མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྲུང་སྐྱོབ་བྱེད་པའི་འགན་འཁུར་སུ་ལ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་དབྱིག་གཉེན།

གཟའ་འཁོར་སྔོན་མར་སྲིད་སྐྱོང་སེང་གེ་མཆོག་གིས་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཀའ་བློན་ལ་མིང་འདོན་གནང་བ་དང་། དེ་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་ངོས་ལེན་གནང་། ཆེས་མཐོའི་ཁྲིམས་ཞིབ་ཆེ་མོའི་མདུན་ལས་འཁུར་དང་གསང་རྒྱའི་དམ་བཅའ་བཞག་སྟེ། སྲིད་སྐྱོང་གིས་ཁོང་ལ་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་བསྐུར་བ་མ་ཟད། གྲོས་ཚོགས་ནང་ཕྱི་དྲིལ་བཀའ་བློན་གྱི་མཚན་གནས་ཐོག་གྲལ་བཞུགས་གནང་ཡོད།

གློ་བུར་དྷ་རམ་ས་ལའི་གསར་འགོད་པ་ཚོས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལ་བཅའ་ཁྲིམས་དགོངས་དོན་ལོ་ན་སུམ་ཅུ་སོ་ལྔ་ཧྲིལ་པོར་ལོན་དགོས་པ་ཞེས་པའི་ཆ་རྐྱེན་དེ་ཚང་མེད་པའི་གནས་ཚུལ་ཤེས་རྟོགས་བྱུང་མཚམས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྲིད་སྐྱོང་། བཀའ་བློན་བསྟན་འཛིན་ཟླ་སྒྲོན་ལགས་བཅས་པར་དེའི་སྐོར་ལ་བཅར་འདྲི་ཞུ་རྒྱུའི་འབད་བརྩོན་བྱས་པར་བཀའ་ལན་གསལ་པོ་གནང་མཁན་གཅིག་ཀྱང་བྱུང་མེད། དེ་ནས་ཉིན་རྗེས་མར་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐུན་གཉིས་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམིགས་བསལ་དུས་ཚོད་ཞུས་ཏེ། བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཅའ་ཁྲིམས་དགོངས་དོན་བཀའ་བློན་ལ་འོས་པར་ཟླ་བ་གསུམ་གྱི་ལོ་ན་ཚང་མེད་སྟབས་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་བ་ཡིན་ཞེས་དང་། སྤྱི་འཐུས་གྲོས་ཚོགས་ལ་དབུ་བསྐོར་(གནང་བ)ཞུས་པ་གང་ཡང་མེད་ཅེས་དང་། བཀའ་བློན་གསལ་བསྒྲགས་གནང་བའི་ཉིན་སྔོན་མ་སྟེ་རེས་གཟའ་ཟླ་བའི་ཉིན་བཀའ་བློན་འོས་མི་སོ་སོར་བཀའ་འདྲི་གནང་བར་ཁོང་གིས་སྤྱི་ལོ་ ༡༩༨༡ ལོར་འཁྲུངས་པའི་སྐོར་གསུངས་པ་བཞིན་ལོ་དེ་ནས་རྩིས་ན་ལོ་ན་ ༣༥ ལོན་གྱི་ཡོད་གཤའ་ལ་ངོས་འཛིན་གནང་བ་ཡིན། ད་ཆ་ཟླ་བ་གསུམ་གྱི་ཚང་གི་མི་འདུག་པས་བཀའ་ཤག་ལྷན་རྒྱས་བཀའ་བསྡུར་གནང་ནས་ཁོང་(ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས)བཀའ་བློན་ནས་ཕྱིར་འཐེན་བྱ་རྒྱུར་བཀའ་ཤག་གིས་ཐག་གཅོད་གནང་བ་ཡིན་ཞེས་གསལ་བཤད་གནང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསལ་བཤད་དེ་མ་གནང་གོང་ཙམ་ལ་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གནད་དོན་དེ་སྲིད་སྐྱོང་གིས་གྲོས་ཚོགས་ལ་དབུ་བསྐོར་བཏང་སོང་ཞེས་དགོངས་འཆར་གསུངས་པ་དང་། དེའི་སྐོར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གྲོས་ཚོགས་ལ་གསལ་བཤད་གནང་བའི་ནང་གྲོས་ཚོགས་ནང་བཀའ་བློན་འོས་མི་བཏོན་སྟངས་དེ་དཔལ་ལྡན་སྲིད་སྐྱོང་གིས་གྲོས་ཚོགས་ལ་དབུ་བསྐོར་བཏང་བར་ངོས་འཛིན་ཞུ་ཐུབ་ཀྱི་མི་འདུག་ཀྱང་། དཔལ་ལྡན་སྲིད་སྐྱོང་གིས་ལས་དོན་གནང་ཕྱོགས་ཚགས་ཚུད་པོ་མ་བྱུང་བ་དང་འཐུས་ཤོར་སོང་བར་ངོས་འཛིན་གནང་གི་ཡོད་ཅེས་གསུངས། གྲོས་ཚོགས་ལ་དབུ་བསྐོར་བཏང་བ་ཞེས་པ་དེ་ངོས་འཛིན་གང་འདྲ་ཞིག་ལ་གནང་དགོས་སམ། གྲོས་ཚོགས་ལ་དྲང་བདེན་མ་ཡིན་པའི་གནས་ཚུལ་གསུངས་ནས་སོ་སོའི་འདོད་ཕྱོགས་དེ་བསྒྲུབ་ཐབས་བྱས་པ་དེ་གྲོས་ཚོགས་དབུ་བསྐོར་བཏང་བ་ཞིག་ལ་ངོས་འཛིན་གནང་དགོས་ཚེ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་བཀའ་བློན་གཞན་རྣམས་ཀྱི་ལོ་རྒྱུས་དང་། ལྷག་པར་རྒྱལ་དོན་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་གྲོས་ཚོགས་ལ་འབུལ་དགོས་སྐོར་གྲོས་ཚོགས་འཐུས་མི་མང་པོས་དགོངས་འཆར་གསུངས་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྔར་ལམ་བྱེད་སྲོལ་བཞིན་གནང་ཡོད་ལུགས་དང་། བཀའ་བློན་འོས་མི་ཚང་མར་བཅའ་ཁྲིམས་ནང་གསལ་བའི་འོས་ཤོས་ཆ་ཚང་ལྡན་ཡོད་ཅེས་ཡང་ཡང་གསུངས་གནང་ཡོད་པ་རེད། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལ་བཅའ་ཁྲིམས་ནང་གསལ་པའི་རང་ལོ་སུམ་ཅུ་སོ་ལྔ་ཧྲིལ་པོ་ལོན་པ་ཞེས་པ་ཚང་གི་མེད་པ་དེ་ཡང་རང་ཉིད་ཀྱིས་གསལ་པོ་མཁྱེན་དགོས་པ་དང་། མཁྱེན་པ་དེ་ཡང་བཅའ་ཁྲིམས་དགོངས་དོན་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་དེ་ཡང་མཁྱེན་རྟོགས་ཡོད་དགོས་པ་ཞིག་ཡིན།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་དབུ་བཞུགས་སར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོའི་དྲུང་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའ་ཕུལ་པའི་ནང་བཅའ་ཁྲིམས་ལ་ཡིད་ཆེས་གུས་བརྩི་ཞུ་རྒྱུའི་དམ་བཅའ་བཞག་ཡོད་པ་དང་། ཕྱོགས་མཚུངས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སྤྱི་འཐུས་དམ་འབུལ་སྐབས་བཅའ་ཁྲིམས་ལ་ཡིད་ཆེས་དང་གུས་རྩིས་ཞུ་རྒྱུའི་དམ་བཅའ་བཞག་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་ཆོག་གིས་བཀའ་བློན་འོས་མིར་འདེམས་སྒྲུག་གནང་སྐབས་བཅའ་ཁྲིམས་ནང་གསལ་པའི་འོས་ཆོས་ཚང་ཚང་ཡོད་མེད་གཟིགས་མ་ཐུབ་པ་དང་། ཡང་ན་ཐུགས་སྣང་མ་གནང་བ་བཅས་ནི་བཅའ་ཁྲིམས་ལ་གུས་བསྐུར་དང་བརྩི་བསྐུར་མ་ཞུས་པ་ཞིག་རེད། སྤྱི་འཐུས་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་གཅིག་གིས་སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་ལ་ཐུགས་སྣང་མ་གནང་བའི་དགོངས་འཆར་གསུངས་པ་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་ལོ་ཉི་ཤུ་རྒྱལ་སྤྱི་དང་རྒྱ་གར། ཨ་རི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་སློབ་སྦྱོང་གནང་ནས་འབུམ་རམས་པའི་ཕྱག་འཁྱེར་ཐོབ་པ་དེ་དོ་སྣང་ཆུང་བ་མིན་ཚུལ་འགྲེལ་བཤད་གནང་སོང་། འགྲེལ་བཤད་གནང་ཕྱོགས་ཀྱང་ཡ་རབས་བཟང་སྤྱོད་དང་དབུ་ཁྲིད་གཅིག་གིས་ལན་འདེབས་གནང་རྒྱུའི་ས་མཚམས་ལས་བརྒལ་ནས་ལུས་ཀྱི་རྣམ་འགྱུར་དང་ངག་གི་ཚིག་དོན་སོགས་ཉེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་པ་མགོ་ནས་བཤིག་གི་འདུག་ཅེས་གསུངས་པར་ཐུགས་ཁག་མི་འདུག་སྙམ།

དེ་བཞིན། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སོ་སོའི་ལོ་ན་གང་ཡིན་སོ་སོས་ལེགས་ཤོས་མཁྱེན་དགོས་ཀྱང་། གནད་དོན་དེར་ཐུགས་སྣང་མ་གནང་བ་དང་འགན་འཁུར་མ་བཞེས་པར་དེ་ནི་བཅའ་ཁྲིམས་ལ་ཐུགས་སྣང་དམན་པ་ལས་བྱུང་བ་རེད། འདས་པའི་ལོ་ལྔའི་རིང་ཁོང་སྤྱི་འཐུས་ཀྱི་འགན་འཁུར་བླངས་ཡོད་པས་བཅའ་ཁྲིམས་དང་ཁྲིམས་སྒྲིག་ལ་འགན་འཁུར་ཡོད་པའི་མི་སྣར་གྱུར་ཡོད་པ་དང་། བཀའ་བློན་འོས་མིའི་མཚན་གཞུང་གྲོས་ཚོགས་ལ་མ་ཕུལ་གོང་ལ་བཅའ་ཁྲིམས་ནང་གསལ་བའི་བཀའ་བློན་གྱི་འོས་ཆོས་རྣམས་ལྡན་ཡོད་མེད་མ་མཁྱེན་པ་དེ་ནི་འོས་གཞིར་འདོན་མཁན་དང་འོས་མིར་ངོས་ལེན་ཞུ་མཁན་གཉིས་ཀས་བཅའ་ཁྲིམས་སྲུང་སྐྱོབ་གནང་རྒྱུར་འགན་འཁུར་མ་བཞེས་པའི་མངོན་རྟགས་རེད།

ད་ལན་གྱི་གནས་ཚུལ་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་པའི་དོན་ཚན་རྣམས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་སྲིད་སྐྱོང་གིས་བཅའ་ཁྲིམས་དང་འགལ་མེད་ཕྱག་ལས་གནང་གི་མེད་པའི་དཔེ་མཚོན་གཅིག་ཡིན་པ་དང་། གནས་ཚུལ་དེ་ཉེ་བའི་བོད་མིའི་ཆབ་སྲིད་ལོ་རྒྱུས་ནང་སུས་ཀྱང་གསུབ་ཐབས་མེད་པའི་རྙོག་ཟིང་ཆེ་བའི་གནས་ཚུལ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟ། དེ་བས་ཛ་དྲག་དང་བློ་ཚབས་བྱེད་དགོས་པ་ཞིག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྲུང་སྐྱོབ་བྱེད་ཐུབ་དང་མ་ཐུབ་ཀྱི་དྲི་བ་དེ་རེད། སྤྱི་འཐུས་གྲོས་ཚོགས་ནང་བཀའ་བློན་འོས་མི་རྣམས་ངོ་སྤྲོད་གནང་སྐབས་ལོ་རྒྱུས་ངོ་སྤྲོད་གནང་སྟངས་དེ་ལམ་སྲོལ་རྙིང་པ་གཙོ་བཟུང་གནང་བ་དང་གྲོས་ཚོགས་འཐུས་མི་ཚོས་འོས་མི་ངོ་སྤྲོད་གནང་སྐབས་འོས་ཆོས་མ་ཚང་བའི་སྐོར་གླེང་སློང་གནང་མ་ཐུབ་པ་དེ་རྒྱུ་མཚན་གཅིག་ཡིན་སྲིད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནས་ཚུལ་དེའི་སྐོར་གྲོས་ཚོགས་ལ་གསལ་བཤད་གནང་རྗེས་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་དང་འགལ་བའི་ལས་དོན་གནང་བའི་ཐད་བགྲོ་གླེང་གནང་དགོས་ཀྱང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྲིད་སྐྱོང་གི་གསལ་བཤད་མ་གནང་གོང་གནས་ཚུལ་དེ་སྐོར་གླེང་ཙམ་གནང་བ་དང་། རྗེས་སུ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གླེང་ཙམ་གནང་བ་ཙམ་ལས་དེ་མིན་སྤྱི་འཐུས་སུས་ཀྱང་དེའི་སྐོར་གླེང་སློང་གནང་མཁན་བྱུང་མེད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལོ་ཚད་མ་ཚང་བའི་རྐྱེན་གྱིས་བཀའ་ཤག་ལྷན་རྒྱས་བཀའ་བསྡུར་གནང་ནས་ཁོང་བཀའ་བློན་ནས་ཕྱིར་འཐེན་གནང་བ་ཡིན་ཞེས་གསུངས་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་བློན་གང་ཞིག་འཕོ་འགྱུར་གཏོང་ཕྱོགས་ལམ་སྟོན་གསལ་པོ་གནང་ཡོད་ནའང་། བཀའ་བློན་ནས་ཕྱིར་འཐེན་ཞེས་པའི་ཐ་སྙད་དེ་བཅའ་ཁྲིམས་ཀྱི་དོན་ཚན་གང་དུའང་གསལ་མེད། དེ་བཞིན་བཀའ་བློན་འོས་གཞིར་འདོན་མཁན་སྲིད་སྐྱོང་ཡིན་པ་ལས་བཀའ་ཤག་མིན་པས་དེར་བཀའ་ཤག་ལ་བཀའ་བསྡུར་གནང་བའི་འགན་དབང་བཅའ་ཁྲིམས་ནས་བསྐུར་མེད་པས་གནང་ཕྱོགས་དེ་དག་བཅའ་ཁྲིམས་དང་མཐུན་པར་གནང་ཡོད་མེད་གྲོས་ཚོགས་ནས་དྲི་བརྩད་ངེས་པར་གནང་དགོས།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལས་དུས་སྔོན་མར་ཡང་བཀའ་བློན་དགོངས་ཞུ་དང་འབྲེལ་བའི་གནད་དོན་རྣམས་སྲིད་སྐྱོང་གི་འགན་འཁུར་མ་བཞེས་པར་རྒྱུན་དུ་བཀའ་ཤག་གི་ཐག་གཅོད་ལ་ཁག་དཀྲི་ཤ་སྟག་གནང་ཡོད། དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་བློན་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་དམ་འབུལ་གནང་བ་དེ་ཕྱིར་འཐེན་གནང་བ་ཡིན་ཞེས་ཚོགས་དྲུང་ལས་ཁུངས་བརྒྱུད་སྤྱི་འཐུས་གྲོས་ཚོགས་ལ་ཕྱག་བྲིས་གནང་བྱུང་ཞེས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གྲོས་ཚོགས་ལ་གསལ་བསྒྲགས་གནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དམ་འབུལ་ཕྱིར་འཐེན་གནང་རྒྱུའི་འགན་དབང་ཁྲིམས་སྒྲིག་གང་དུ་གསལ་ཡོད། གནས་ཚུལ་བྱུང་རིམ་དེ་དག་ལ་གཞིགས་ན་བཅའ་ཁྲིམས་ཀྱི་འབྲུ་དོན་རྣམས་ཚུལ་བཞིན་ལག་བསྟར་མི་བྱེད་མཁན་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་གྲོས་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་ཀྱིས་འགན་སྲུང་བྱེད་ཐུབ་ཀྱི་རེད་སྙམ་པའི་ཡིད་ཆེས་བྱེད་དཀའ་བར་གྱུར། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་སུས་ཀྱང་བཅའ་ཁྲིམས་སྲུང་སྐྱོབ་བྱེད་མ་ཐུབ་ན་མ་འོངས་པར་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དེ་ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་ལ་འགྱུར་རྒྱུ་མགོ་འཛུགས་ཉེན་ཡོད།

ཉིན་ཤས་གོང་སྲིད་སྐྱོང་དམ་འབུལ་མཛད་སྒོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་གནང་མཛད་པའི་མཇུག་ཏུ་ “ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་ཡོད་ན་ཁ་ལ་ཉན་དགོས་རེད། ༧རྒྱལ་བ་རིན་པོ་ཆེ་ཞེས་མདུན་དུ་ཐུག་པའི་སྐབས་ལ་དགའ་རབ་ཡིན་མདོག་མདོག་བྱས། རྒྱབ་ལོགས་ལ་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེན་བྱས། སྐྱག་རྫུན་དང་ཧམ་པ་ཏོག་ཙམ་ཏོག་ཙམ་བཤད་བསྡད་པ་ཡིན་ན་ཡག་པོ་ཡོད་མ་རེད། ཤེས་སོང་ངམ” ཞེས་བློ་ཡུལ་ལ་ཤོང་དཀའ་བའི་བཀའ་སློབ་ཤིན་ཏུ་ལྕི་བོ་ཕེབས་པ་དེ་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམས་ཀྱིས་ཚིག་ཙམ་མིན་པར་བཀའ་སློབ་ཀྱི་དགོངས་དོན་ཇི་བཞིན་མངོན་ལྐོག་རྒྱབ་མདུན་མེད་པར་དོན་ལ་ལག་ལེན་འགེལ་མ་ཐུབ་ཚེ་རིམ་བཞིན་གཞུང་དམངས་བར་ཡིད་ཆེས་ལ་དོ་ཕོག་འགྲོ་ཉེན་མི་འདུག་གམ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༨ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 7

  1. ྸཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། བཀའ་སྤྱི་ཁྲིམས་ཞིབ་ཚང་མ་བསམ་བློ་ཡག་པོ་གཏོང་རོགས་གནང།
    སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སུ་བསྟན་པ་མགོ་ནས་གཅིག་བཤིགས།
    བཀའ་བློན་བསྐོས་སྐབས་སྲིད་སྤྱི་ཁྲིམས་ཞིབ་གསུམ་ནས་བཅའ་ཁྲིམས་ལས་འགལ་སྟེ་བཀའ་བློན་བསྐོས་པར་བརྟེན་
    བསྟན་པ་མགོ་ནས་བཤིགས་པའི་ལེའུ་དེ་གཉིས་པ་ཆགས་ནི་ཧང་སངས་སོང།
    ད་གཟབ་གཟབ་གནང་རོགས་ དང་པོ་ནས་བཅའ་ཁྲིམས་ལ་ཡག་པོ་གཟིགས་
    འ་རེ་འོ་རེ། ཚགས་ཀི་ཆིགས་ཀི་ འཐམ་མེ་འཐོམས་མེ་ཧོལ་རྒྱུགས་རྕ་བ་ཉིད་ནས་མ་གནང།
    གསར་འགོད་པ་ཁྲི་རང་ལ་བསྡད་ཡོད་པ་རེད།
    གསར་འགོད་པ་ཚོ་ཡག་པོ་གཟིགས་རོགས་ སྔོན་མ་བཞིན་ཡག་པོ་ དང་དྲང་བདེན་གནང་རོགས།
    བསྟན་འཛིན་བཟང་མོས་ ཟླ་སྒྲོན་ལ་དྲི་བ་ཧོན་འཐོར་ཡག་པོ་བཏང་གནང་སོང་། བཀྲིས་བདེ་ལེགས་ཡོད།

    Reply
  2. ཁ་བ་རི་བ། says:
    ལོ་ 9 སྔོན།

    གང་ལྟར་ཡང་།ཤརགླིང་ཟླ་སྒྲོན་བདེ་སྐྱིདཆོས་དབྱིངས་ལྟ་བུར་མིན་པ་ཤོགས་།

    Reply
  3. བསྟན་འཛིན་ ཏྲི་ says:
    ལོ་ 9 སྔོན།

    དེ་དེ་བཞིན་ནོ་།

    Reply
  4. བསྟན་འཛིན says:
    ལོ་ 9 སྔོན།

    དབྱིག་གཉེན་ལགས་་བཀའ་དྲིན་ཆེ་ཡག་པོ་བྲིས་འདུག་

    Reply
  5. དཔའ་རྒོད says:
    ལོ་ 9 སྔོན།

    ཤར་གླིང་ཟླ་སྒྲོན་ལགས་ལོ་རེར་སྐྱེ་སྐར་གཏོང་གི་མེད་པ་འདྲ། སོ་སོའི་སྐྱེས་ལོ་སྐྱེས་ཚེའང་གསལ་པོ་ཤེས་ཀྱི་མིན་འདུག ཁོང་ལ་ངོ་དེབ་ནི་ཡོད་ཤས་ཆེ། དེའི་ནང་ལོ་ལྟར་སྐྱེ་སྐར་ལ་མཚམས་འདྲི་ཞུ་གསོལ་ཞིག་འདུག་གཱ།

    Reply
  6. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    ཐུབ་བསྟན་དབྱིག་གཉེན་ལགས་ཀྱིས་ཡག་པོ་བྲིས་འདུག

    ངས་ཐུབ་བསྟན་དབྱིག་གཉེན་གྱི་རྩོམ་ཡིག་འདི་བརྒྱུད་ནས་ཞུ་འདོད་བྱུང་བ་ཞིག་ནི།
    སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐུན་གཉིས་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམིགས་བསལ་དུས་ཚོད་ཞུས་ཏེ། བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཅའ་ཁྲིམས་དགོངས་དོན་བཀའ་བློན་ལ་འོས་པར་ཟླ་བ་གསུམ་གྱི་ལོ་ན་ཚང་མེད་སྟབས་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་བ་ཡིན་ཞེས་དང་། སྤྱི་འཐུས་གྲོས་ཚོགས་ལ་དབུ་བསྐོར་(གནང་བ)ཞུས་པ་གང་ཡང་མེད་ཅེས་དང་། བཀའ་བློན་གསལ་བསྒྲགས་གནང་བའི་ཉིན་སྔོན་མ་སྟེ་རེས་གཟའ་ཟླ་བའི་ཉིན་བཀའ་བློན་འོས་མི་སོ་སོར་བཀའ་འདྲི་གནང་བར་ཁོང་གིས་སྤྱི་ལོ་ ༡༩༨༡ ལོར་འཁྲུངས་པའི་སྐོར་གསུངས་པ་བཞིན་ལོ་དེ་ནས་རྩིས་ན་ལོ་ན་ ༣༥ ལོན་གྱི་ཡོད་གཤའ་ལ་ངོས་འཛིན་གནང་བ་ཡིན། ད་ཆ་ཟླ་བ་གསུམ་གྱི་ཚང་གི་མི་འདུག་པས་བཀའ་ཤག་ལྷན་རྒྱས་བཀའ་བསྡུར་གནང་ནས་ཁོང་(ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས)བཀའ་བློན་ནས་ཕྱིར་འཐེན་བྱ་རྒྱུར་བཀའ་ཤག་གིས་ཐག་གཅོད་གནང་བ་ཡིན་ཞེས་གསལ་བཤད་གནང་། ཞེས་པའི་ཚིག་འདི་ལ་གཞུག་ན་ཟླ་བ་གསུམ་དེ་ཚང་ན་བཀའ་བློན་ལ་བསྐོ་རྒྱུའི་འཆར་གཞི་བཏང་འདུག་སྙམ།

    སྲིད་སྐྱོང་མཆོག་གིས་བསམ་བློ་དེ་འདྲ་ཞིག་བཏང་ཡོད་ན་དེ་ལྟར་བསྐོ་བཞག་མི་གནང་བའི་རེ་བ་ཡོད། གལ་སྲིད་དེ་འདྲའི་མི་ཧམ་པ་ཅན་ཞིག་བསྐོས་ན་སྲིད་སྐྱོང་ཁྱེད་རང་ཡང་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་ཅེས་ཞུ་རྒྱུ།
    སྲིད་སྐྱོང་ལ་ཆེད་ཞུ།
    ཤར་གླིང་ཟླ་སྒྲོན་གྱི་ཚབ་ཏུ་ཧམ་བཤད་དང་སྐྱག་རྫུན་མི་བཤད་མཁན་ཞིག་བསྐོ་བཞག་གནང་རྒྱུའི་རེ་སྐུལ་ཞུ།

    རྒྱུ་མཚན་ནི། ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་བཅའ་ཁྲིམས་ནང་གསལ་པའི་རང་ལོ་སུམ་ཅུ་སོ་ལྔ་ཧྲིལ་པོ་ལོན་པ་ཞེས་པ་ཚང་གི་མེད་པ་དེ་ཡང་རང་ཉིད་ཀྱིས་གསལ་པོ་ཤེས་ཀྱི་ཡོད་པ་བཤད་མི་དགོས་པ་ཞིག་རེད། རྣམ་དཔྱོད་དང་སློབ་སྦྱོང་གི་གནས་རིམ་མཐོན་པོ་ཡོད་པ་འབུམ་རམས་པ་འདོན་བཞིན་པའི་མི་སྣ་དེ་འདྲ་ཞིག་གིས་བཅའ་ཁྲིམས་དགོངས་དོན་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་དེ་ཡང་ཤེས་རྟོགས་བྱུང་མེད་པར་འདོད་ན་དེ་སྐྱག་རྫུན་རེད། མོའི་རང་ཉིད་ལ་འོས་ཆོས་ཚང་མིན་ཤེས་བཞིན་དུ་འོས་ཆོས་ཚང་མདོག་མདོག་གིས་ཧམ་པ་ཚད་པ་དེ་འདྲེ་གཟུགས་ཕྱི་རུ་ཐོན་པ་རེད།
    ང་ཚོའི་འཛིན་སྐྱོང་གི་འགོ་ཁྲིད་ལ་གོ་གནས་ཀྱི་རྐུབ་སྟེགས་ཆེད་དུ་ཧམ་བཤད་དང་སྐྱག་རྫུན་བཤད་མཁན་གྱི་རིགས་མི་དགོས་པ་ཞིག་རེད།

    Reply
  7. རང་བཙན་བུ། says:
    ལོ་ 9 སྔོན།

    སྤྱི་ཚོགས་དཔྱད་དཔྱོད་ལ་ངོ་སོ་ཡོད་པ་རྩོམ་པ་པོ་ཐུབ་བསྟན་དབྱིག་གནེན་ལགས་ཡུན་རིང་རྗེས་མཇལ་བར་འཚམས་འདྲི་ཞུ། ད་ལོ་གྲོས་ཚོགས་གསར་པ་དང་བཀའ་ཤག་གསར་པ་གཉིས་གཉེན་ཚན་བསྒྲིགས། ལོ་ཚད་མ་ལོན་གོང་ནས་ཤར་གླིང་ཟླ་སྒྲོན་སྤྱི་འཐུས་ནས་བཀའ་བློན་དུ་གནའ་མར་སྤྲད། འདི་ལྟར་གཉེན་གྱི་རྡོ་རིང་བཙུགས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese