མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཕོ་གསར་ཞིག་ལ་གྲིས་བརྒྱབ་སྟེ་བསད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ལྡི་ལི་བསམ་ཡས་གླིང་དུ་བོད་པའི་ཕོ་གསར་གཉིས་ཀྱིས་རྒྱག་རེས་བརྒྱབ་སྟེ་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

12345 copyདེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་དུ། བོད་པའི་ཕོ་གསར་གཉིས་འཁྲུག་འཛིང་ཤོར་ནས་ཕན་ཚུན་ལ་གྲིས་བརྒྱབ་སྟེ། གཉིས་ཀ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་དང་། སྨན་ཁང་དུ་བསླེབས་རྗེས་གཅིག་འདས་གྲོངས་སུ་ཕྱིན་པ་དང་། གཞན་དེར་སྨན་བཅོས་བྱེད་བཞིན་ཡོད་འདུག

ས་གནས་གཞིས་མགོ་ལེགས་བཤད་ལགས་སུ་ཁ་པར་བརྒྱུད་སྐད་ཆ་དྲིས་པར་ཁོང་གིས། འདས་གྲོངས་སུ་ཕྱིན་པ་དེའི་མིང་ལ་བསོད་ནམས་ཚེ་རིང་ཟེར་ཞིང་། ལྷོ་ཕྱོགས་སྤེལ་ཀོབ་གཞིས་ཆགས་སུ་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་པ་དང་། སྨན་ཁང་དུ་ཡོད་པའི་བཀྲ་ཤིས་ཀྱིས་ནམ་རྒྱུན་བསམ་ཡས་གླིང་དུ་ཤ་སྲེག་བཙོང་ནས་བསྡད་ཡོད་པ་དང་། གོ་ཐོས་ལྟར་ན་སྔོན་མ་ནས་ཁོང་གཉིས་བར་རྩོད་གཞི་ཞིག་ཡོད་སྐོར་རྗོད་ཀྱི་འདུག་ཀྱང་། ད་ལན་འཁྲུག་འཛིང་ཤོར་བའི་རྒྱུ་རྐྱེན་གང་ཡིན་གསལ་པོ་ཤེས་མེད་སྐོར་བརྗོད་བྱུང་།

གནས་ཚུལ་ཐོན་རིམ་གཉིས་པ།

ལྡི་ལི་ས་གནས་མགོ་འཛིན་ལས་ཁུངས་ནས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་འཁོད་དོན། ༢༠༡༦ ཕྱི་ཟླ་ ༦ ཚེས་ ༦ སྔ་དྲོ་ཚོུད་ ༡༠ ཙམ་ལ་བསོད་ནམས་ཚེ་རིང་། ཕ་ཡུལ་ཀྲེ་ཧོར་དང༌། གཞིས་ཆགས་སྦེལ་ཀོབ་ཡིན་པ། བཀྲ་ཤིས་དོན་གྲུབ་ཕ་ཡུལ་སྡེ་གེ་ལྡི་ལི་གནས་སྡོད་ཡིན་པ་དེ་སྔོན་ཁོང་གཉིས་ཕན་ཚུན་རྙོག་ཁྲ་ཡོད་པ་ཞིག་རེད་འདུག ཁོང་གཉིས་གཅིག་གིས་གཅིག་ལ་གྲི་བཙུག་ནས་སྨན་ཁང་དུ་བསྐྱོད་ཡོད་ཀྱང༌། བསོད་ནམས་ཚེ་རིང་ཞེས་པ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བཀྲ་ཤིས་དོན་གྲུབ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང༌། རྒྱ་གར་སྐོར་སྲུང་དམག་མིས་འཛིན་བཟུང་བྱ་རྒྱུ་རེད་འདུག ཅེས་འཁོད་འདུག

ལྡི་ལིར་ཡོད་པའི་ཁོ་གཉིས་ཀྱི་ངོ་ཤེས་ཚོས་བརྗོད་པ་ལྟར་ན། བཀྲ་ཤིས་དོན་གྲུབ་དང་བསོད་ནམས་ཚེ་རིང་གཉིས་ཀ་བོད་ནས་ཡོང་བ་ཡིན་ཞིང་། ཁོ་གཉིས་བར་སྔོན་ཆད་ཀྱང་འཁྲུག་འཛིང་ཤོར་ཏེ་གྲི་རྒྱག་རེས་བྱུང་མྱོང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༧ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 14

  1. ཚེ་རིང་དོན་གྲུབ། says:
    ལོ་ 10 སྔོན།

    ང་ཚོ་བོད་པའི་ལས་དབང་སྐྱོ་བ་ལགས།

    Reply
  2. ངག་དབང། says:
    ལོ་ 10 སྔོན།

    ལྡི་ལི་མྰ་ཇུ་ཊི་ལར་ན་ནི་ཤེས་ཡོན་ལྡན་པའི་མི་གཉིས་དང་ད་ལོར་གཞོན་པ་གཉིས་།མི་ཚེའི་ལམ་ཁ་མཐར་ཐུག་དེ་འདྲའི་ཞིག་འདམ་ཀ་བྱས་པ་ནི་ཐབས་སྐྱོ་བོ་ཞེ་དྲག་རེད།

    Reply
  3. དོམ་དྲེད་གཞོན་ནུ། says:
    ལོ་ 10 སྔོན།

    ཀླད་སྟོང་རང་རེད།

    Reply
  4. ལྷ says:
    ལོ་ 10 སྔོན།

    འདས་པོ་སྙིང་རེ་རྗེ།

    Reply
  5. བསོད་ནམས་རྡོ་རྗེ། says:
    ལོ་ 10 སྔོན།

    དངོས་གནས་སེམས་པ་སྐྱོ་ཡག་རེད། དེ་སྔོན་ཤེས་ཡོན་པ་གཉིས། ད་རེས་ན་གཞོན་གཉིས། དཀོན་མཆོག་གིས་མཁྱེན། ཕྱིན་ཆད་དེ་འདྲའི་གནས་ཚུལ་མ་ཡོང་བ་ཤོག

    Reply
  6. བསྟན་ཕུན། says:
    ལོ་ 10 སྔོན།

    གནས་ཚུལ་འདི་ལྟ་བུ་བྱུང་བ་ནི་དངོས་ཡོད་ཀྱི་ཐབས་སྐྱོའི་གནས་ཚུལ་དང་། འཛམ་གླིང་སྡིངས་ཆའི་སྟེང་ངོ་ཚར་དགོས་པའི་གནས་སྟངས་ཞིག་གཏན་གཏན་རེད།

    Reply
    • བདེན་པའི་རྒྱབ་སྐྱོར། says:
      ལོ་ 10 སྔོན།

      བློ་ཕམ་བྱུང་།

      Reply
  7. གཡུ་ཐོག says:
    ལོ་ 10 སྔོན།

    ༸རྒྱལ་བའི་བཀའ་སློབ་ནང་། བོད་པའི་སྤྱི་ཚོགས་ནང་དུས་རྒྱུན་ཡ་རབས་བཟང་སྤྱོད་ཞེས་ཁ་ནས་གླེང་པ་མ་ཏོག་ལག་ལེན་ངོ་མའི་ཐོག་ཚད་གཞི་དམའ་རུ་འགྲོ་བཞིན་འདུག ཅེས་པ་དེང་གི་ཆར་བདེན། མཐུན་སྒྲིལ་གྱིས།

    Reply
  8. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    གང་དྲག་་་་གནས་ཚུལ་དེ་གོ་བ་དང་ངའི་སེམས་པ་སྟོང་ལྷང་ལྷང་དང་བཅས་ཡང་རང་ཅག་རྣམས་ཀྱི་འདི་ཕྱི་མགོན་སྐྱབས་གཅིག་པུ་༧གོང་ས་མཆོག་ཐུགས་ཕམ་བཟོས་སོང་དྲན།

    ད་དུང་དུས་རབས་བཅུ་དགུ་དང་ཉི་ཤུའི་ལྟ་བ་དང་གོམས་སྲོལ་ངན་པ་འཛིན་ཏེ་་ཕོ་རྒོད་ཞེེ་བོ་གཅིག་ཡིན་མདོག་མདོག་་་ཧཧཧ་་་་་་ཕྱི་མི་ཚོས་ཁྲེལ་ཏེ་སྙིང་རྗེའི་ཡུལ་རེད་་ཨ་རོགས་ཚོ་་་་་།།

    Reply
  9. བསྟན་འཛིན། says:
    ལོ་ 10 སྔོན།

    དངོས་གནས་བློ་ཕམ་བྱུང་།

    Reply
  10. གངས་སེང་བུ། says:
    ལོ་ 10 སྔོན།

    ༼ གོང་གི་འཁྲུག་གཞི་གང་ཡིན་མ་ཤེས། འོན་ཀྱང་མཎ་ཇུ་ཀྲི་ལའི་ནང་ད་དུང་ཆང་ཁང་དང་། བག་ཁང་། ཤོ་ཁང་ཡོད་འདུག་པར་དེའི་ནང་གཞོན་སྐྱེད་ཚོ་དོན་མེད་དུས་ཚོད་འཕྲོ་བརླག་གཏོང་བཞིན་ཡོད་པ་དང་རྒྱན་པོ་འགྱེད་དེ་འཁྲུག་ཟིང་ཡང་ཡང་ཡོང་གི་ཡོད་པ་གོ་ཐོས་བྱུང་། བག་ཁང་དང་། ཤོ་ཁང་། ཆང་ཁང་གི་སྦྱིན་བདག་ཚོ་ལ་སྒོ་བརྒྱབ་རོགས་ཞེས་འབད་སྐུལ་ཞུ་དགོས། དེ་ལྟར་མ་ཉན་ཚེ་ས་་གནས་ཉེན་རྟོག་པ་ལ་ངེས་པར་དུ་རྩིས་སྤྲོད་དགོས། ས་གནས་མགོ་འཛིན་དང་། ནང་སྲིད་ལས་ཁུངས། ལྷག་པར་དུ་མཎ་ཇུ་ཀྲི་ལ་མི་མང་ནས་ངེས་པར་དུ་ཐུགས་སྣང་དགོས་འདུག ༽་ གཞན་གྱི་ངོ་དེབ་ནས་བཤུས།

    Reply
  11. བློ་བཟང་། says:
    ལོ་ 10 སྔོན།

    ང་ཚོའི་བོད་པ་ཚོ་ནང་ལ་ཐུག་ན་སྲོག་བཏང་ཐུབ་པ་རེད། ཕྱི་ལ་ཐུག་ན་ལྤ་མོ་ཞིག་དང་མཚུངས་པར་ཁ་རྩོད་དྲག་པོ་ཞིག་ཀྱང་རྒྱག་མི་ཐུབ། བོད་པའི་འཚེ་མེད་ཞི་བ་ཕྱི་དགྲ་ལ་མ་གཏོགས་ནང་ཁུལ་གསོས་གཏུབ་བྱེད་པ་ཡིན། དེ་མིན་ཁ་ཆེ་རྒྱལ་ཁབ་དག་ཏུ་བྱིས་པ་རང་ལོ་༡༥ ཧྲིལ་བོ་མ་སོན་པ་ཚུན་ཆད། རང་གི་རྒྱལ་ཁབ་སྲུང་སྐྱོབ་སླད་དམག་སར་ཆས་ཏེ་དགྲ་བོར་རྒོལ་འཛིང་བྱེད་པ་མཐོང་མྱོང་ངམ། ང་ཚོ་ཁྱི་ངན་པ་ལྟར་བདག་པོའི་ནང་མིར་སོ་རྒྱག་པ་ལས་རྐུ་མས་ཁང་བ་བཀྱག་འགྲོ་ན་མི་ཚོར་བ་ལྟ་བུ་རེད། བློ་ཕམ་རེད། ༧རྒྱལ་བ་དོན་གྱི་བདག་པོས་བསྔོ་སྨོན་ཞིག་གནང་བར་ཞུ།

    Reply
    • བསྟན་འཛིན། says:
      ལོ་ 10 སྔོན།

      ཁྱི་ལས་སྡུག་བ།
      གནས་ཚུལ་དེ་གོ་བ་དང་སེམས་པ་སྟོང་ལྷང་ལྷང་ཆགས་བྱུང་།

      Reply
  12. དངོས་གྲུབ་དབང་ says:
    ལོ་ 10 སྔོན།

    དུས་རབ་ཉེར་གཅིག་པར་ད་དུང་འགྲི་མགོ་ལ་འཇུས་ནས་ནང་འཁྲུགས་རྒྱབ་།
    དགྲ་དགའ་གཉེན་སྡུག་རང་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese