མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེང་གི་དམག་འཁྲུག་ལ་མཐར་ཐུག་གི་རྒྱལ་ཁ་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཌ་ཝི་ཌི་བྷ་ལར་ DAVID BLAIR གྱིས་བརྩམས།
རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

tibettimes

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མའི་ཞི་བདེའི་ཚལ་དུ་མེ་ཏོག་ཞག་འཁོར་འབུལ་བསྒྲོན་གནང་། ཁོང་གི་སྐོར་སྐྱོད་དེ་ནི་ “འཆི་བདག་མཁའ་དབྱིངས་ནས་བབས་པ་དང་འཛམ་གླིང་འཕོ་འགྱུར་” གྱི་དུས་དྲན་ཉིན་མོ་དེར་འཁེལ་ཡོད་པ་མ་ཟད། སྐོར་སྐྱོད་དེ་ནི་དམག་འཁྲུག་མཇུག་བསྒྲིལ་ཅིང་གཏོར་རླག་གི་ཅོང་བརྡ་དང་བཅས་མཐའ་མཇུག་གི་རྒྱལ་ཁ་ཐོབ་པའི་དུས་སྐབས་དྲན་གསོ་ཞིག་ཀྱང་ཆགས་ཡོད།

ད་ལྟའི་དངོས་ཡོད་གནས་སྟངས་ལ་གཞིགས་ན་མ་འདྲ་བ་ཅི་ཞིག་ཡོད་དམ། ང་ཚོ་ནི་རྒྱལ་ཁ་ལ་ངེས་བརྟན་མེད་པ་དང་། དམག་འཁྲུག་གིས་མཐའ་མའི་ཐག་གཅོད་བྱེད་མི་ཐུབ་པ། དྲག་ཤུགས་བྱ་འགུལ་ཡང་ནས་བསྐྱར་དུ་སྤེལ་མི་དགོས་པར་ཁག་ཐེག་བྱེད་མི་ཐུབ་པའི་དུས་རབས་ཤིག་གི་ནང་འཚོ་བཞིན་ཡོད།

ཕྱི་ལོ་ ༢༠༡༡ ལོར་དབྱིན་ཇིའི་གནམ་དམག་གི་རམ་འདེགས་འོག དབང་འཛིན་པ་གྷ་ཌ་ཧྥེ་མགོ་རྟིང་བསློགས། འོན་ཀྱང་དབྱིན་ཇིའི་དམིགས་བསལ་དྲག་དམག་ལི་བྷི་ཡའི་ནང་མུ་མཐུད་འཐབ་རྒོལ་ལ་ཞུགས་བཞིན་ཡོད་པ་དང་མཚོ་དམག་བྱང་ཨ་ཧྥི་རི་ཀའི་མཚོ་མཐར་མངགས་གཏོང་གི་འཆར་གཞི་བསྒྲིགས།

ཕྱི་ལོ་ ༢༠༠༩ ལོར་དབྱིན་ཇིའི་དམག་མི་མཐའ་མ་དེ་ཨི་རག་ནས་ཕྱིར་འཐེན་བྱས་པའི་དབང་དུ་བྱས་ཀྱང་། དེང་སྐབས་དབྱིན་ཇིའི་དྲག་ཆས་དམག་མི་ཆིག་སྟོང་ལྷག་གིས་དབུས་ཤར་ཨེ་ཤ་ཡའི་ནང་དམག་འཐབ་བྱེད་བཞིན་ཡོད་པ་དང་། དབྱིན་ཇིིའི་གནམ་དམག་གིས་ཨི་རག་ནང་ཉིན་ལྟར་འབམ་རྫས་གཡུག་གི་ཡོད། ཕྱི་ལོ་ ༢༠༡༤ ལོར་ནུབ་ཕྱོགས་པའི་འཐབ་རྒོལ་དམག་སྡེ་ཨབ་གྷན་ནས་ཕྱིར་འཐེན་བྱས་ཡོད་མོད། ཐ་ལི་བྷན་དྲག་སྤྱོད་ཚོགས་པ་བསྐྱར་ལངས་བརྒྱབས་ཏེ་ཁོ་ཚོ་རྗེས་སུ་སྙིག་ཕྱིར་ཨ་རིའི་དམག་མི་སྟོང་ཕྲག་ཕྱིར་ལོག་རྒྱག་དགོས་བྱུང་བ་རེད།

སྟབས་བདེའི་མཇུག་བསྡོམས་དེས་བར་འདུམ་བྱ་འགུལ་ནི་ཕམ་ཁ་ཞིག་ཡིན་པས་རྩིས་མེད་བཏང་ཡོད། རྒྱལ་ཁ་ཐོབ་རྒྱུ་ལས་ལྡོག་སྟེ་དེ་ཡིས་འཕྲལ་སེལ་ཁེ་ཕན་ཙམ་ཐོབ། དེར་བརྟེན། དེ་དག་ནི་མགོ་བཙུགས་དུས་ནས་ལེགས་གྲུབ་བྱུང་མེད།

འོན་ཀྱང་། དོན་དངོས་ནི་དེ་ལས་ཀྱང་ཐབས་རྡུགས་ཤིག་ཆགས་ཡོད། ཨི་རག་དང་། ལི་བྷི་ཡ་དང་། ཨབ་གྷ་ནི་སི་ཐན་བཅས་ཀྱི་ནང་རྒྱལ་ཁ་ཐོབ་མི་སྲིད་མོད། གནས་སྐབས་འཕྲལ་སེལ་གྱི་ཁེ་ཕན་ཙམ་ཞིག་བསྒྲུབས་ཐུབ་སྲིད། གདམ་ག་ནི་འཕྲལ་དང་ཕུགས་ཀྱི་ལེགས་བཅོས་མིན་པར་ཡུད་ཙམ་གྱི་ཁེ་ཕན་ནམ་ཁེ་ཕན་ཅི་ཡང་མེད་པ་གཉིས་ཀྱི་བར་དུ་གདམ་ག་བྱེད་རྒྱུ་དེ་རེད།

དཀའ་ངལ་ནི་མང་ཚོགས་ཀྱི་རེ་དོགས་ཏེ་ཕྱི་ལོ་ ༡༩༤༥ དྲན་ཚོར་གྱི་ཤུགས་རྐྱེན་ཡོད་པ་དེ་རེད། དེའི་ཚེ་དེའི་དུས་བདུན་ཕྲག་འགའ་ཞིག་ནང་ཨུ་རུ་སུའི་དམག་དཔུང་བྷར་ལེན་དུ་མདུན་སྐྱོད་བྱས་པ་དང་། རྡུལ་ཕྲན་མཚོན་ཆ་གཉིས་ཀྱིས་གྲོང་ཁྱེར་ཧེ་རོ་ཤི་མ་དང་ན་གཱ་ས་ཀི་ཐལ་བར་གཏོར་བརླགས་བཏང་། འཇིགས་སྐྲག་ཅན་གྱི་འབར་གས་དེ་དག་གཡུགས་རྗེས་འཛམ་གླིང་དམག་ཆེན་གཉིས་པ་ཡུ་རོབ་ནང་ཕྱི་ཟླ་ ༥ པའི་ཚེས་ ༨ དང་། ཨེ་ཤ་ཡའི་ནང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་བཅས་ལ་མཇུག་བསྒྲིལ། སྐབས་དེ་ནས་བཟུང་དུས་ནམ་ཡང་མི་ཚེ་ལ་འོད་སྣང་ཞིག་འཆར་ཐུབ་མེད།

འོན་ཀྱང་། འདས་ཟིན་པའི་ནང་ཕྱི་ལོ་ ༡༩༤༥ དང་མཚུངས་བསྡུར་བྱེད་ཆོག་པའི་རྒྱལ་ཁ་ཞིག་རྒྱལ་ཁབ་གང་ལ་ཐོབ་མྱོང་ངམ། དཔེ་མཚོན་གཅིག་རང་ནི། ཕྱི་ལོ་ ༡༩༨༢ ཟླ་ ༦ ཚེས་ ༡༤ ཉིན་ཨར་ཇེན་ཊི་ནའི་དྲག་དམག་གིས་གྲོང་ཁྱེར་པོར་ས་ཊན་ལེ་ནང་བཙན་འཛུལ་བྱས་སྟབས། ཕིལ་ཀན་ཌི་གླིང་ཕྲན་གྱི་དམག་འཁྲུག་གློ་བུར་དུ་མཇུག་བསྒྲིལ་པ་དེ་རེད།

ཕྱི་ལོ་ ༡༩༩༡ ཟླ་ ༢ ཚེས་ ༢༨ ཉིན་སཱ་དྷམ་ཧུ་སིན་གྱིས་ཁུ་ཝཱ་ཊི་ནས་དམག་འཐབ་ཕྱིར་འཐེན་བྱས་པ་ནི། ཨ་རི་ལ་རྒྱལ་ཁ་ཐོབ་པ་ལྟ་བུ་ཞིག་ཏུ་སྣང་ཡང་། དེ་ནི་ཨ་རིའི་དམག་སྤྱི་ཆེན་མོ་ནོར་མན་ཅོ་ཝར་ཀོབ་ཡིས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། ཨི་རག་གི་དབང་སྒྱུར་པས་ལོ་བཅུ་ཕྲག་རིང་དམ་དྲག་བཀའ་རྒྱ་བཏང་བ། གནམ་གྲུ་འཕུར་སྐྱོད་མི་ཆོག་པའི་ས་ཁུལ་དང་། ཉེན་ཚབས་ཆེ་བའི་རྡུལ་ཕྲན་ཚོན་ཆ་ཡོད་མེད་རྟོག་ཞིབ་བྱེད་རྒྱུ་བཅས་ལ་མགོ་འདོག་བྱེད་མགོ་བཙུགས་པ་དང་། ཕྱི་ལོ་ ༢༠༠༣ ལོར་སཱ་དྷམ་ཧུ་སིན་གྱིས་འཇིག་རྟེན་རྩ་གཏོར་གཏོང་སླད་དམག་འཁྲུག་གཤམས་པ་རེད། དེ་ནས་བཟུང་གཅིག་རྗེས་གཉིས་མཐུད་དུ་རྙོག་ཟིང་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་ཡོད།

བདེན་དོན་ནི། སྤྱིར་བཏང་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་དམག་འཁྲུག་རྒྱག་པ་གང་ཞིག་ཡིན་ཡང་མངའ་ཁོངས་དབང་བསྒྱུར་བྱེད་པར་མཐར་ཐུག་གི་རྒྱལ་ཁ་ཞེས་པ་ཞིག་ཡོད་སྲིད་མོད། དེང་གི་རྩོད་རྙོག་དག་ནི་དེ་འདྲ་ཞིག་གཏན་ནས་མིན། ང་ཚོའི་དགྲ་བོ་ནི་རྒྱལ་ཁབ་མིན་པར་ཡ་ང་སྙིང་རྗེ་མེད་པའི་ལྟ་གྲུབ་ཅིག་གིས་སྐུལ་སློང་བྱས་ཏེ། འཇབ་དམག་གི་འཐབ་རྒོལ་ལམ་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་སྡེ་དག་ཡིན་ལ། ཁོ་ཚོས་ས་ཆ་དང་མངའ་ཁོངས་ཤོར་ཡང་ཕམ་ཁ་ཁས་ལེན་མི་བྱེད་པར། ཐབས་ལམ་གཞན་གྱི་ཐོག་ནས་འཐབ་རྩོད་མཐའ་འཁྱོང་བྱེད་བཞིན་ཡོད། སཱ་དྷམ་ཧུ་སིན་གྱི་རྣམ་པ་ཅན་གྱི་ཨི་རག་རྒྱལ་ཁབ་དེ་ཐེངས་གཅིག་ལ་རྩ་གཏོར་བཏང་པར་གྲགས་ཀྱང་། དེ་ནི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་འགུལ་རྩ་འཛུགས་ཅན་ཞིག་ལ་སྤུ་མདོག་བསྒྱུར་བ་ཙམ་རེད།

འཇར་མན་དང་ཉི་ཧོང་གཉིས་དམངས་གཙོའི་ལམ་ལུགས་སྲ་བརྟན་ཞིག་ཏུ་སྐྱེད་སྲིང་བྱུང་སྟབས། ཕྱི་ལོ་ ༡༩༤༥ ལོའི་རྒྱལ་ཁ་དེ་མཐར་ཐུག་ཅིག་ཏུ་གྱུར། དབྱིན་ཇི་ལ་ཕིལ་ཀན་ཌི་གླིང་ཕྲན་གྱི་དམག་འཁྲུག་ལ་མཐར་ཐུག་གི་རྒྱལ་ཁ་ཐོབ་པ་ནི། ཕྱི་ལོ་ ༡༩༠༣ ལོར་ཨར་ཇེན་ཊི་ནའི་དྲག་ཚོགས་མགོ་རྟིང་བསློགས་སའི་ས་ཁུལ་བྷུ་ནོ་ཨ་རི་སི་ཞེས་པར་རྒྱལ་ཁ་ཐོབ་ཡོད་པ་ལས་ས་ཁུལ་གཞན་ཁག་ཏུ་རྒྱལ་ཁ་ཐོབ་མེད། དྲག་ཚོགས་སྤྱི་ཁྱབ་པས་མགོ་བཏགས་ཞུས་པ་ནི་ཨར་ཇེན་ཊི་ནའི་སྲིད་གཞུང་གིས་ཐེངས་གཉིས་པར་དབང་བསྒྱུར་བྱེད་ཆེད། དྲག་དམག་མངགས་གཏོང་མི་ཡོང་བའི་ཆེད་དུ་ཡིན། མདོར་བསྡུས་ན། མཐར་ཐུག་གི་རྒྱལ་ཁ་ཞེས་པ་དེ་ཞི་བདེ་ལྷིང་འཇགས་བརྟན་འཁེལ་བྱེད་ནུས་པའི་ཆབ་སྲིད་ཀྱི་ཞི་འགྲིག་ཐབས་ལམ་ཞིག་ལ་ཟེར།

དེང་སྐབས་ཞི་འགྲིག་དེ་ལྟ་བུ་ནི་འབྱུང་མི་སྲིད་པ་ཞིག་རེད། དཔེར་ན། ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་(ISI)དང་། གཞན་དག་ལ་མཉམ་མཐུན་ནམ་ཞི་མོལ་གྱི་དམིགས་ཡུལ་གང་ཡང་མེད། ཨི་རག་དང་། ཨབ་གྷན། ལི་བྷི་ཡ་བཅས་རྒྱལ་ཁབ་ཁག་གི་ནང་རྒྱལ་ཁབ་འདི་དག་གོང་བུ་གཅིག་ཏུ་གནས་རྒྱུར་རྒྱལ་ཁབ་དེ་དག་གི་སོ་སོའི་མི་སེར་མང་པོས་ངོས་ལེན་བྱེད་ཀྱི་མེད། བདེན་དོན་ནི་རྒྱལ་ཁབ་འདི་དག་འཛིན་སྐྱོང་བྱེད་ཐུབ་ཐབས་མེད་པ་དང་དུས་ཡུན་རིང་པོར་རྩོད་རྙོག་གི་འབྱུང་གནས་ཤིག་ཏུ་གྱུར་བ་དེ་རེད།

དེར་བརྟེན། དངོས་དོན་ནི་ང་ཚོ་དབྱིན་ཇིའི་དྲག་དམག་ཨི་རག་དང་ལི་བྷི་ཡའི་ནང་དམག་འཁྲུག་ལ་ཞུགས་བཞིན་ཡོད་པ་ནི་ཕམ་ཁའི་མཚོན་རྟགས་ཤིག་མིན་ཡང་། མཐར་ཐུག་གི་རྒྱལ་ཁ་ནི་འཁྲུལ་སྣང་ཞིག་ཡིན་པ་ཟློག་ཏུ་མེད་པའི་དུས་རབས་ཀྱི་ཆོས་ཉིད་ཅིག་ཡིན།། །།

ཌ་ཝི་ཌི་བྷ་ལར་ནི་དབྱིན་ཇིའི་གསར་ཤོག་ཉིན་རེའི་ཏར་འཕྲིན་ཞེས་པའི་ཕྱི་རྒྱལ་གྱི་གསར་འགྱུར་ཆེད་གཏོང་བ་གཙོ་བོ་དང་། དཔལ་འབྱོར་དུས་བབ་ཀྱི་གསར་འགྱུར་ཆེད་གཏོང་བ། དེ་བཞིན། སྲིད་ཇུས་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་ཡིན།

མ་རྩོམ་གྱི་དྲ་ཐག http://www.telegraph.co.uk/news/2016/05/28/in-todays-wars-final-victory-is-no-longer-possible/

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༩ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. ཀླུ་སྒྲུབ says:
    ལོ་ 10 སྔོན།

    བསྒྱུར་རྩོམ་གནང་བར་ཐུགས་རྗེ་ཆེ། ངེད་ཚོའི་དུས་སྐབས་ཉེར་གཅིག་ནང་ཚན་རིག་གི་ཕྱིའི་དངོས་པོ་ཡར་རྒྱས་ཀྱིས་འགྲོ་བ་ཀུན་ལ་ཕན་བདེ་བསྐྲུན་ཡོད་ལ་གནོད་ཚབས་ཡང་དེ་བས་སྐྱེལ་ཡོད། དམག་ཆེན་གཉིས་པ་ནི་རྡུལ་ཕྲན་མཚོན་ཆ་ཡིས་མཇུག་བསྡོམས་རྒྱག་པའི་གནས་ཚུལ་ངོ་མ་ཞིག་རེད། འོན་ཀྱང་དུས་དེ་ནས་བཟུང་རྒྱལ་ཁབ་ཀུན་གྱིས་བསྲུང་བྱའམ་དབང་བྱ་དམིགས་ཡུལ་དུ་བཟུང་ནས་སྣ་མང་ཅན་གྱི་རྡུལ་ཕྲན་མཚོན་ཆ་གསར་བསྐྲུན་བྱེད་མགོ་བཙུགས།། ཁེ་དབང་དང་དཔལ་འབྱོར་གྱི་ཞེན་པ་ཆེ་དྲགས་ནས་སྟོབས་ཆེན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཆུང་བ་དང་སྐྱོ་བ་ཀུན་ལ་ཐུབ་ཚོད་གཏོང་སྟངས་ནི་སྔར་སྲིད་པ་ཆགས་པའི་སྐབས་ནས་བྱུང་བའི་གཏམ་རྒྱུད་དང་འདྲ་བའི་མུ་མཐུད་གནས་ཡོད། སྟོབས་ཆེན་རྒྱལ་ཁབ་ཚོས་རང་ཉིད་དབང་ཐང་ངོམས་པ་དང་ཆབས་ཅིག་དཔལ་འབྱོར་ལ་དར་འཕེལ་ཡོང་ཐབས་ནི་དམག་ཁོ་ན་རྒྱབ་ནས་རེད། དེ་ཡང་ཤན་པ་གླ་རྗེས་སྲོག་གཅོད་བྱ་བཅུག་ནས་ཉེས་པ་ཤན་པའི་ཐོག་གཡོག་པ་ལྟར། སྔར་ངོ་བོ་ཙམ་མེད་པའི་དྲག་སྤྱོད་རིང་ལུགས་ལ་དཔལ་འབྱོར་དང་མཚོན་ཆ་བསྐུར་ཏེ་བསྐུལ་འདེད་བྱས་ནས་རང་ལ་ཉེན་སྲུང་གི་གོ་སྐབས་བཙུགས། འཇིགས་བསྐུལ་གྱི་ངན་ཁག་གཡོགས་ནས་དབང་བསྒྱུར་གྱི་དམག་རྒྱབ་སྟེ་རྡོ་སྣུམ་དབོར་འདྲེན་སོགས་ལ་གང་ཐུབ་སྤྱོད་པ་དང་། ཕྱོགས་གཞན་ནས་རྒྱལ་ཁབ་ཀྱི་ལ་རྒྱ་མདུན་ལྕོག་ཏུ་བཞག་ནས་ཉེས་མེད་ཀྱི་ཚེ་སྲོག་སྐད་ཅིག་ལ་བཅོམ་ནས་དཔའ་རྒོད་ཀྱི་གླུ་དབྱངས་མིག་ཆུ་ཡིས་ལེན་པ་ནི་ཡ་མཚན་གྱི་ལྟད་མོ་ཞིག་ཅི་ལ་མིན། ད་དུང་དྲག་སྤྱོད་པ་ལ་མཚོན་ཆ་དང་དམིགས་ཡུལ་སྦྱིན་ནས་གཡོ་སྒྱུ་ལྡན་པའི་ལོག་སྤྱོད་ཀྱི་སྲིད་བྱུས་ངན་པ་འདི་སུས་ཀྱང་ངོས་འཛིན་ག་ལ་ཐུབ། དུས་ནམ་ཞིག་ལ་རྒྱལ་ཁབ་སོ་སོས་ཁེ་དབང་དང་ཡར་རྒྱས་ཀྱི་རྒྱུ་མཚན་མ་རྫོགས་པར་དེ་བར་དུ་དམག་འཐབ་ཀྱི་མཇུག་འབྲས་རྫོགས་ཐབས་མེད་པ་ནི་ཆོས་ཉིད་ཞིག་ཡིན་པ་ལ་གུས་པས་ངོས་འཛིན་བྱེད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese