མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བ་ཚོར་གུས་བརྩི་ཐོབ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

གྷེ་རི་ཁྲུང་ (Gary Cheung)གིས་ཤེས་གསལ་ལྟར། ཧོང་ཀོང་གི་སློབ་ཕྲུག་ཚོས་རྒྱལ་ཁབ་འཕེལ་རྒྱས་ཚོགས་པ་ནས་ཟུར་དུ་འཐོན་འདོད་བྱས་པ་དེ་རྒྱུ་མཚན་དང་མི་ལྡན་པ་ཞིག་རེད་ཅེས་གསུངས་འདུག

གྷེ་རི་ཁྲུང་(Gary Cheung)གིས་སྤེལ།
འཕྲིན་ལས་དབང་འདུས་ཀྱིས་བསྒྱུར།

Screen Shot 2016-06-04 at 11.25.30 pm

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩོམ་པ་པོ་མི་ལཱན་ཁུན་ཌི་ར་ (Milan Kundera) ཡིས་ཁོང་གི་རྟོག་སྒྲུང་དེབ་ 《བཞད་གད་དང་དྲན་ཤེས་མི་བརྟན་པ། 》ཞེས་པའི་ནང་ “དབང་ཆའི་དོན་དུ་འཐབ་རྩོད་བྱེད་མཁན་གྱི་མི་དེ་ནི་དྲན་ཤེས་མི་བརྟན་པས་དྲན་པ་སོས་ཐབས་ལ་འབད་བརྩོན་བྱེད་པ་དང་གཉིས་སུ་མེདˮཅེས་བྲིས་འདུག ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་མི་མང་བཅིངས་འགྲོལ་དམག་གིས་དམངས་གཙོ་དོན་གཉེར་བ་ཚོའི་ངོ་རྒོལ་ལ་སྣང་མེད་ཐོག་མེ་མདའ་བརྒྱབ་པ་ནས་བཟུང་། པེ་ཅིན་གཞུང་ནས་ཐབས་ཤེས་ཡོད་རྒུ་རྩལ་དཀྲུག་གིས་རྒྱ་ནག་སྐམ་ས་ཆེན་མོ་རུ། མི་དམངས་འདུ་འཛོམས་སར་ཡ་ང་བའི་དོན་རྐྱེན་འདི་གླེང་སློང་བྱེད་རྒྱུར་དམ་དྲག་དང་། ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་སྲུང་གཙི་བྱེད་པའི་ལས་འགུལ་ལ་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད།

ཕྱི་ལོ་ ༡༩༩༧ ལོར་བྱས་རྗེས་ཅན་གྱི་དམངས་གཙོ་དོན་གཉེར་བ་ཛཱི་ཏོ་ཝཧ་ (SzetoWah) དང་སྒེར་གྱི་ཐུག་འཕྲད་ཅིག་གི་སྐབས་སུ་གསུངས་དོན། སྐབས་དེའི་འཛིན་སྐྱོང་གཙོ་འཛིན་ཏུང་ཁྲི་ཝ་ (Tung Chee-hwa) ཡིས་རྒྱ་ནག་གི་རྒྱལ་གཅེས་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཧོང་ཀོང་མཐུན་གྲོགས་ཚོགས་པའི་ཚོགས་གཙོར་ “འགོག་རྐྱེན་ཅན་གྱི་དྲུག་བཞིའི་ལྟ་བ་ˮ (June 4 baggage) དོར་དགོས་སྐོར་དྲིས་འདུག ལོ་རྗེས་མ་དེར་ཏུང་ (Tung) གིས་དྲག་སྣོན་དོན་རྐྱེན་ལ་དྲན་གསོའི་མཛད་སྒོ་འཚོགས་མི་ཆོག་སྐོར་ཛི་ཏོ་(Szeto) ལ་བརྗོད་འདུག འོན་ཀྱང་ཏུང་ (Tung) གི་འབད་བརྩོན་ཡོངས་རྫོགས་ལམ་ལྷོངས་བྱུང་མེད། ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ཡོད་ཝིག་ཏྲོ་རིཡ་ལྡུམ་རྭའི་ (Victoria Park) ལོ་འཁོར་གཅིག་གི་མར་མེའི་ཁྲོམས་སྐོར་བའི་གྲངས་ཚད་ཆིག་འབུམ་བརྒྱད་ཁྲི་ལྷག་ཟིན་སྐོར་གོ་སྒྲིག་ཚོགས་ཆུང་གིས་བསྒྲགས་འདུག

ཏུང་ (Tung) གིས་གྲུབ་འབྲས་སྨིན་མ་ཐུབ་པ་དེ་ད་ཆ་གྲོང་འཁྱེར་འདིའི་སློབ་ཕྲུག་གི་མགོ་འཁྲིད་ཚོས་བསྒྲུབ་ཡོད། རེས་གཟའ་སྤེན་པའི་ཉིན་དྲུག་བཞིའི་དོན་རྐྱེན་གྱི་གལ་གནད་ཐོག་བགྲོ་གླེང་བྱ་རྒྱུའི་ཐག་གཅོད་ཆེད་མཐོ་སློབ་ཁག་བཅུ་གཅིག་གི་སློབ་ཕྲུག་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་འཛོམས་ཡོད། འོན་ཀྱང་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་མྱ་ངན་གྱི་ལས་རིམ་བཟོས་མི་འདུག ཉིན་དེར་ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་མཐུན་ཚོགས་ནས་གླེང་སྟེགས་གཞན་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་འདུག་ཀྱང་། བརྗོད་གཞི་གཙོ་བོ་ཧོང་ཀོང་གི་འབྱུང་འགྱུར་ (Future of Hong Kong) ཞེས་པ་དེ་རེད།

བདུན་ཕྲག་སྔོན་མར་ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཨལ་ཐིཡེ་སུན་ཧུ་ནམ་ (Althea SuenHiu-nam) གྱིས་ཕྱི་ལོ་ ༡༩༨༩ ལོར་ཚེ་སྲོག་ཤོར་བ་ཚོར་མྱ་ངན་གུས་འདུད་བྱ་རྒྱུ་དེར་དབྱེ་མཚམས་ཤིག་ཕྱེ་དགོས་འདུག གང་ཡིན་ཟེར་ན། དུས་དྲན་སྲུང་གཙི་ཞུ་བའི་ལས་འགུལ་འདིས་ད་བར་བཟང་ཕྱོགས་ཀྱི་ཡར་རྒྱས་གང་ཡང་བྱུང་ཐུབ་མེད་ཅེས་རྩོད་གླེང་བྱས་འདུག ཁོ་མོས་མཐུན་གྲོགས་ཚོགས་པའི་འབོད་ཚིག་ “རྒྱ་ནག་དམངས་གཙོར་སྐྲུན་པ་ˮ (Building a Democratic China) ཞེས་པ་ཀུན་གྱི་ཕུགས་བསམ་ཞིག་ཡིན་ཡང་དེ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན་སྐོར་དང་། དེའི་ཐོག་དུས་ཚོད་ཆུད་ཟོས་སུ་བཏང་བ་དེས་ཧོང་ཀོང་གི་དམངས་གཙོའི་འཕེལ་རིམ་ལ་འགོག་རྐྱེན་ཆགས་ཡོད་སྐོར་བཤད་འདུག

ས་བཟུང་ཞི་རྒོལ་ (Occupy Protests) གྱི་ཁྲུག་ཆ་དོད་པའི་སྐབས་འདིར་རྒྱ་ནག་སྐམ་ས་ཆེན་མོའི་དབང་འཛིན་པ་ཚོར་སུན་སྣང་སྟོན་ཕྱིར། སློབ་ཕྲུག་མཐུན་ཚོགས་ཀྱི་མགོ་འཁྲིད་ཚོས་རྒྱ་ནག་དམངས་གཙོར་བསྒྱུར་འདོད་ཀྱི་དམིགས་ཡུལ་ངོས་ལེན་ཞུས་མེད། ཁོང་ཚོས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་བར་གྱི་འབྲེལ་ལམ་དང་ལེན་མ་ཞུས་པའི་ཐོག ས་གནས་ཀྱི་ལས་འགུལ་འདིར་རྒྱལ་ཁ་ཐོབ་ཐབས་བྱེད་བཞིན་ཡོད། གཞོན་སྐྱེས་མང་པོ་ཞིག་གི་སེམས་ནང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཁ་བྲལ་སོང་བའི་ཚོར་སྣང་འདི་གང་མཚམས་རྒྱ་ཆེན་པོ་ཆགས་ཡོད་འདུག

ཁོང་ཚོའི་སུན་སྣང་འདི་མྱོང་ཚོར་ཐུབ་པ་ཞིག་ཡིན་ཡང་། ངོས་རང་ཉེས་སྐྱོན་གྱིས་སྦགས་པའི་ཁོང་ཚོའི་རྒྱུ་མཚན་འདིར་འདོད་བློ་འཚིམ་པ་ཞིག་མ་བྱུང་། ཧོང་ཀོང་ནང་དམངས་གཙོའི་འཐབ་བརྩོད་བྱེད་པ་འདི་རྒྱ་ནག་དམངས་གཙོར་བསྒྱུར་བའི་ཕུགས་བསམ་དང་། རྒྱལ་ཁབ་ཀྱི་བདེ་དོན་ཆེད་རིན་བྲལ་ཚེ་སྲོག་ཤོར་མཁན་ཚོར་མྱ་ངན་བྱེད་པ་གཏན་ནས་མི་འདྲ། ཁོང་ཚོས་རྒྱ་ནག་སྐམ་ས་ཆེན་མོའི་དམངས་གཙོའི་ལས་འགུལ་འདིར། ཧོང་ཀོང་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་འབྲས་སུ་ཧོང་ཀོང་སྤྱི་ཚོགས་འཕེལ་འགྱུར་ལ་ཞོགས་འདེགས་ཐུབ་པར་ངོས་འཛིན་ཞུ་ཐུབ་ཀྱི་མེད།

གལ་ཏེ་ང་ཚོས་དོན་གནད་གང་ཞིག་ཡིན་རུང་བཟང་ཕྱོགས་སུ་འགྱུར་བ་མ་ཕྱིན་པའི་རྐྱེན་གྱིས་མཚམས་འཇོག་བྱེད་དགོས་སྐོར་བཤད་ཚེ། ཧོང་ཀོང་མི་དམངས་གིས་རང་ཉིད་ཀྱི་བསྒྲུབ་བྱའི་དམིགས་ཡུལ་འདི་ད་དུང་ཐག་རིང་པོར་ཡོད་པར་སྙད་དེ་དམངས་གཙོའི་འཐབ་རྩོད་འདི་བློས་གཏོང་བྱེད་དགོས་སམ། གྲོང་འཁྱེར་འདིར་རང་ཐག་རང་གཅོད་དགོས་པའི་འབོད་ཚིགས་སྒྲོག་བཞིན་པའི་སློབ་ཕྲུག་གི་མགོ་འཁྲིད་ཚོའི་ལས་འགུལ་འདི་ད་ནས་བརྩིས་པའི་ལོ་ངོ་གཉིས་ནང་བཟང་ཕྱོགས་སུ་འཕེལ་རྒྱས་མ་ཕྱིན་ཚེ། སློབ་ཕྲུག་ཚོ་མཐོ་སློབ་འཛིན་ཁང་ཏུ་ཕྱིར་ལོག་བྱེད་སྲིད་དམ།

Screen Shot 2016-06-04 at 11.28.53 pm

ཟླ་སྔོན་མར་མཱིང་པཱའོ་ (明報)གསར་ཤོག་གི་གཙོ་འགན་རྩོམ་སྒྲིག་པ་ཀཱུང་ཁོག་ཡེན་ (Keung Kwok-yuen) ལགས་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་ཅིང་། ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་། ཕྱི་ཟླ་དྲུག་པའི་རེ་གཟའ་ཉི་མའི་གསར་ཤོག་གི་ཤོག་ངོས་འཕར་མའི་སྟེང་གི་འཆར་ཅན་རང་ཉིད་ཀྱི་རྩོམ་ཡིག་སྤེལ་ས་དེར་དྲུག་བཞིའི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་ཞུ་དགོས་པའི་སྐུལ་མའི་རྩོམ་ཡིག་ཅིག་སྤེལ་ཡོད། ཕྱི་ཟླ་དྲུག་པའི་ནང་ཉམས་མྱོང་ཅན་གྱི་གསར་འགོད་པ་ཁོང་གིས་ཕྲན་ལ་གསུངས་དོན། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་མི་རབས་གཞོན་པ་ཚོས་དོན་རྐྱེན་འདི་སྣང་མེད་གཏོང་སྲིད་པའི་སེམས་ཚབ་འདུག་ཅེས་དང་། ཡང་ཀཱུང་གིས་ “དེ་ལྟར་བྱུང་གི་མེད་པ་སུས་འགན་ལེན་ཐུབ་བམ། གལ་སྲིད་གོ་སྐབས་བྱུང་ཚེ་ངའི་ངོས་ནས་མུ་མཐུད་དྲུག་བཞིའི་དོན་རྐྱེན་སྐོར་རྩོམ་ཡིག་སྤེལ་རྒྱུ་ཡིན་ˮཅེས་བརྗོད་བྱུང་།

ཡོངས་གྲགས་ཀྱིས་གུས་བརྩི་ཐོབ་པའི་གསར་འགོད་པ་ཚོས་ཡ་ང་བའི་དྲུག་བཞིའི་དོན་རྐྱེན་ཐད་དེ་སྔ་བཞིན་གནས་ཚུལ་སྤེལ་ཐུབ་ཀྱི་མེད། རང་ཉིད་རྒྱལ་ཁབ་དང་ཧོང་ཀོང་མི་མང་གི་བདེ་དོན་ཆེད་དུས་ཀུན་སེམས་འཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་ལེའུ་འདི་དྲན་ཡུལ་དུ་གསོན་ཉར་བྱ་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པའི་སེམས་ཚོར་བྱུང་།

རྩོམ་པོ་གྷེ་རི་ཁྲུང་ནི་གསར་ཁང་ (South China Morning Post) འདིའི་ཆབ་སྲིད་ལེ་ཚན་གྱི་རྩོམ་སྒྲིག་པ་ཡིན།

མ་རྩོམ་འབྲེལ་ཐག http://www.scmp.com/comment/insight-opinion/article/1959276/remembering-june-4-dead-has-place-hong-kongs-fight-democracy/

 

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༩ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese