ཏུང་ཞིང་ཆེན་མའེ་ཀྲོ་བཙན་ཁང་ (Meizhou Prison) དུ་བཙོན་འཇུག་བྱས་ཡོད་པ་མ་ཟད། དམངས་སྒོར་ ༤༠,༠༠༠ ཡི་ཆད་པ་བཅད་ཡོད་འདུག་ལ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ བའི་ཚེས་ ༡༣ ཉིན་ཁོ་ཀློད་གྲོལ་བཏང་ཡོད་ནའང་། ཕྱི་ལོ་ ༢༠༡༣ ལོའི་ ༨ པའི་ཚེས་ ༨ ཉིན་མི་དམངས་འདུ་འཛོམ་དང་སྤྱི་མང་གི་བདེ་འཇགས་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་ཐོག་ཡང་བསྐྱར་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་ཞིབ་འཇུག་རྒྱུས་ལོན་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ པ་ནས་ ༩ བའི་བར་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ཁྲིམས་རྩོད་ལས་རོགས། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ་ཁྱོན་མི་གྲངས་ ༣༠༠ འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་དང་པོའི་ཚེས་ ༨ ནས་ ༩ བར་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ ༡༡ འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོའི་ནང་མི་ཚོར་ཡང་འཛིན་བཟུང་དང་འདྲི་གཅོད་ཀྱི་བརྡ་སྦྱོར་བཏང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༤ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༧ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese