མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ ༡༩༥༣ ཤི་རྨས་བཏང་བའི་ནག་ཉེས་ཐེར་འདོན་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་བཏོན་པའི་ནང་ཡེ་མིན་རྒྱལ་ནང་དུ་སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་ཁྲོད་དུ་ཉེས་མེད་བྱིས་པ་ ༡༩༥༣ ཡས་མས་ཤི་རྨས་བྱུང་ཡོད་སྐོར་འཁོད་འདུག

2d970ca7a5c8c078aca5ad3c997aea15651d91d4དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་ལས་ཁུངས་ནས་ལོ་འཁོར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་ན་ནིང་གཅིག་པུར་སོ་ཌི་ཨ་ར་བྷེ་ཡའི་ (Saudi Arabia) མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་རྒྱལ་ནང་དུ་ཉེས་མེད་བྱིས་པ་ ༡༩༥༣ ཤི་རྨས་བཟོས་པའི་ནག་ཉེས་ཐེར་འདོན་བྱས་ཏེ། ཁ་སང་སོ་ཌི་ཨ་ར་བྷེ་ཡ་མཉམ་འབྲེལ་སྒྲིག་ཁོངས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ཉེས་མེད་བྱིས་པ་དམར་གསོད་བཏང་བའི་ཉེས་དོན་དེ་ནི་སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ (Yemen) རྒྱལ་ནང་དུ་ཤཱེ་ཊི་ (Shiite) ངོ་ལོག་ཤོག་ཁག་དང་འཐབ་འཛིང་བྱས་པའི་ཁྲོད་བྱུང་བ་ཞིག་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཞིབ་མཇུག་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༥ ལོར་ཡེ་མིན་རྒྱལ་ནང་དུ་ཉེས་མེད་བྱིས་པ་ ༡༩༥༣ ཤི་རྨས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་དང་བསྡུར་ན་ཡེ་མིན་རྒྱལ་ནང་དུ་བྱིས་པ་ཤི་རྨས་ཀྱི་གྲངས་འབོར་ལྡབ་ ༦ གི་ཇེ་མང་དུ་ཕྱིན་ཡོད་ཅིང་། ཉེས་མེད་བྱིས་པ་བརྒྱ་ཆ་ ༦༠ ཡས་མས་སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཁྲུག་ཁྲོད་ཤི་རྨས་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཡེ་མིན་རྒྱལ་ནང་གི་སློབ་གྲྭ་དང་སྨན་ཁང་ཁག་ཏུ་ཐེབས་པའི་རྒོལ་རྡུང་ཁྲོད་བྱིས་པ་ ༡༠༡ ཤི་རྨས་བྱུང་ཡོད་པ་དེ་ཕྱི་ལོ་ ༢༠༡༤ ལོ་དང་བསྡུར་ན་ཉེས་མེད་བྱིས་པ་ཤི་རྨས་ཐེབས་གྲངས་ལྡབ་ ༢ ཀྱི་ཇེ་མང་དུ་སོང་ཡོད་ཅིང་། བྱིས་པ་བརྒྱ་ཆ་ ༤༨ སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་ཁྲོད་ཤི་རྨས་བྱུང་ཡོད་སྐོར་འཁོད་འདུག

མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཌུ་རྗ་རེག་ (Dujarric) ཟེར་བ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་ (Ban Ki-moon) གྱིས་སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གི་གནད་དོན་དེ་ཕྱི་ཟླ་ ༨ པའི་ནང་རྟོགས་ཞིབ་མ་བྱས་སྔོན་ལ་འཕྲལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ནེའུ་ཡོག་གྲོང་ཁྱེར་དུ་ཆེད་གཏོང་གིས་སུ་ཌེ་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ (Yemen) རྒྱལ་ནང་དུ་ཉེས་མེད་བྱིས་པ་མང་པོ་ཤི་རྨས་བཟོས་བའི་གནད་དོན་ཐོག་བསྐྱར་ཞིབ་བྱ་རྒྱུ་དང་ལེན་བྱས་ཡོད་སྐོར་བརྗོད་ཅིང་། སོ་ཌི་ཨ་ར་བྷེ་ཡའི་གཞུང་ཚབ་པ་ཨལ་མུ་ལེ་མེ་ (Al-Mouallimi) ཟེར་བ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་ཌི་ཨ་ར་བྷེ་ཡ་མཉམ་འབྲེལ་སྒྲིག་ཁོངས་ནས་ཕྱིར་ཕུད་བཏང་བ་དེ་ནི་ཆ་རྐྱེན་དང་རྒྱུ་རྐྱེན་གང་ཡང་མེད་པ་ཞིག་དང་། གནད་དོན་དེའི་ཐད་ལ་བསྐྱར་ཞིབ་བྱ་རྒྱུར་སོ་ཌི་ཨ་ར་བྷེ་ཡ་སྲིད་གཞུང་ལ་དོགས་གཞི་ཅི་ཡང་མེད་པ་མ་ཟད། གནད་དོན་དེ་ཐག་ཆོད་ཡོང་བའི་ཡེད་ཆེས་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟབས་ཉེས་སྐབས་འཕྲད་ཀྱི་སྙན་ཐོ་དེས་ཡེ་མིན་རྒྱལ་ནང་གི་དུས་ཟིང་ཞི་འཇགས་གཏོང་བའི་གྲོས་མོལ་དང་གྲོས་ཆོད་ཀྱི་རེ་འདུན་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཡོད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༤ ལོ་ནས་སོ་ཌི་ཨ་ར་བྷེ་ཡ་དང་ཨ་རིའི་མཉམ་འབྲེལ་དམག་དཔུང་གི་རྒྱབ་རོགས་ལ་བརྟེན་ནས་ཡེ་མིན་སྲིད་གཞུང་གིས་ནུབ་རྒྱུད་ཀྱི་ཧུ་དྷེ་སི་ (Houthis) འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་ལ་འཐབ་འཛིང་བྱེད་ཀྱིན་ཡོད་ཅིང་། ཧུ་དྷེ་སི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་ཡེ་མིན་གྲོང་ཁྱེར་ས་ན་ (Sanaa) བཙན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་སོ་ཌི་ཨ་ར་བྷེ་ཡའི་མཉམ་འབྲེལ་དམག་དཔུང་གི་རོགས་འདེགས་ལ་བརྟེན་ནས་ཡེ་མིན་རྒྱལ་ནང་གི་ཟིང་འཁྲུག་ཇེ་ཆར་ཕྱིན་ཏེ་ད་ལྟར་མི་སེར་ ༦༠༠༠ ལྷག་གི་ཚེ་སྲོག་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀུ་ཝེ་ཊི་ (Kuwait) རྒྱལ་ནང་དུ་ཞི་བདེ་གྲོས་མོལ་ཚོགས་འདུ་འཚོགས་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནའང་། ཡེ་མིན་རྒྱལ་ནང་གི་ཟིང་འཁྲུག་མུ་མཐུད་འབྱུང་མུས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

མཆན། 1

  1. sodu says:
    ལོ་ 10 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཆེ་མོ་རུ་བོད་ཀྱི་མི་རིགས་ད་བར་བོད་ནང་དུ་ག་ཚོད་ཤི་བ་འམ་རྨས་པ་བྱུང་ཡོད་པའི་སྐོར་གྲངས་ཐོ་ཡོད་དམ་མེད། ཕལ་ཆེར་མེད་བཟོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་ཚོགས་པ་འདི་ལྐུག་པ་འོན་པ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese