མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སྐྱེས་པའི་ཁམས་དཀར་སློང་མོ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱ་ནག་གི་མི་རབས་རྒན་པ་རྫོགས་པ་དང་མི་རབས་གསར་བ་གསོ་སྐྱོང་གི་དཀའ་ངལ་འོག་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྐྱེས་པའི་ཁམས་དཀར་སློང་མོང་རྒྱག་གི་ཡོད་འདུག

e05eb3ba-f237-11e5-afc2-34388e719e9d_1280x720

དེ་རིང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཤིག་བཀྲམས་ཏེ། རྒྱ་ནག་ནང་གི་རང་ལོ་ ༢༠ ནས་ ༤༥ བར་གྱི་སྐྱེས་པ་ཚོས་སྲིད་གཞུང་ལ་ཁམས་དཀར་གྱི་ཞལ་འདེབས་སྤྲད་དེ། རྒྱ་ནག་ནང་མི་རབས་རྒན་པ་རྫོགས་ཏེ་མི་རབས་གསར་བ་གསོ་སྐྱོང་གི་དཀའ་ཁག་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

རྒྱ་ནག་ནང་མི་རབས་རྒན་པ་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་གསར་བ་གསོ་སྐྱོང་ཉུང་བའི་དཀའ་ཁག་གི་རྐྱེན་པས། ཉེ་ལམ་རྒྱ་ནག་གཞུང་གིས་ཁྱོ་ཤུག་གཅིག་གིས་བྱིས་པ་གཉིས་བཙས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། སྐྱེས་པའི་ཁམས་དཀར་གསོག་ཉར་གྱི་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། ཉེ་ལམ་ནས་སྐྱེས་པའི་ཁམས་དཀར་སྤྲོད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོར་སེམས་ཁྲལ་འཕར་མ་ཞིག་ཡོང་གི་ཡོད་འདུག

རྒྱ་ནག་ནང་གི་ཆབ་སྲིད་དང་རིག་གཞུང་གི་གནད་དོན་སྣ་ཚོགས་འོག རྒྱ་ནག་གི་ཁམས་དཀར་གསོག་ཉར་དངུལ་ཁང་ཁག་ཏུ་སྐྱེས་པའི་ཁམས་དཀར་སྤྲོད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གནད་དོན་དེའི་ཐད་ཞིབ་འཇུག་བྱས་པ་ལྟར་ན། དེ་སྔ་རང་འགུལ་ཐོག་སྐྱེས་པའི་ཁམས་དཀར་ཞལ་འདེབས་སྤྲོད་མཁན་ཡོད་ཀྱང་། བར་ལམ་ཞིག་ནས་སྐྱེས་པ་ཕྱེད་ཙམ་གྱིས་སོ་སོའི་ཁམས་དཀར་ཞལ་འདེབས་སུ་སྤྲོད་རྒྱུ་མཚམས་བཞག་ཡོད་སྟབས། པེ་ཅིན་གཞུང་གི་སྐྱེས་པའི་ཁམས་དཀར་གསོག་ཉར་དངུལ་ཁང་གིས་ “ཁམས་དཀར་གྱི་ཞལ་འདེབས་དང་ཟུངས་ཁྲག་གི་ཞལ་འདེབས་གཅིག་པ་རེད། དེ་ཚང་མ་ང་ཚོའི་སྤྱ་ཚོགས་ཀྱི་ཞབས་ཞུ་རེད” ཅེས་དང་། “ཁྱེད་ཀྱིས་རྒྱ་ནག་གི་མི་རབས་རྒན་པ་ཚོ་རྫོགས་པ་དང་མི་རབས་གསར་བ་གསོ་སྐྱོང་གི་དཀའ་ཁག་ལ་སྙིང་རྗེ་གཟིགས་རོགས” ཞེས་པ་སོགས་ཀྱི་གསལ་བརྡ་བཀྲམས་ཏེ། རྒྱ་རིགས་ཚོར་རྒྱལ་ཞེན་སྐུལ་སློང་བྱས་ཏེ་སྐྱེས་པའི་ཁམས་དཀར་སློང་མོང་བྱེད་ཀྱིན་ཡོད་འདུག

དེང་སྐབས་རྒྱ་ནག་ནང་སྐྱེས་པའི་ཁམས་དཀར་ཞལ་འདེབས་སྤྲོད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་རྒྱུ་མཚན་གཉིས་ཡོད་པ་ནི། གཅིག་ནས་རྒྱ་ནག་གི་སྲོལ་རྒྱུན་གསོ་རིག་ཁྲོད་དུ་སྐྱེས་པ་ཁམས་དཀར་མང་པོ་ཡོད་མཁན་ཚོར་བྱིས་པ་བཟོ་བའི་ནུས་ཤུགས་ཆེན་པོ་ཡོད་པའི་བཤད་སྲོལ་ཡོད་སྟབས། རྒྱ་རིགས་སྐྱེས་པ་ཚོས་སོ་སོའི་ཁམས་དཀར་ཞལ་འདེབས་སུ་སྤྲོད་འདོད་མེད་པ་དང་། གཉིས་ནས་རྒྱ་རིགས་ཁྱིམ་ཚང་མང་པོ་ཞིག་གིས་འབྲེལ་མེད་སྐྱེས་པ་གཞན་གྱི་ཁམས་དཀར་ཉོས་ནས་བུད་མེད་ཚོར་མངལ་སྦྲུམ་དུ་འཇུག་པ་ནི་རུས་རྒྱུད་བརྗེ་བསྒྱུར་ཆགས་ཀྱི་ཡོད་སྟབས། དེ་ནི་ཁུང་ཙིའི་རིག་གནས་རིན་ཐང་དང་འགལ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese