མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་གྱིས་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་གཙི་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་གཙིའི་ཐོག་རྒྱ་གཞུང་གིས་བོད་མིའི་ལུས་སེམས་གཉིས་ལ་མནར་གཅོད་ཧ་ལས་བ་གཏོང་བཞིན་ཡོད་པའི་དཔང་རྟགས་རྣམས་བཙན་བྱོལ་གཞུང་མང་གཉིས་ནས་བེད་སྤྱོད་ལེགས་པོ་གཏོང་ཐུབ་དགོས་སྐོར་བརྗོད་སོང་།

DSC_0826དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༤༠ ཙམ་ལ་དྷ་ས་མེག་གྷན་(Club house)ཚོགས་ཁང་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་གཙི་བྱས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་དབུས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཨ་མ་ཨ་བདེ་ལགས་སོགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་པ་ཁག་ཅིག་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་རྣམ་པ་གཉིས་ཀྱིས་གཙོས་ཚོགས་མི་སོགས་མི་གྲངས་ ༡༠༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལགས་ནས་ཚོགས་པས་བསྐྱར་བཟོ་བྱས་པའི་དྲ་རྒྱ་ (www.guchusum.in)དང་། ལོ་འཁོར་སྙན་ཐོ་དུས་དེབ་ཞིག་བཅས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་གཏན་འབེབས་སྲུང་གཙི་བྱས་པའི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ། དགུ་བཅུ་གསུམ་ཚོགས་པའི་ངོས་ནས་ཉིན་མོ་འདི་སྲུང་གཙི་བྱེད་དགོས་དོན་སྐོར་བརྗོད་སྐབས། དགུ་བཅུ་གསུམ་ལྟ་བུ་ཡིན་ན་ཉིན་མོ་འདི་སྲུང་གཙི་བྱེད་དགོས་པའི་འགན་གཙོ་བོ་ཡོད་པ་ཞིག་ཆགས་བསྡད་ཡོད་སྟབས། ཚོགས་པ་བཙུགས་ནས་ད་ལྟའི་བར་དུ་དེའི་ཁྱབ་ཁོངས་ལ་མཉམ་ཞུགས་བྱས་ཏེ། ཇེ་ནི་ཝ་དང་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་དེ་འདྲར་ལོ་རེ་བཞིན་ལས་འགུལ་ག་རེ་སྤེལ་དགོས་མིན་ཐད་འབྲེལ་བ་བྱེད་ཀྱི་ཡོད་པ་དང་། ད་རེས་ཀྱི་ཚོགས་པའི་བསྒྲགས་གཏམ་དེའང་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་ཚོགས་ཀྱི་གཞུང་ཚབ་ཁང་གི་མནར་གཅོད་འགོག་ཐབས་ཀྱི་སྡེ་ཚན་ལ་དངོས་སུ་འབུལ་རྒྱུ་ཡིན་སྐོར་དང་། ལས་འགུལ་འདིའི་གལ་ཆེ་ཤོས་ནི་མནར་གཅོད་མྱོང་མཁན་གྱི་མི་མང་ལ་སེམས་ཤུགས་མ་ཆགས་དང་། རྒྱལ་སྤྱིའི་ཐོག་གི་དྲང་བདེན་དང་བློ་གཟུ་བོར་གནས་པའི་མི་མང་པོ་ཞིག་ང་ཚོའི་རྒྱབ་རྩར་ཡོད་པ་རེད་ཅེས་བརྗོད་པའི་ཆེད་དུ་ཡིན་པ་དང་། དེ་བཞིན་མནར་གཅོད་མྱོང་མཁན་ཞིག་གིས་མྱངས་ཚར་བ་རེད། དེ་ནས་བཟུང་སྟེ་ཚར་བ་རེད་ཟེར་བ་དེ་འདྲ་མ་ཡིན་པའི་ཐོག་ནས་མནར་གཅོད་དེ་འཛམ་གླིང་གི་ཐོག་སྟོབས་ཤུགས་ཤིག་དང་སེམས་ཤུགས་ཤིག་ལ་བསྒྱུར་ཆེད་མུ་མཐུད་དུ་དེའི་ནང་ལ་མཉམ་ཞུགས་བྱས་ཏེ། ཉེས་རྡུང་ཞེ་དྲགས་བཏང་རྗེས་སེམས་ཤུགས་མ་ཆགས་པར་མུ་མཐུད་ལས་འགུལ་སྤེལ་མཁན་བཙོན་ཟུར་རྣམས་ལ་གཟིགས་གསོལ་སྤྲོད་རྒྱུ་དང་། ཁྲིམས་མེད་ལུགས་མེད་ཀྱི་ལས་ཀ་བྱེད་མཁན་ཚོར་ཁྲིམས་བཤེར་དང་གཏུག་བཤེར་བྱེད་དགོས་པའི་ཉིན་མོ་ཞིག་ཆགས་ཡོད་སྐོར་དང་། དེ་རིང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཐོག་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད་སྟབས། ཉིན་མོ་འདི་གཞུང་འབྲེལ་གྱིས་ཐོག་ནས་སྲུང་གཙི་བྱེད་དགོས་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་སོང་།

DSC_0831སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་རིང་འདིར་མི་མང་པོ་འཛོམས་ཡོད་ན་འདྲ། ཉུང་ཉུང་འཛོམས་ཡོད་ནའང་འདྲ་གང་ལྟར་ང་རང་ཚོའི་བརྒྱུད་ལམ་ཁག་ཚང་མ་འདིར་ཕེབས་བསྡད་ཡོད་པ་རེད། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་དེ་རིང་འདིར་ཆབ་སྲིད་བཙོན་ཟུར་ཡིན་ན་འདྲ། བཙོན་ཟུར་མ་ཡིན་པའི་དཀའ་ངལ་འཕྲད་མཁན་ཡིན་ནའང་འདྲ། ཕྱོགས་གཅིག་ནས་ང་ཚོ་ཚང་མ་འུར་ཞིག་བརྒྱབ་པའི་གནས་སྐབས་སུ་ཚང་མར་ཟིང་འདྲ་པོ་མཉམ་དུ་ལངས་ཡོང་བ་དང་། ནམ་རྒྱུན་ཚང་མ་ཏོག་ཙམ་ལྷོད་ལྷོད་འདྲ་ཆགས་བསྡད་མེད་འགྲོ་བསམ་པའི་ཚོར་སྣང་དེ་ང་ལ་ག་དུས་ཡིན་ནའང་ཡོང་གི་འདུག་ལ། གཞུང་མང་གཉིས་ཀར་ང་ལ་བསམ་ཚུལ་དེ་ཡོད། ང་ཚོས་ལས་འགུལ་སྤེལ་ཏེ་མི་མང་རྒྱུག་ནས་ཕན་ག་ཚོད་ཐོགས་ཀྱི་ཡོད་མེད་མི་ཤེས་ཏེ་དེ་འདྲ་ཡོད་བསྡད་པ་ཡིན་ན། འཛམ་བུ་གླིང་འདིའི་ཐོག་ནས་དོ་སྣང་མི་འདྲ་བ་དང་མི་མ་འདྲ་བ་དེ་འདྲ་ཡོང་གི་འདུག་གཱ། ང་ཚོ་བོད་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་མཁན་དབྱིན་ཇིའི་ཐོག་ནས་ཡིན་ན་རེད། རྒྱ་ཡིག་གི་ཐོག་ནས་ཡིན་ནའང་རེད་དེབ་འདྲ་མི་འདྲ་ཐོན་གྱི་འདུག དེ་ཚོའི་ནང་ལྟ་བ་ཡིན་ན་ང་ཚོས་གནས་ཚུལ་ཆུང་ཆུང་དེ་འདྲར་ངོས་འཛིན་བྱས་པ་དེ་ཚོ་ཁོ་ཚོས་ཆེན་པོ་བྱས་ཏེ། མི་གཅིག་གིས་དེ་འདྲ་བྱས་པ་རེད་ཟེར་བ་འདྲ་པོ་ཡོང་གི་འདུག་གཱ། དེ་ཚོར་དུས་རྒྱུན་དུ་ཐུགས་སྣང་གནང་དགོས་པ་དང་། དེ་བཞིན་རྒན་པ་ཚོས་དམིགས་བསལ་གྱིས་སོ་སོའི་བུ་ཕྲུག་ཚ་རྒྱུད་དང་བཅས་པར་སོ་སོའི་ལོ་རྒྱུས་དང་གནས་སྟངས་དེ་ཚོ་ངོ་སྤྲོད་བྱེད་དགོས་པ་ཞིག་རེད་འདུག ཅེས་དང་།

ཡང་ཁོང་གིས། ཕྱི་ལོ་ ༢༠༡༢ ལོར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་ངག་དབང་ནོར་འཕེལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་བདེ་སྲུང་ལས་ཁུངས་སུ་འབྱོར་བའི་བརྙན་ཐུང་དང་། རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་རུ་དྲག་གནོན་བྱས་པའི་དཔང་རྟགས་རག་པ། དེ་བཞིན་འཇམ་དབྱངས་སྐྱིད་ཀྱི་བཙོན་ཁང་གི་ཟིན་ཐོ་སྟེ་མནར་གཅོད་ཀྱི་གོ་རིམ་ཞིག་ཟེར་བ་སོགས། རྒྱ་གཞུང་གིས་བོད་མིའི་ཕྱི་ལུས་པོར་མནར་གཅོད་གཏོང་བཞིན་ཡོད་པ་ཙམ་མིན་པར་ནང་བསམ་བློ་ལའང་མནར་གཅོད་ཧ་ལས་པ་གཏོང་བཞིན་པའི་དཔང་རྟགས་རག་ཡོད་ཀྱང་། རྒྱུ་ཆ་གལ་ཆེན་པོ་དེ་འདྲ་རག་པ་ལྟར་བེད་སྤྱོད་བྱེད་ཐུབ་མེད་སྟབས། མ་འོངས་པར་རྒྱུ་ཆ་དེ་ཚོ་བེད་སྤྱོད་གཏོང་ཐུབ་དགོས་པ་དང་། དེ་ཚོ་རང་ལ་ལག་པ་འཆིང་སྟེ་དམིགས་བསལ་གྱིས་ལས་འགུལ་དེ་འདྲ་སྤེལ་ཐུབ་ན་ཡག་པོ་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་ཁོང་གིས་བཙན་བྱོལ་བོད་མི་ཚོར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཐད་དྲན་སྐུལ་གནང་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ནང་དུ་བར་སྐབས་ཤིག་ནས་བཟུང་སྟེ་མི་ཞིག་གིས་ལས་ཀ་ཡག་པོ་ཞིག་བྱས་པ་ཡིན་ནའང་། དྲ་རྒྱར་གཟིགས་མཁན་ཚོས་འོག་དེ་ལ་སྡུག་པོ་ཞིག་འབྲི་རྒྱུ་མ་གཏོགས་རྗེས་སུ་ཡི་རང་དང་བསྔགས་བརྗོད་བྱེད་མཁན་མི་གཅིག་ཀྱང་མི་འདུག ག་རེ་ཆགས་པ་ཡིན་ཧ་མི་གོ། འདི་འདྲའི་གནས་སྐབས་སུ་མི་ལ་སྐད་ཆ་བཤད་ནས་གོ་བརྡ་འཕྲོད་རྒྱུ་ཕལ་ཆེར་དཀའ་ལས་ཁག་པོ་ཆགས་བསྡད་ཡོད་སྟབས། སོ་སོའི་ལས་འགན་ག་རེ་ཡིན་པ་དང་སོ་སོ་མི་རིགས་ག་རེ་ཡིན་པ། སོ་སོ་བོད་པའི་མི་རིགས་ཤིག་ཡིན་ན་བོད་མི་རིགས་ཀྱི་ཐོག་ལ་སོ་སོས་ལས་ཀ་ག་རེ་བྱས་འདུག ཞབས་འདྲེན་ཞུས་ཡོད་དང་མེད་སོ་སོས་སོ་སོར་རྩིས་བརྒྱབ་ནས་འགྲོ་རྒྱུ་རེད་མ་གཏོགས་མི་ལ་བདེན་པ་བཤད་ནས་འགྲོ་ས་ཞིག་ཡོད་པའི་ཚོར་སྣང་མི་འདུག དོན་དག་དང་པོ་དེ་རེད། དོན་དག་གཉིས་པ་དེ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མདུན་ལ་ང་ཚོས་ཞབས་འདྲེན་མི་ཞུ་བ་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག ད་ལྟའི་བར་དུ་སྤྱིར་བཏང་ང་ཚོས་འདིར་མཐོ་ཙམ་དམའ་ཙམ་མང་པོ་བཤད་ཀྱི་འདུག་སྟེ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་ང་ཚོར་འགྲིག་མི་འདུག་རྩ་བ་ནས་གསུངས་ཡོད་པ་མ་རེད་ལ། རེ་བའི་མིག་ཟུང་གིས་ང་ཚོར་ལྟ་བསྡད་ཡོད་པ་རེད། སྡུག་དཀའ་ལས་དེ་འདྲ་ཞིག་བརྒྱབ་པའི་དོན་དག་གཙོ་བོ་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྒྱག་གི་ཡོད་པ་རེད་ལ། གཉིས་པ་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་སླར་གསོ་ཡོང་བར་ང་རང་ཚོ་ལ་ནུས་པ་ཞིག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ངོས་འཛིན་བྱེད་བཞིན་ཡོད་པ་དེ་ང་ཚོས་བདག་པོ་རྒྱག་ཐུབ་པ་ཞིག་དང་དོན་དག་དེ་གཉིས་ཀྱི་ཐད་སོ་སོས་སོ་སོ་ལ་ཁྲེལ་མི་དགོས་པ་ཞིག་དང་། གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་འགན་འཁུར་བའི་ཐོག་ནས་ལས་འགན་སྒྲུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག ཅེས་བརྗོད་སོང་།

མཛད་སྒོའི་ཐོག་དགུ་བཅུ་གསུམ་གྱི་སྤྱི་ཁྱབ་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་ཀྱིས་ཚོགས་པའི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་། དེ་རིང་ནི་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་ཡིན་ཞིང་། དེ་རིང་གི་དུས་དྲན་འདི་བརྒྱུད་ནས་རྒྱལ་སྤྱིའི་ཐོག་རྣམ་པ་སྣ་ཚོགས་ཀྱི་གདུག་རྩུབ་དང་མནར་གཅོད་མྱོང་བཞིན་ཡོད་པའི་སྐྱེ་བོ་ཚང་མར་གདུང་སེམས་མཉམ་སྐྱེ་བྱ་རྒྱུ་དང་ཆབས་ཅིག ཁོང་ཚོ་ཚང་མས་བཙན་གནོན་མནར་གཅོད་ཀྱི་འོག་ནས་འཚོ་བ་གསར་པ་དང་ཐོབ་ཐང་གསར་པ་ཞིག་ལ་ལོངས་སུ་སྤྱོད་རྒྱུའི་ཞི་བདེ་དང་རང་དབང་གི་དུས་བཟང་ཞིག་འཆར་རྒྱུའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། སྤྱི་ལོ་༡༩༨༤ལོར་འཛམ་གླིང་མནར་གཅོད་ཉིན་མོར་གཏན་འཁེལ་བྱས་པ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་༤༠ འཁོར་གྱི་ཡོད་པ་དང་། དུས་དེ་ནས་བཟུང་འཛམ་གླིང་ཐོག་མནར་གཅོད་མྱོང་བཞིན་ཡོད་པའི་སྐྱེ་བོ་མང་པོའི་ཚེ་སྲོག་དང་རང་དབང་སྲུང་སྐྱོབ་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ལ།འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུར་ཡང་ཤུགས་རྐྱེན་དང་ནུས་པ་ངེས་ཅན་ཞིག་ཐོན་ཡོད།

ཡིན་ནའང་། འཛམ་གླིང་ཐོག་གི་ས་གནས་གང་སར་ད་དུང་ཡང་བཙན་གནོན་དང་མནར་གཅོད་མྱོང་བཞིན་ཡོད་པའི་སྐྱེ་བོ་འབུམ་ཚོ་མང་པོ་ཡོད་ལ། མི་རིགས་དབྱེ་འབྱེད་དང་། རིགས་རྒྱུད་དབྱེ་འབྱེད། ཕོ་མོ་དབྱེ་འབྱེད། ཐ་ན་སྐད་ཡིག་དང་རིག་གཞུང་དབྱེ་འབྱེད་སོགས་འདྲ་མཉམ་མིན་པའི་གནས་ཚུལ་ཇི་འདྲ་ཡོད་མེད་ང་ཚོས་ཉིན་རེའི་གསར་འགྱུར་རྒྱུད་ལམ་ཁག་ལ་བལྟས་པ་ཙམ་གྱིས་ཤེས་རྟོགས་ཐུབ། དེར་བརྟེན། མིའི་རིགས་ཀྱི་མནར་གཅོད་འགོག་པའི་འཐབ་རྩོད་ནི་ང་ཚོའི་ཉིན་རེའི་ལས་རིམ་གྱི་ཉིན་ཐོའི་ཐོག་བཀོད་ནས་མི་སྒྲུབ་ཀ་མེད་ཀྱི་དོན་ཆེན་ཞིག་ཆགས་ཡོད་ལ། ཡ་ང་བའི་གནས་ཚུལ་འདི་ཚོར་ང་ཚོས་དུས་ཐོག་ཏུ་གདོང་ལེན་དང་འགོག་བཅོས་མ་ཐུབ་ཚེ་དེ་རིང་གི་ཉིན་མོ་འདི་ནི་འཆར་ཅན་གྱི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་མོ་ཙམ་དུ་གྱུར་ངེས་རེད། ང་ཚོས་དུས་དྲན་འདི་ལྟ་བུ་ཞིག་སྲུང་བརྩི་བྱེད་པ་ནི་ལམ་ལུགས་སྲོལ་དང་འཆར་ཅན་གྱི་དུས་དྲན་ལྟ་བུར་ངོས་འཛིན་མི་བྱེད་པར་། ང་ཚོ་ཚང་མས་དམ་བཅའ་གསར་པ་དང་ཆོད་སེམས་གསར་པ་ཞིག་བཙུགས་ནས་འཛམ་གླིང་འདིའི་ཐོག་བཙན་གནོན་དང་མནར་གཅོད་མྱོང་བཞིན་ཡོད་པའི་སྐྱེ་བོ་དེ་ཚོ་ཇི་ལྟར་བྱས་ཏེ་རང་དབང་གི་འཚོ་བ་གསར་པར་ལོངས་སྤྱོད་བྱ་རྒྱུའི་དོན་དུ་འབད་བརྩོན་དང་བསམ་གཞིགས་བྱེད་པའི་ཉིན་མོ་ཞིག་ཆགས་ཡོད། ཅེས་དང་།

tortureདུས་དྲན་འདི་དང་ཐད་ཀའི་འབྲེལ་བ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་མཚོན་ན། ཁོ་ཚོའི་ལུས་སེམས་གཉིས་ཀར་བཙན་གནོན་དང་མནར་གཅོད་ཚད་ལས་འདས་པ་ཞིག་ཕོག་བཞིན་ཡོད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་མི་རིགས་འདྲ་མཉམ་དང་སོགས་ནན་བཤད་བྱེད་ཀྱི་ཡོད་ཀྱང་། ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན། ཁོ་ཚོས་བཤད་པའི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དང་རིག་པའི་གཞུང་ལུགས་ཚང་མ་ནི་བོད་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་འགེབས་སྲུང་བྱེད་པའི་མི་མངོན་པའི་ཐབས་བྱུས་ཞིག་ཡིན་པ་དངོས་ར་གསར་པོ་འཕྲོད་བཞིན་ཡོད། དཔེར་ན། ཉེ་ཆར་གསར་འགྱུར་རྒྱུད་ལག་ཁག་གི་ནང་དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གིས་སློབ་ཆུང་གི་སློབ་དེབ་ཚང་མ་རྒྱ་ཡིག་ཐོག་ནས་བཤད་འཁྲིད་བྱ་རྒྱུའི་སྲིད་ཇུས་གསར་པ་གཏན་འབེབས་བྱས་ཡོད་སྐོར་ལ་བལྟས་ན།མི་རིགས་ཀྱི་གལ་ཆེའི་མཚོན་རྟགས་དང་ངོ་བོ་ཡིན་པའི་སྐད་ཡིག་རྩ་མེད་བཟོ་རྒྱུ་དང། སྐད་ཡིག་དེ་ལ་བརྟེན་པའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་གོམས་སྟབས་མགྱོགས་སུ་གཏོང་བཞིན་ཡོད་པ་གསལ་པོ་རེད། ཅེས་དང་། མཇུག་ཏུ་གཟི་བརྗིད་ལྡན་པའི་དེ་རིང་གི་དུས་དྲན་འདིའི་ཐོག་ང་ཚོས་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ཡིད་ལ་དྲན་པའི་ཐོག་ནས་ཁོ་ཚོ་མགྱོགས་ནས་མྱུར་དུ་དམར་པོའི་གདུག་རྩུབ་ཀྱི་བཙན་གནོན་འོག་ནས་ཐར་ཐུབ་པའི་སྨོན་འདུན་ཞུ། ཞེས་བཀོད་འདུག

མཛད་སྒོ་གྲོལ་རྗེས་གསར་འགོད་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཨ་མ་ཨ་བདེ་ལགས་སུ་བཅར་འདྲི་ཞུ་པར། ང་བཙོན་ཁང་དུ་ཡོད་སྐབས་བཙོན་རོགས་བུད་མེད་ ༣༠༠ ཡོད་པ་དང་། ང་ཚོ་རྒྱ་ནག་ནང་གི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཁྲིད་དེ་ལྟོ་ཆས་གཏན་ནས་མ་བྱིན་པར་བརྟེན་ཧ་ཅང་སྐམ་པོ་ཆགས་སོང་བ་དང་། ང་ཚོ་བུད་མེད་ ༣༠༠ ཡི་ནང་ནས་བུད་མེད་གསུམ་གྱིས་ཕག་ཆས་ཟོས་ཏེ་ཤི་མེད་པ་དང་། ང་རང་ཡིན་ནའང་སྒྲོལ་མ་དང་༧རྒྱལ་བ་རིན་པོ་ཆེས་སྲོག་སྐྱབས་སོང་མ་གཏོགས་བཙོན་རོགས་བུད་མེད་ ༣༠༠ དེ་གྲོངས་སོང་། དེ་འདྲ་སྡུག་པོ་བཏང་སོང་། འཛམ་བུ་གླིང་གི་སྒང་ལ་ལྟོ་ཆས་མི་བྱིན་པར་དེ་འདྲ་ཤི་འགྲོ་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སྐབས་དེར་ཚགས་པར་དང་རླུང་འཕྲིན་གཏོང་མཁན་སོགས་མེད་པར་རྒྱ་གཞུང་ཁོ་རང་ཚོའི་ལག་པ་ནང་དུ་ཡོད་པ་རེད། ངས་ཤི་པོའི་ཚབ་བྱས་ཏེ་ཚིག་རྡོག་རྡོག་འདི་བཤད་པ་ཡིན། རྒྱ་གཞུང་གིས་ང་ཚོར་སྡུག་པོ་དེ་འདྲ་བཏང་བ་དེ་ཐམས་ཅད་ཀྱིས་སེམས་ལ་འཇོག་རོགས། ང་ནི་ལོ་ཆེན་པོ་རེད། ཁྱེད་རང་ཚོས་རྒྱ་ནག་གིས་ང་ཚོར་སྡུག་པོ་བཏང་བ་དེ་ཚོ་སེམས་ལ་བཞག་སྟེ་མུ་མཐུད་དུ་རྒྱ་གཞུང་གི་ཁ་གཏད་དུ་ལངས་ཏེ། དངོས་གནས་དྲང་གནས་ང་ཚོས་ཤི་པོ་ཡི་ཚབ་བྱས་ནས་ང་བོད་པ་ཡིན་བསམ་ཚད་ཀྱིས་དགྲ་ལན་འཁུར་རྒྱུར་མ་འཆིགས་རོགས། ཞེས་གསུངས་སོང་།

ཉིན་རྒྱབ་ཏུ་སྔ་ཕྱིར་བསྡུ་སྒྲིག་བྱས་པའི་བོད་ཕྱི་ནང་གཉིས་ཀྱི་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་། རྒྱ་གཞུང་གིས་ཉེས་མེད་བོད་རིགས་མི་མང་ལ་གང་བྱུང་གཅར་རྡུང་དམར་གསོད་བཏང་བ་དང་འཛིན་བཟུང་བཙོན་འཇུག་བྱས་པ། དེ་བཞིན་བཙོན་ཁང་ནས་བཙོན་པ་ཚོར་ཡ་ང་བའི་མནར་གཅོད་བཏང་བ་སོགས་ཀྱི་པར་རིས་འགྲེམས་སྟོན་གནང་བཞིན་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༦ ཐོག་ཚོགས་པས་སྣེ་ཁྲིད་དེ་མེག་ལོའི་བཞི་མདོ་ནས་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་བར་དུ་མར་མེའི་ཁྲོམ་སྐོར་གནང་རྒྱུ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་རྒྱལ་ལགས་ཀྱི་མནར་གཅོད་ཀྱི་བརྒྱུད་རིམ་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག དགོང་དྲོའི་ཆུ་ཚོད་ ༧ ཐོག་ཚོགས་པས་ཕྱོགས་བསྒྲིགས་གནང་བའི་མནར་གཅོད་ཀྱི་ལོ་རྒྱུས་ཞེས་པ་སོགས་ཀྱི་གློག་བརྙན་གཟིགས་འབུལ་གནང་བ་དང་འབྲེལ། བོད་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གིས་བྲིས་པའི་སྙན་ངག་གྱེར་འདོན་དང་། ཆབ་སྲིད་བཙོན་པ་འགས་བཏང་བའི་ལ་རྒྱའི་གླུ་གཞས་བཅས་བསྐྱར་གཏོང་བྱས་ཏེ་དྲན་གསོ་ཞུ་རྒྱུ་ཡིན་འདུག

ཉིན་མོ་གལ་ཆེན་འདི་དང་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཟློས་གར་ཁང་དུ་རྒྱ་གཞུང་གི་བཙན་གནོན་འོག་བོད་ནང་གི་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་ཤུགས་ཆེན་མྱོང་བཞིན་ཡོད་པའི་སྐོར་ནས་གཏམ་བརྗོད་འཁྲབ་སྟོན་དང་། དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་ཡི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢༡ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese