མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུལ་གྲོང་མི་མང་གི་སྡོད་ཁང་བཙན་གྱིས་གཏོར།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལ་གྲོང་སྡེའི་ཉེན་རྟོག་པས་དྷ་ཤོད་དབུལ་གྲོང་མི་མང་གི་སྡོད་ཁང་གཏོར་ཏེ་དབུལ་ཁྱིམ་ ༣༠༠ ལྷག་གནས་ངེས་མེད་དུ་གྱུར་ཏེ་སློང་མོ་བརྒྱབ་ནས་བསྡད་འདུག

dharamsala-slum-demolition-9 ཁ་སང་ཧི་མ་ཅལ་ལྟ་ཞིབ་ (himachalwatcher) ཅེས་གསར་ལམ་དུ་གནས་ཚུལ་སྤེལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་ ༢༠ བར་དྷ་རམ་ས་ལ་གྲོང་སྡེ་ལྷན་ཚོགས་ཀྱི་ (MCD) བཀའ་ཁྱབ་འོག ས་གནས་ཉེན་རྟོགས་པས་བརྡ་ཁྱབ་དང་འགྲེལ་བརྗོད་ཅི་ཡང་མེད་པར་བཙན་དབང་གིས་དྷ་ཤོད་ཀྱི་ཆ་རན་ཀ་ཌི་ (Charan Khad) ཞེས་པའི་དབུལ་གྲོང་གི་སྡོད་ཁང་ཚང་མ་རྩ་གཏོར་བཏང་སྟེ། ད་སྐབས་དབུལ་གྲོང་དེའི་ཁྱིམ་ཚང་ ༣༠༠ ལྷག་ལ་སྡོད་གནས་མེད་པར་དྷ་ཤོད་སེ་ཌ་པུར་ (Sidhpura) གཞུང་ལམ་འགྲམ་བརྒྱུད་དུ་ཉིན་ཞག་ ༦ རིང་ཆར་ཞོད་ཁྲོད་དུ་ལྷག་ཡོད་པ་དང་། ཆ་རན་ཀ་ཌི་ཞེས་པའི་དབུལ་གྲོང་དེ་དྷ་ཤོད་སེ་ཌ་པུར་གཞུང་ལམ་འགྲམ་དུ་ཆགས་ཏེ་མི་ལོ་ ༣༠ ལྷག་ཕྱིན་ཡོད་པ་དང་དབུལ་གྲོང་དེའི་ནང་དབུལ་ཁྱིམ་ ༣༠༠ ལྷག་འཚོ་སྡོད་བྱས་ཡོད་འདུག

དྷ་ཤོད་པ་ལམ་པུར་ (Palampur) གྲོང་སྡེ་ནས་ཡིན་པའི་དབུལ་སྐྱོབ་ལས་འགུལ་བ་ཞིག་གིས། ཕྱི་ཚེས་ ༢༠ ཉིན་ང་ཚོས་ཆ་རན་ཀ་ཌི་དབུལ་གྲོང་གཏོར་རྩིས་ཡོད་པའི་གནས་ཚུལ་དེ་དབུལ་ཕོངས་མི་མང་ལ་བཤད་རྩིས་བྱེད་སྐབས། ཉེན་རྟོག་པས་ང་ཚོར་བཙན་ཤུགས་བཏང་སྟེ། གལ་ཏེ་ང་ཚོས་གནས་ཚུལ་དེ་དབུལ་གྲོང་མི་མང་ལ་བཤད་ཚེ། ང་ཚོ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་གཏོང་གིན་འདུག ང་ཚོར་རྒྱུ་མཚན་གནས་ལུགས་ཅི་ཡང་མེད་པར་ས་གནས་དེ་ནས་ཕྱིར་ཕུད་བཏང་སོང་། ཞེས་བརྗོད་འདུག

ཆ་རན་ཀ་ཌི་དབུལ་གྲོང་དེའི་གྲོང་མི་ར་རྗ་པེ་ (Raju bai) ཟེར་བ་ཞིག་གིས་དྷ་རམ་ས་ལ་གྲོང་སྡེ་ལྷན་ཚོགས་ནས་ང་ཚོར་སྡོད་ཁང་མེད་པ་དང་། ཁོར་ཡུག་གཙང་སྦྲ་མེད་པ། འཐུང་ཆུ་དཀོན་པའི་གྲོང་ཚོ་ཞིག་བསྟན་ཏེ་ང་ཚོ་དེ་གར་སྡོད་དགོས་སྐོར་བརྗོད་སོང་ཡང་།  ང་ཚོ་གྲོང་ཚོ་དེ་གར་འགྲོ་དུས། ས་གནས་དེའི་མི་མང་གིས་ང་ཚོ་ཕྱིར་ཕུད་བཏང་སོང་། གལ་ཏེ་ང་ཚོས་གྲོང་ཚོ་དེའི་ནང་སྡོད་གནས་བཟུང་ཡང་། ས་གནས་དེའི་མི་མང་གིས་ང་ཚོ་དེ་གར་སྡོད་མི་འཇུག་པ་གསལ་བོ་རེད། ཅེས་བརྗོད་འདུག

dharamsala-slum-demolitionགནས་ཚུལ་ལྟར་ན། ཆ་རན་ཀ་ཌི་དབུལ་གྲོང་གི་ཁྱིམ་ཚང་མང་ཆེ་བ་ར་རྗ་སི་ལྡན་ (Rajasthan) དང་མ་ཧ་ར་ཤཱ་ཊི་ར་ (Maharashtra) མངའ་སྡེ་གཉིས་ནས་ཡིན་ཞིང་། རྒྱ་གར་བའི་རིགས་རྒྱུད་གྲལ་རིམ་ཁྲོད་ནས་རིགས་རུས་དམན་པ་ (Scheduled Castes) རྩི་ཡི་ཡོད་པ་དང་། དྷ་རམ་ས་ལ་གྲོང་སྡེ་ལྷན་ཚོགས་ནས་རྒྱ་གར་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཆ་རན་ཀ་ཌི་དབུལ་གྲོང་གི་ཡུལ་མི་ཚོས་ས་གནས་གཞན་དུ་འཚོ་སྡོད་བྱས་ཡོད་ལུགས་རྫུན་གཏམ་བཤད་ཅིང་། འདས་པའི་མི་ལོ་ ༣༠ ལྷག་རིང་དབུལ་གྲོང་དེའི་ཡུལ་མི་མང་ཆེ་བས་སྲང་ལམ་ཁག་ཏུ་ཐང་ཁྲོམ་སྟོན་པ་དང་གད་སྙིགས་བསྡུ་རུབ་ཀྱི་ཡོང་སྒོ་ལ་བརྟེན་ནས་ཉིན་རེའི་འཚོ་བ་སྐྱེལ་བཞིན་ཡོད་ནའང་། ད་སྐབས་ཁོ་ཚོར་སྡོད་གནས་དང་འགྲོ་གནས་གང་ཡང་མེད་པར་དྷ་ཤོད་སེ་ཌ་པུར་གཞུང་ལམ་བརྒྱུད་དུ་བསྡད་དེ། ཟ་མ་སོགས་སློང་མོ་བྱེད་བཞིན་ཡོད་འདུག

དྷ་རམ་ས་ལ་གྲོང་སྡེ་ལྷན་ཚོགས་ནས་དབུལ་གྲོང་དེའི་ཡུལ་མི་ཕྱིར་ཕུད་དང་ཁོ་ཚོའི་སྡོད་ཁང་གཏོར་བའི་ལས་གཞི་དེ་ཟླ་གསུམ་གྱི་སྔོན་ནས་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་། ཁོ་ཚོས་དབུལ་གྲོང་གི་ཡུལ་མི་ཚོར་དྷ་ས་ཁུལ་གྱི་གྷམ་རུ་ (Gamru) དང་པ་སུ་ (Passu)། ས་ར་ (Sarra) ཞེས་པའི་གྲོང་ཚོ་ཁག་ཅིག་བསྟན་ཏེ། གྲོང་ཚོ་དེ་དག་ནང་གནས་སྤོར་དགོས་ལུགས་བཤད་ཡོད་ཀྱང་། ས་གནས་དེ་དག་གི་མི་མང་གིས་ཁོང་ཚོ་སྡོད་དུ་བཅུག་མེད་པ་རེད།

དབུལ་གྲོང་དེའི་བྱིས་པ་དང་ན་གཞོན་མང་པོ་གྲྭ་བློ་བཟང་འཇམ་དབྱངས་ཀྱིས་ཆེད་འཛུགས་གནང་བའི་གཏོང་ལེན་དགེ་རྩ་ཚོགས་པའི་ནང་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཁྱོན་བྱིས་པ་ ༡༡༥ རྒྱ་གར་གཞུང་འབྲེལ་དང་སྒེར་བཙུགས་སློབ་གྲྭ་ཁག་ནང་སློབ་གཉེར་བྱེད་མུས་ཡིན་ནའང་། དབུལ་གྲོང་དེ་ཉེན་རྟོག་པས་བཙན་གཏོར་བྱས་ཡོད་པ་དང་། ད་སྔ་དྷ་རམ་ས་ལ་གྲོང་སྡེ་ལྷན་ཚོགས་ནས་དབུལ་གྲོང་དེ་གཏོར་བའི་དགོས་དམིགས་གསལ་བཤད་ཅི་ཡང་བྱས་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese