མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མ་ཡིད་བཞིན་ནོར་བུའི་ལམ་སྟོན་སྙིང་བཅང་གིས་ཞི་འཇམ་ངང་གནས་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་ཤས་གོང་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ཟླ་འདིའི་ཚེས་མགོར་ཡིག་ཆ་ཞིག་བཀྲམས་ཏེ་ད་ལོའི་ཕྱི་ཟླ་ ༩ པའི་ནང་ཚུན་དུ་བླ་རུང་སྒར་དུ་གྲྭ་བཙུན་ ༥༠༠༠ ལས་སྡོད་འཇུག་རྒྱུ་མིན་པར་འཕྲོས་ཡོངས་རྫོགས་ཕྱིར་འཕུད་བཏང་སྟེ་ཁང་པ་རྣམས་གཏོར་རྒྱུ་ཡིན་སྐོར་བསྒྲགས་ཡོད།

tibettimes-1

ཟླ་འདིའི་ཚེས་ ༢༦ ཉིན། གསེར་རྟ་བླ་རུང་དགོན་པའི་ལས་སྣེ་ཞིག་གིས་གྲྭ་བཙུན་ཚོར་གསུང་བཤད་གནང་སྐབས། མི་འགྱངས་བར་རྒྱ་ནག་གཞུང་གིས་ཆོས་སྒར་གཏོར་རྒྱུའི་འཆར་གཞི་ཡོད་པ་དང་། གནད་དོན་དེར་དགོན་པའི་བླ་སྤྲུལ་ལས་སྣེ་ཚོས་འབད་བརྩོན་ཇི་ལྟར་བྱས་ཀྱང་གྲུབ་འབྲས་མ་ཐོན་སྟབས། རྒྱ་ནག་གཞུང་གིས་དངོས་སུ་དགོན་པ་གཏོར་བཤིག་ལག་བསྟར་བྱེད་སྐབས། གྲྭ་བཙུན་ཚོས་བཟོད་སྒོམ་ཆེན་པོས་བསླབ་པ་སློབ་གཉེར་འཐུས་ཤོར་མེད་པ་གནང་དགོས་སྐོར་གསུངས་འདུག

བླ་རུང་དགོན་པའི་ལས་སྣེ་ xxxx མཆོག་གིས་ལམ་སྟོན་གནང་དོན། རྣམ་པ་ཚང་མ་ལ་ཞུ་རྒྱུ་ཞིག་ལ་སང་གནངས་ཉིན་ཟླ་ ༧ པའི་ཚེས་ ༢༥ ཉིན་བླ་རུང་ཆོས་སྒར་ཆེན་མོ་བཤིག་ངེས་ཅན་གཏན་འཁེལ་བྱས་འདུག དེ་ཡང་ཐོག་མར་ཇོ་མོ་ཚང་གི་ས་གནས་ནས་ས་ཚིགས་དགུ་ངོས་བཟུང་ནས་མགོ་འཛུགས་ཏེ་བཤིག་རྒྱུ་ཡིན་པ་རེད་འདུག བཤིག་མཁན་རྒྱལ་ཁབ་ཁོང་ཚང་གི་དམག་མི་དང་ལས་གཡོག་ཚོས་བཤིག་རྒྱུ་རེད་འདུག སྐབས་དེར་གནས་ཚུལ་ཅི་བྱུང་ཡང་ཁོང་ཚང་ལ་གྲལ་སྒྲིག་ཡོད་ལབ་ཡོད་ལབ་འདུག སྐབས་དེར་ཚང་མས་ཐུགས་གཟབ་གནང་དགོས།

དེ་ཡང་བླ་རུང་སྒར་ཀྱི་རྒྱུན་ལས་ཡོངས་ཀྱིས་གྲོས་ཆོད་གཅིག་གྱུར་བྱུང་བ་ཞིག་ལ། སྐབས་དེར་སྒར་ཕྱིའི་ཁ་ཕྱོགས་ནི་སྔར་བླ་མ་ཡིད་བཞིན་ནོར་བུས་གསུང་དྲོན་མོ་དེ་ཉམས་བཞེས་གནང་རྒྱུ་ལས་གཞན་གང་ཡང་མེད་གསུངས་ཡོད་པ་རེད། དེ་གང་རེད་ཟེར་ན། བཟོད་སྒོམ་ལྷོད་ཆགས་ངང་རང་རང་གི་ཐོས་བསམ་སྒོམ་གསུམ་ལ་འཐུས་ཤོར་མི་རྒྱུར་དམ་བཅའ་བརྟན་པོ་ཡོང་དགོས་པ་དེ་རེད། དེ་མ་གཏོགས་ད་བར་དུ་རྒྱུན་ལས་ཡོངས་ཀྱིས་ཉིན་མཚན་མེད་པར་འདི་ལ་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་བྱས་ཀྱང་། ཟློག་ཏུ་མེད་པའི་བཀའ་ལུང་ལྕི་མོ་ཏག་གིས་བྱ་ཐབས་བྲལ་སོང་བ་རེད།

དེ་ཡང་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་སྲིད་གཞུང་གིས་གསེར་རྟ་བླ་རུང་སྒར་འདེའི་ཁང་པ་དང་མི་གྲངས་ཇེ་ཉུང་དུ་གཏོང་དགོས་ཞེས་བཀའ་ཕབ་པ་རེད། དུས་དེ་ནས་ད་ལྟའི་བར་དུ་ཐབས་ལམ་གང་ཡང་ཅི་ཡོང་བྱས་ཏེ། གཏོར་བཤིག་ཚབས་ཆེན་བཏང་སྟེ་ཆོས་སྒར་རྩ་མེད་གཏོང་མ་ཐུབ་ཙམ་བྱུང་བ་རེད། ད་ལོ་སླར་ཡང་ལས་འགུལ་དེ་སྤེལ་དགོས་ཟེར་ནས་ས་གནས་ཚན་པ་དགུ་དང་ལྷན་དུ་དུས་ཚོད་ ༢༠༡༦ ལོ་ཟླ་ ༧ ཚེས་ ༢༥ ལ་བཤིག་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཚར་ཡོད་ཅེས་མགོ་ཁྲིད་རྣམས་ཀྱིས་ཤོད་ཀྱིན་འདུག

གནད་དོན་འདིའི་ཐད་ལ་རྒྱུན་ལས་མཁན་སྤྲུལ་རྣམ་པས་གོང་རིམ་ལ་ཞུ་བ་མང་པོ་ཕུལ་ཡང་ཁང་པ་བཤིག་རྒྱུའི་གྲངས་ཀ་ཅུང་ཉུང་དུ་བཏང་བ་ལས་གཏན་ནས་མི་བཤིག་པའི་ཐབས་ཤིག་རྩ་བ་ནས་མེད་པ་ཆགས་འདུག དེ་ཡང་སྲིད་གཞུང་གིས་བཤད་པ་ལྟར་ན་ལས་འགུལ་འདི་ཡུན་རིང་བར་སྤེལ་རྒྱུ་ཡིན་འདུག སྐབས་དེར་ང་ཚོ་བླ་སེར་དང་བཙུན་མ་རྣམས་ཆོས་པ་ཆོས་པའི་ས་ལ་བསྡད་དེ། དགེ་སློང་གི་ཆོས་བཞི་དང་མ་ཉམས་པར་སྡོམ་པ་དམ་ཚིག་ཡག་པོ་སྲུང་ནས་དཔེ་ཀློག་གི་གནས་ལ་ལྷོད་མེད་དུ་བརྩོན་པ་བྱས་ཏེ། བླ་མ་ཡིད་བཞིན་ནོར་བུ་འདའ་ཁའི་ཞལ་ཆེམས་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས་ཞེས་གདམས་པའི་དོན་དང་མ་འབྲལ་བར་ཐུགས་ལྷོད་པོར་བཞུགས་རྒྱུ་དེ་ཧ་ཅང་གལ་ཆེན་པ་རེད།

བླ་རུང་སྒར་མདོ་ནས་ཁང་པ་ཅུང་ཙམ་བཤིག་ཤོར་ན་སྒེར་ལ་རྒྱུ་གྱོང་དང་། འཚོ་བ་ལ་དཀའ་ཁག་ཡོད་ཀྱང་སྒར་སྤྱི་ལ་གནོད་སྐྱོན་ཆེན་པོ་དེ་ཙམ་ཐེབས་ཀྱི་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། སྔོན་ ༢༠༠༡ ལོར་བླ་མ་ཡིད་བཞིན་ནོར་བུ་ཞལ་བཞུགས་པའི་སྐབས་སུའང་ང་ཚོ་ལ་སྲིད་གཞུང་གིས་འདི་འདྲ་ལས་འགུལ་སྤེལ་ཏེ་ཁང་པ་སྟོང་ཕྲག་མང་པོ་ས་འགུལ་རྒྱུག་པ་བཞིན་དུ་ནང་གི་ཅ་ལག་རྣམས་ཀྱང་ཚུར་ལེམ་མ་བཅུག་པར་བཤིག་པ་རེད། སྐབས་དེར་བླ་མ་ཡིད་བཞིན་ནོར་བུའི་བཀའ་བཀོད་ལྟར། སྒར་གྱི་གྲྭ་བ་དང་བཙུན་མ་རྣམས་ཞི་འཇམ་པོས་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་བཏབས་ཏེ་ཐོས་བསམ་སྒོམ་གསུམ་བྱས་ནས་བཞུགས་པ་རེད། དུས་སྐབས་དེར་ལས་འགུལ་དེ་ཚབས་ཆེན་པོ་བྱུང་སོང་བསམ་པ་འདྲ་ཡོད་ཀྱང་། རྗེས་མ་ལྟ་ཡོང་དུས་ཐབས་ལམ་དེ་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཆགས་ཡོད་པ་རེད།

ན་ནིང་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་འདེའི་སྐོར་ལ་བཀའ་སློབ་མང་པོ་གསུངས་པ་ཚང་མའི་ཤེས་གསལ་ལྟར་རེད། དེ་དག་ཐུགས་ལ་བཞག་སྟེ་ལས་ཀ་ལས་ནོར་དང་། སྐད་ཆ་བཤད་ནོར་གཏན་ནས་ཐེབས་མི་རུང་། མ་ཟད་ཛ་དྲག་ཆེ་བའི་གནས་བབ་འདི་འདྲ་ལ་ཐུག་དུས་ལྷག་པར་དུ་རང་འགན་རང་གིས་ཁུར་ཏེ་ཚོད་འཛིན་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། ད་སྐབས་སྲིད་གཞུང་གིས་ཟིང་ཆ་སློང་མི་ཉན་ཞེས་ཤོད་ཀྱིན་ཡོད་པ་རེད། དོན་ངོ་མར་ཁོང་ཅག་ལ་ཟིང་ཆ་སློང་དགོས་པ་ཨེ་ཡིན་ཤེས་ཀྱི་མ་རེད། དེར་བརྟེན། ཚང་མས་འགྲོ་ཕྱོགས་དང་ལམ་ཕྱོགས་མི་ཤེས་རྒྱུ་མི་འདུག་པས་རྒན་གཞོན་ཀུན་དང་། ལྷག་པར་དུ་ལོ་གཞོན་པ་རྣམས་ཀྱིས་ཐུགས་ལ་འཛིན་རྒྱུ་དེ་ཅིས་ཀྱང་གལ་ཆེན་རེད།

བླ་རུང་སྒར་དང་འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་དགོན་སྡེ་དང་མང་ཚོགས། སྒེར་མང་པོ་ཞིག་བླ་རུང་སྒར་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཡོང་དགོས་ཞེས་གསུང་གིན་འདུག་ཟེར་བ་མང་པོ་གོ་སོང་། དེའི་སྐོར་ལ་བླ་རུང་རྒྱུན་ལས་མཁན་སྤྲུལ་རྣམས་གྲོས་བསྡུར་བྱས་ཏེ་གྲོས་ཆོད་བྱུང་བ་ལ། ཕྱོགས་སོ་སོའི་དགོན་སྡེ་དང་མང་ཚོགས་སྤྱི་སྒེར་རྣམས་ཀྱིས་ངེད་བླ་རུང་སྒར་དང་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་བཅངས་ཏེ། ངེད་བླ་རུང་སྒར་ལ་ཐུགས་འཁུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན་ལ། ད་ཐེངས་ཁྱེད་ཅག་དགོན་གྲོང་གི་སྤྱི་སྒེར་གང་ཡིན་ཡང་གནས་སྐབས་འདིར་ཡོང་ན་ཕན་ཐོགས་དེ་ཙམ་མེད་པ་དང་། སྲིད་གཞུང་གིས་རྗེས་ཕྱོགས་ཁྱེད་ཅག་ལའང་དཀའ་ཁག་བཟོ་སྲིད་སྟབས་གཅིག་ཀྱང་མ་ཕེབས་རོགས་ཞུ་བཞིན་ཡོད། ཅེས་སོགས་གསུངས་འདུག

tibettimes-2

གཞན། ཉེ་ཆར་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་དགོས་པའི་སྐོར་གྱི་ཤོག་ལྷེ་ ༤ ཅན་གྱི་བསྒྲགས་ཡིག་ཅིག་བཀྲམས་ཏེ། རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༦ པ་དང་། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ནང་དོན་ལྟར། བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཉུང་འཕྲི་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག

ཡིག་ཆ་དེའི་ནང་ལས་འགུལ་དེའི་སྤྱིའི་དམིགས་ཡུལ་ཞིག་འཁོད་ཡོད་པའི་ནང་། “ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ ཚུན་ལ་གསེར་རྟ་བླ་རུང་དགོན་དུ་མི་གྲངས་ ༥༠༠༠ ལ་ཚོད་འཛིན་དགོས། ཕྱིར་འཕུད་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས། སྡོད་ཁང་གི་གྲངས་དང་མི་གྲངས་གཉིས་ཕན་ཚུན་གཤིབ་སྟེ་བརྟག་དགོས། དད་ལྡན་མང་ཚོགས་དང་གྲྭ་བཙུན་སོ་སོར་དགར་དགོས། བླ་རུང་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་གཉིས་སོ་སོར་དགར་དགོས། སྤྱི་ཚོགས་བདག་གཉེར་བྱེད་ཕྱོགས་དགོན་པའི་ནང་ལག་ལེན་བསྟར་དགོས།” ཞེས་འཁོད་འདུག

བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་མགོ་འཛུགས་ཀྱི་རིམ་པ་འཁོད་པའི་ནང་། (དང་པོ།) དགོན་པའི་རྒྱུན་ལས་རྣམ་པ་དང་། གྲྭ་བཙུན་རྒན་རབས་པ་སོགས་ལ་སྒེར་འབྲེལབྱས་ཏེ་དྲིལ་བསྒྲགས་གསལ་བཤད་དང་། དགོན་པའི་སྡེ་ཁག་སོ་སོའི་དགེ་བསྐོས་དང་ལས་ཁུངས་བཅོ་བརྒྱད་ཀྱི་འགན་འཛིན་མི་སྣ་ཡོངས་རྫོགས་མཉམ་དུ་བསྡུས་ནས་དྲིལ་བསྒྲགས་གསལ་བཤད་བྱེད་པ་དང་། ཚོམས་ཆུང་ ༣༢༤ ཡི་འགན་འཛིན་རྣམས་ཚན་ཁག་བགོས་ནས་དྲིལ་བསྒྲགས་གསལ་བྱེད་དགོས་པ་དང་། ལས་དོན་དེ་དག་ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ཚེས་ ༡ སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུ། དགོན་པའི་གླིང་སོ་སོ་དང་ཚོམས་སོ་སོར་ཚོགས་འདུ་བསྐངས་ཏེ་དྲིལ་བསྒྲགས་གསལ་བཤད་ཐོག ཁས་ལེན་ཡི་གེ་དང་གྲྭ་པ་དང་བཙུན་མ་རྣམས་ནས་ཁྲིམས་སྒྲིག་དེ་དག་དང་ལེན་གཙི་སྲུང་ཁས་ལེན་བྱེད་དུ་བཅུག་སྟེ། སྲིད་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་ཆོས་ལུགས་སློབ་གཉེར་བྱ་དགོས་པ་ལག་བསྟར་བྱ་རྒྱུ་དང་། དགོན་པའི་ནང་ཁྲིམས་སྒྲིག་དྲིལ་བསྒྲགས་བྱང་བུ་མང་པོ་འཛུགས་བསྐྲུན། གྲྭ་བཙུན་རྣམས་ལ་ཁྲིམས་སྒྲིག་སློབ་གསོའི་བརྙན་འཕྲིན་ལྟ་རུ་བཅུག་སྟེ། དགོན་པའི་ནང་ཁྲིམས་སྒྲིག་དེ་དག་ཁྱབ་སྤེལ་གྱི་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་འཇུག་དགོས་པ། ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ཚེས་ ༣ གྱི་སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་འདུག

(གཉིས་པ།) དགོན་པའི་གླིང་དུ་གནས་སྡོད་དགེ་བསྙེན་དང་གྲྭ་པ། བཙུན་མ། རྒན་ཁོག་དང་དབང་བོ་སྐྱོན་བཅས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཐོ་འགོད་ཀྱིས། ཚན་ལྡན་གཅིག་དང་དོན་གནས་གསུམ་གྱི་བྱ་འགུལ་སྤེལ་ཏེ། ས་གནས་དང་མི་གྲངས། ཁང་པ། སྡེ་ཁག་སོ་སོར་བགར་ཏེ། གྲྭ་ཤག་རེ་རེ་སྒོ་རྟགས་ཨང་རིམ་བཀོད་ནས་ཞིབ་བཤེར་སྟབས་བདེ་བཟོ་རྒྱུ། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ སྔོན་ལ་འགྲུབ་འཇུག་རྒྱུ། (གསུམ་པ།) དགོན་པའི་གྲྭ་པ་དང་བཙུན་མ། དགེ་བསྙེན་བཅས་གྲངས་འབོར་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་གྲྭ་བཙུན་གྲངས་འབོར་ ༢༢༠༠ ཕྱིར་འཕུད་གཏོང་རྒྱུ་དང་། དེའི་ནང་དགེ་བསྙེན་གྲངས་ ༡༠༢༩ དགོན་པ་ལས་ལོགས་སུ་བགར་རྒྱུ། གྲྭ་པ་དང་བཙུན་མ་གྲངས་ ༡༢༠༠ དགོན་པ་ནས་ཕྱིར་འཕུད་གཏོང་རྒྱུ་དང་། དེའི་ཁྲོད་དུ་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་གྲངས་ ༦༠༠ ཚུད་ཡོད། ཕྱི་ལོ་ ༢༠༡༧ ལོར་དགོན་པའི་གྲྭ་བཙུན་ཁྱོན་བསྡོམས་ ༥༠༠༠ ལ་གཏན་ཁེལ་བྱ་རྒྱུ། འདི་ལོར་ཕྱིར་འཕུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ སྔོན་ལ་གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་ ༡༠ ཚེས་ ༣༠ སྔོན་ལ་ཕྱིར་འཕུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་མི་གྲངས་ ༥༠༠༠ ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་ ༡༠༠༠ ལས་བརྒལ་མི་ཆོག

(བཞི་པ།) ཕྱི་ལོ་ ༢༠༡༣ ནས་ད་ལྟའི་བར་ཕྱིར་འཕུད་བཏང་བའི་གྲྭ་པ་དང་བཙུན་མ་རྣམས་ཀྱི་གྲྭ་ཤག་དང་། གཞུང་གི་གཏན་འབེབ་དང་འགལ་བའི་གྲྭ་ཤག རྒན་གསོ་ཁང་དུ་ཕྱིན་ཟིན་པ་རྣམས་ཀྱི་ཁང་པ། བཙུན་མོའི་མགྲོན་ཁང་དུ་ཕྱིན་ཟིན་པ་དག་གི་ཁང་བ་བཅས་ཁྱོན་ཁང་པ་ ༡༥༠༠ དགོན་པའི་ཕྱོགས་གཅིག་ནས་སྡེབ་བཤིག་བྱ་དགོས་པ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༠ བར་བསྒྲུབ་ཚར་དགོས། (ལྔ་པ།) དགོན་པའི་ནང་དྲ་ལམ་བརྙན་མིག་འགྲེམས་འཛུགས་བྱ་རྒྱུ་དང་། དགོན་པའི་ནང་འགྲོ་འོང་བྱེད་མཁན་རྣམས་ལ་སྒྲིག་གཞི་བཟོ་རྒྱུ། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ སྔོན་ལ་འགྲུབ་འཇུག་དགོས། (དྲུག་པ།) དགོན་པའི་དགེ་བསྙེན་གླིང་དགོན་པ་ལས་ལོགས་སུ་བགར་ཏེ། སྲིད་གཞུང་གི་ཐད་ཀའི་སྟེང་འཛིན་འོག་ཡོད་པའི་སྲིད་འཛིན་སྡེ་བ་བཟོ་རྒྱུ་ཡིན་འདུག དེའང་དགོན་པ་དང་དགེ་བསྙེན་གླིང་གཉིས་ཀྱི་འདྲེས་མཚམས་ནས་རིང་ཚད་རྨི་ ༣༠ ཁེབས་ཚད་ཀྱི་ཁང་པ་ཡོངས་རྫོགས་བཤིག་སྟེ་བར་སྟོང་བཟོ་དགོས་པ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ སྔོན་ལ་འཚགས་དགོས། ད་དུང་དགོན་པ་དང་དགེ་བསྙེན་གླིང་གི་བར་དུ་རྩིག་སྐས་བསླངས་དགོས་པ་མ་ཟད། དགེ་བསྙེན་གླིང་གི་ཁང་པའི་རྣམ་པ་བསྒྱུར་དགོས་པ་དང་། དགེ་བསྙེན་གླིང་དུ་གཞུང་གི་སྲིད་འཛིན་སྡེ་བའི་ལས་ཁུངས་འཛུགས་དགོས། ལས་གཞི་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣༠ སྔོན་ལ་འགྲུབ་དགོས་ཀྱི་ཡོད་འདུག (བདུན་པ།) དགོན་པར་དོ་དམ་བྱེད་མཁན་ཁྲོད་དུ་རྒྱ་གཞུང་གི་ལས་བྱེད་དང་གྲྭ་པ་གཉིས་འདེམས་སྒྲིག་བྱས་ཏེ་དགོན་པར་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་རྒྱུ་དང་། སློབ་གླིང་གི་དོ་དམ་ནི་རྒྱ་ནག་གཞུང་གི་སློབ་གྲྭའི་དོ་དམ་བྱེད་ཕྱོགས་ལྟར་བཟོས་ཏེ། སྲིད་གཞུང་གི་ལས་བྱེད་དང་གྲྭ་པ་གཉིས་ཆ་ཡོད་པའི་དོ་དམ་ལྷན་ཚོགས་ཤིག་བཙུགས་ཏེ་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་དང་། ལས་གཞི་དེ་ཕྱི་ལོ་ ༢༠༡༦ ཟླ་ ༨ པའི་ཚེས་ ༣༡ སྔོན་ལ་འགྲུབ་དགོས། ཞེས་སོགས་འཁོད་འདུག

tibettimes-3གསེར་རྟ་བླ་རུང་སྒར་རམ་ལྔ་རིག་སློབ་གླིང་ནི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་ ༡༩༨༠ ལོར་གསར་དུ་བཙུགས་ཤིང་། ཕྱི་ལོ་ ༡༩༨༧ ལོར་པཎ་ཆེན་སྐུ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནས་སློབ་གླིང་ལ་༼གསེར་ཐང་བླ་རུང་དགོན་རིག་ལྔའི་ནང་བསྟན་སློབ་གྲྭ།༽ཞེས་པའི་མཚན་གསོལ་ཞིང་སྒོ་བྱང་ཆོག་མཆན་དང་བཀའ་སློབ་བསྩལ་ཡོད་པ་རེད། བླ་རུང་སྒར་དུ་གྲྭ་བཙུན་ཙམ་མ་ཡིན་པར་ནང་ཆོས་སློབ་གཉེར་གནང་མཁན་སེར་སྐྱ་ཕོ་མོ་དབྱེར་མེད་དང་། རྒྱ་མི་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རིགས་བཅས་ཡོད་ལ། དགོན་པའི་ཆོས་ཀྱི་བྱེད་སྒོ་ཁག་ཏུ་མི་གྲངས་ཁྲི་ ༤ ལྷག་འདུ་འཛོམས་གནང་གི་ཡོད།

༢༠༠༡ ལོར་རྒྱ་གཞུང་གིས་གསེར་རྟ་བླ་རུང་དགོན་པའི་ཕྱི་ཕྱོགས་ཀྱི་གྲྭ་བཙུན་སློབ་གཉེར་བ་ ༡༥༠༠ ལྷག་ཕྱིར་འཕུད་དང་དགོན་པ་རང་གི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་འཕུད་དང་། དམག་མི་དང་རྒྱ་མི་ལས་བཟོ་བ་ ༥༠༠ ལྷག་བཏང་སྟེ་ཉིན་ ༡༣ ནང་གྲྭ་ཤག་གྲངས་ ༡༨༧༤ དང་སྒོམ་ཁང་ ༢༠༠༠ ལྷག་རྩ་གཏོར་བཏང་ཡོད། མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་རྒྱུན་ལྡན་གྱི་བཀའ་ཁྲིད་གསུང་ཆོས་ཆ་ཚང་བཙན་གྱིས་མཚམས་འཇོག་བྱེད་བཅུག་སྟེ། སྨན་བཅོས་ལ་ཁ་གཡར་ཏེ་རྔ་པ་ཁུལ་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་བཀག་ཉར་ཐོག མཁན་པོ་མཆོག་གི་བླ་སྨན་རིག་འཛིན་ལགས་ཀྱང་སྨན་ཁང་དུ་བཅར་མ་བཅུག་པར་ཕྱི་ཕྱོགས་སུ་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པ་བཟོས་མཐར་ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༧ ཉིན་སྐུ་གྲོངས་ཡོད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 4

  1. ཤར་མདའ། says:
    ལོ་ 10 སྔོན།

    ངེས་པར་ཆོས་ལུགས་རང་དབང་གི་སྙན་ཐོ་ལྟར་ཕྱི་ཕྱོགས་སུ་བཞུགས་པའི་བོད་མི་ཤེས་ཡོན་པ་ཚོས་དོད་སྣང་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གིས་འོག་ནས་འདི་སྲུང་སྐྱོབ་ཡོང་ཐུབས་སུ་ངེས་པར་འབད་བརྩོན་གནང་དགོས་པ་དང་འབྲེལ་ཡོད་བླ་ཆེན་ཚོས་འཛམ་གླིང་ཆོས་ལུགས་མཐུན་ཚོགས་དང་ལྷག་པར་རྒྱ་ནག་གིས་ཆོས་ལུགས་མཐུན་ཚོགས་སོགས་ལ་ཡིག་གེ་བཏང་ནས་སྲུང་སྐྱོབ་ཡོང་ཐུབ་ཐབས་བརྒྱ་འཇུས་སྟོང་བྱེད་དགོས་པ་གལ་ཆེན་རེད། འུ་ཅག་བོད་མི་ཚོས་ལྟས་ནས་འདུག་པ་ལས་གཞན་འབྲེལ་ཡོད་སོགས་ལ་ལས་འགུལ་སྤེལ་ཐུབ་མི་གནང་བ་འདི་ཡ་མཚན་ཞིག་རེད་དེ་འདྲ་སོང་ཙམ་བླ་ཆེན་ཚོ་དང་འབྲེལ་ཡོད་ཚོས་ངེས་པར་དོད་སྣང་བྱེད་དགོས་པ་རེད།

    Reply
  2. ལྷ་སྡེ་གནམ་ལོ་ཡག says:
    ལོ་ 10 སྔོན།

    ཛ་དྲག་གི་གནས་ཚུལ་འདི་ཐད་ཀར་ཆོས་ལུགས་དང་འབྲེལ་བ་ཆགས་ཡོད་པས། ཉུང་མཐར་རྒྱལ་བ་རིན་པོ་ཆེ་གཙོར་གྱུར་བའི་ཕྱི་སྡོད་ཆོས་ལུགས་དབུ་ཁྲིད་ཁག་མཉམ་རུབ་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་བཤིགས་མཚམས་འཇོག་ཡོང་བའི་འབོད་བསྐུལ་བསྒྲགས་ཡིག་ཅིག་སྤེལ་རྒྱུ་ཧ་ཅང་གི་གལ་ཆེ། དེ་ལྟར་མ་གནང་ན་མ་འོངས་པར་རྒྱ་ཡིག་ནང་བཙན་བྱོལ་ནང་གི་ཆོས་ལུགས་དབུ་ཁྲིད་ལྷན་རྒྱས་འང་་མོས་མཐུན་ཡོད་པ་ལྟ་བུའི་དཔྱད་བརྗོད་ཡོང་ངེས་ཡིན་ལ། ལོ་རྒྱུས་ཁྲོད་ཀྱི་རྩོད་གཞིའང་ཆགས་ངེས་ཡིན།

    Reply
  3. ངག་དབང། says:
    ལོ་ 10 སྔོན།

    གསེར་རྟ་བླ་རུང་ཆོས་སྒར་དེ་ཉིད་སྔར་བཞིན་དར་ཞིང་རྒྱས་གྱུར་ཅིག

    Reply
  4. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    གསར་རྟ་བླ་རུང་དགོན་པ་རྒྱལ་གྱུར་ཅིག དགོན་པ་དེ་ཉིད་སྔར་བཞིན་དར་ཞིང་རྒྱས་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese