མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་སྒང་དབུ་བརྙས་པའི་དུས་དྲན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་དྷ་རམ་ས་ལའི་ལྷ་རྒྱ་རིར་མདོ་ཁམས་ཆུ་སྒང་དང་གཙུག་ལག་ཁང་གི་རྡོ་རིང་མདུན་དུ་མདོ་སྟོད་ཆུ་སྒང་བཅས་ནས་དུས་མཉམ་དུ་ཆུ་སྒང་བསྟན་སྲུང་དང་བླངས་དམག་སྒར་ཚུགས་ཏེ་ལོ་ ༥༨ འཁོར་བའི་དུས་དྲན་སྲུང་གཙི་ཞུས།

tibettimes(1)

དེ་རིང་ཞོགས་པའི་ཆུ་ཚོད་ ༧།༣༠ སྟེང་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མ་བཙུགས་ཏེ་མི་ལོ་ཧྲིལ་བོ་ ༥༨ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཐུབ་བསྟན་རྒྱལ་མཚན་ལགས་དང་། དྷ་སར་གནས་བཞུགས་སྤྱི་འཐུས་ཁག་ཅིག་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་དྷ་ས་མདོ་ཁམས་ཆུ་སྒང་ས་གནས་ཚོགས་གཙོ་ངག་དབང་ཐར་བ་ལགས་ཀྱིས། ལྡི་ལིར་བརྟན་གཞི་བྱེད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོག་སྦྱངས་གནང་དོན། དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ཧྲིལ་བོ་ ༥༨ འཁོར་བའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན། དུས་ཚེས་འདིར་ཆེས་ཐོག་མར་གུས་འདུད་དང་དྲན་གསོ་ཞུ་དགོས་པ་ཞིག་ནི། ཕྱི་ལོ་ ༡༩༤༩ ལོ་ནས་ད་ལྟའི་བར་བོད་རྒྱལ་ཁབ་ཆེན་མོའི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་རྩ་ཆེན་དགྲ་བོའི་རྫས་མདེལ་གྱི་སོ་ཁར་བཞག་སྟེ་ཡོད་ཚད་བློས་བཏང་སྟེ་སྐུ་བཤེགས་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་གཙོས་པའི་དཔའ་རྒོལ་དམ་པ་ཚོ་དང་། ད་ལྟ་ཞལ་བཞུགས་རྒྱལ་གཅེས་བུ་རྒོད་ཚོའི་རླབས་ཆེན་གྱི་སྙིང་སྟོབས་དང་འཇིག་ཞུམ་མེད་པའི་བློས་གཏོང་དག་ཡིན་ལ། ཁོང་ཅག་ལ་ཡིད་གདུང་བའི་མྱ་ངན་ཚད་མེད་དང་བཅས་ཤུལ་ལུས་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།

tibettimes(2)སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ས་སྐྱའི་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ཀྱི་གསུང་སྒྲོག་འདོན་བྱས་པའི་ནང་། དེ་རིང་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་ཅན་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཆོལ་གསུམ་ཁྱོན་ཡོངས་ནས་རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་བོད་མི་རྣམས་ཀྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༨ འཁོར་བའི་དུས་དྲན་ཐེངས་ ༥༧ ཆགས་ཡོད་སྐོར་བཀོད་འདུག

གསུང་བཤད་ནང་འཁོད་དོན། “བར་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལས་རིམ་ནང་། བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་བའི་ནང་ཁུལ་འཐེན་རྩོད་ཀྱི་རིགས་གང་འཚམ་བྱ་ཐལ་གྱུར་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ངམ་ཐུགས་དམ་སད་རྐྱེན་བྱུང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བཀའ་སློབ་ལམ་སྟོན་ཇི་ཕེབས་ཀུན་གྱིས་མཁྱེན་གསལ་ལྟར། ཚང་མས་གཡས་ཁག་གཡོན་དཀྲི་མེད་པ་ཆོལ་གསུམ་བོད་མི་རྣམས་མཐུན་ལམ་དམ་ཚིག་གཟང་ཁ་གཅིག་སྒྲིལ་མཉམ་རུབ་ཏུ་གནང་དགོས་པ་ཤིན་ཏུ་གལ་ཆེར་བརྟེན་ད་རེས་འདི་ཐོག་ནས་འབོད་སྐུལ་ནན་ཏནན་ཞུ་རྒྱུ་ཡིན།” ཞེས་སོགས་འཁོད་འདུག

tibettimes(3)གཞན། ཐེག་ཆེན་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། དྷ་རམ་ས་ལར་བརྟན་གཞི་བྱེད་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ངོས་ནས་ཆུ་སྒང་བསྟན་སྲུང་དང་བླངས་དམག་སྒར་དབུ་བརྙེས་ཏེ་མི་ལོ་ཧྲིལ་བོ་ ༥༨ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཐུབ་བསྟན་ལེགས་བཤད་ལགས་ཀྱིས་ཆུ་སྒང་བསྟན་སྲུང་དམག་སྒར་གྱི་བྱུང་རབས་ལོ་རྒྱུས་དང་འབྲེལ་ཏེ། དེ་རིང་ང་ཚོས་འདིར་རྗེས་དྲན་ཞུ་རྒྱུ་གཙོ་བོ་སྤྱི་ཁྱབ་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུས་པའི་ཆུ་སྒང་དཔའ་བོ་འདས་གསོན་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་ཞུ་རྒྱུ་ཡིན་ལ། སྤྱི་ཁྱབ་དམག་སྤྱི་ཨ་འབྲུག་སྦྱིན་བདག་མཆོག་གིས་བསྟན་སྲུང་དང་བླངས་དམག་སྒར་གསར་བཙུགས་ཇི་ལྟར་གནང་བའི་བརྒྱུད་རིམ་ནང་དམ་པ་ཁོང་གིས་དབུས་པའི་དཔའ་བོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལེགས་པར་མཚོན་ཐུབ་པ་མ་ཟད། མ་འོངས་པའི་མི་རབས་གསར་པ་རྣམས་མདུན་སྐྱོད་ཀྱི་ཐབས་ལམ་མང་དག་ཅིག་བསྟན་ཡོད། ཅེས་བརྗོད་སོང་།

མདོ་ཁམས་ཆུ་སྒང་ཚོགས་གཙོ་ངག་དབང་ཐར་བ་ལགས་ཀྱིས་དེ་རིང་གི་མཛད་སྒོ་དང་བསྟུན་ཏེ། མདོ་ཁམས་ཆུ་སྒང་གི་ས་གནས་དབུས་རྒྱུན་གསར་འདེམས་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

སྐར་མ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢

མཆན། 1

  1. ྸཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅།།་ལོ་ལྟར་མཛད་སྒོ་འདྲ་ཚོགས་ནས་སྔ་བར་ཕྱི་གསུམ་གྱི་སྐོར་ལ་གཏམ་བཤད་གཅིག་པ་ཤ་སྟག་བཤད་པ་ལས་གཞན་བོད་རྒྱལ་ཁབ་ལ་ཕན་ངེས་ཀྱི་ལས་འགུལ་གང་ཡང་སྤེལ་མི་ཐུབ་པ་ནི་སེམས་སྐྱོ།
    སྐད་ཆ་གཅིག་པ་གཅིག་ཀྱང་བཤད། ཚོགས་མི་ཆོར་ཕར་ཚུར་བསྟོད་བསྔགས་འདྲ་བཏང། ཁ་བཏགས་འདྲ་ཕར་གཡོགས་ཚུར་གཡོགས་པ་ཅི་ཡིན་ཨ་རོག། མདོ་ཁམས་ཆུ་སྒང་གི་ཤུགས་འདི་ལས་མེད་པ་རེད་པས། གཞོན་སྐྱེས་ཚོའི་གང་ཡང་འཇོན་གྱི་མེད་པ་ནི་རྒན་གྲས་རྣམས་ནས་གཞོན་སྐྱེས་ཚོ་ནས་གཅིག་བྱེད་ཀྱི་རེད་བསམས་ནས་གནམ་ཆུ་བཞིན་སྒུག་བསྡད་པ་
    རེ་འབྲས་སོན་པ་ཉིན་གྱི་མཁའི་སྐར་མ་རེད་འདུག་ བཤད་མ་བཤད་ཅང་མི་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese