མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཧོང་ཀོང་གི་གནད་དོན་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་སྙན་ཐོ་ཞིག་བཏོན་ཏེ་དབྱིན་ཇིའི་གཞུང་གིས་དབྱིན་རྒྱ་གཉིས་དབར་གྱི་འབྲལ་ལམ་ལ་བསྐྱར་དུ་མནོ་བསམ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

indexདེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་མིག་དམར་ཉིན་དབྱིན་ཇིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་<<ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱས་པའི་མུན་ནག་གི་དུས་ཡུན་>><<The Darkest Moment: The Crackdown on Human Rights in China 2013-2016>>ཞེས་པའི་སྙན་ཐོ་ཞིག་བཏོན་ཏེ་དབྱིན་ཇིའི་གཞུང་གིས་ཕྱི་ལོ་ ༢༠༡༣ ལོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་བ་ནས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བྱུང་མ་མྱོང་བའི་དྲག་གནོན་ཤུགས་ཆེན་བྱེད་བཞིན་པར་གཞིགས་ནས་དབྱིན་ཇི་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ཐད་བསྐྱར་དུ་མནོ་བསམ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོ་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་བཏང་བ། ཧོང་ཀོང་གི་དཔེ་དེབ་དཔར་བསྐྲུན་འགྲེམ་སྤེལ་བ་ཚོ་བཀག་བསྐྱིལ་བྱས་པ། དེ་བཞིན་རྒྱ་ནང་གི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱས་པ་སོགས་བོད་དང་ཧོང་ཀོང་གྲོང་ཁྱེར་གྱི་གནས་སྟངས་དང་འབྲེལ་བའི་དཀའ་རྙོག་གཞན་མང་པོ་ཐེར་འདོན་བྱས་ཡོད་པ་མ་ཟད། དབྱིན་ཇིའི་གཞུང་གིས་རྒྱ་ནང་གི་འདས་པའི་མི་ལོ་ ༣ རིང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པའི་ཐད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། དབྱིན་ཇིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་དབྱིན་ཇིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ཐག་བཅད་པར་བློ་འཚབ་ཆེ་བ་དང་། རྒྱ་ནག་གཞུང་གིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁེ་ན་ཌའི་མཛངས་མ་ཨ་ན་སི་ཏ་ཤེ་ཡ་ལེན་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཁྲིན་ཀང་ཁྲུན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དྲུང་ཆེ་ཨན་སོན་ཁྲན། ཧོང་ཀོང་དམངས་གཙོ་ཚོགས་པ་གསར་འཛུགས་བྱེད་མཁན་མར་ཊེན་ལུའུ་སོགས་ཕྱིར་རྒྱ་ནག་ནང་ལོག་མི་ཆོག་པར་བཀག་སྡོམ་བྱས་ཡོད་སྐོར་སོགས་འཁོད་འདུག

དབྱིན་ཇིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛན་ཧྥའོ་ན་བྷ་རུ་སི་ (Fiona Bruce) ཟེར་བ་ཞིག་གིས། ང་ཚོས་ཕྱི་ལོ་ ༢༠༡༣ ལོ་ནས་ད་ལྟའི་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡུག་རུ་འགྲོ་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་བྱུང་བ་ལྟར་ན། གནས་སྟངས་དེ་ནི་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་འགུལ་བ་ཚོ་སྡེབ་གསོད་བཏང་བའི་དོན་རྐྱེན་རྗེས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་དེ་ཆགས་ཀྱི་ཡོད་སྟབས། དབྱིན་ཇིའི་གཞུང་གིས་དབྱིན་རྒྱ་གཉིས་དབར་གྱི་འབྲེལ་ལམ་ཐད་ལ་བསྐྱར་དུ་མནོ་བསམ་བཏང་སྟེ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་གྲོང་ཁྱེར་དང་རྒྱ་ནག་སྐམ་ས་ཆེན་མོའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བཞིན་པར་སྲུང་སྐྱོབ། དེ་བཞིན་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་མཐོར་འདེགས་ཡོང་ཐབས་ལ་མནོ་བསམ་གཏོང་དགོས་པར་ང་ཚོས་ཡིད་ཆེ་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། ཉེ་བའི་ལོ་ངོ་འདི་འགའི་རིང་དབྱིན་ཇིའི་སྲིད་དོན་པ་ཚོས་རྒྱ་ནག་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཚོང་ཤག་ཡག་ཤོས་ཤིག་ཆགས་པའི་གླེང་སློང་ལ་བརྟེན་ནས་དབྱིན་ཇི་དང་རྒྱ་ནག་གཉིས་བར་གྱི་ཉོ་འཚོང་གི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་བྱུང་ཡོད་པ་དང་། ན་ནིང་ཞི་ཅིན་ཕིན་གྱི་རྒྱལ་དོན་སྐོར་སྐྱོད་སྐབས་སུ་རྒྱ་ནག་དང་དབྱིན་ཇི་རྒྱལ་ཁབ་གཉིས་དབར་གཞི་རྒྱ་ཆེ་བའི་ཚོང་དོན་འབྲེལ་ལམ་ཁག་ཅིག་གཏན་འབེབ་བྱས་ཡོད་པ་དང་། སྐབས་དེའི་ཚོང་འབྲེལ་གཏན་འབེབ་ནང་དབྱིན་ཇིའི་ས་ཐོག་ནས་རྒྱ་ནག་གི་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་དབར་གསེར་མདོག་གི་དུས་རབས་ཞེས་པའི་འབྲེལ་ལམ་འཛུགས་རྒྱུར་ཕྱོགས་གཉིས་ནས་མོས་མཐུན་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. ཤར་མདའ། says:
    ལོ་ 10 སྔོན།

    གང་ལྟར་གནད་དོན་འདི་འགྲོ་བོད་དང་ཧོང་ཀོང་ཙམ་མ་ཡིན་པར་འགྲོ་བ་མའི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ངེས་པར་ཕྱོགས་སོ་སོས་ཐུགས་བསམ་གཏོང་རན་ཞིག་ཡིན་པར་ངོས་འཛིན་ཡོད་པ་རེད། འབྱུར་གྱུར་རྒྱ་ནག་དང་འབྲེལ་བའི་འཛམ་གླིང་ཐོག་གླེང་རྙོག་འདྲ་མིན་ཞིག་འབྱུང་བ་གསལ་བོ་རེད་ད་དུང་ངེས་པར་བོད་གཙོ་བོར་གྱུར་བའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཅེ་ངན་ཅེ་གཞན་འདུ་འགྲོ་གི་ཡོད་པ་འདི་གསལ་བོ་བཟོ་དགོས་པ་གལ་ཆེན་རེད་དྲན་ནས་ཡོད།

    Reply
  2. འཇིགས་མེད says:
    ལོ་ 10 སྔོན།

    ད་ལྟའི་བྱུང་བ་ལ་གཞིགས་ན། ད་ལྟར་དབྱིན་གཞུང་ཐོག་འཛམ་གླིང་མི་མང་གིས་ལྟ་ཚུལ་མི་ལེགས་པར་སྟབས་སྟུན་སོ་སོའི་མིང་མཐོར་འདེགས་ཀྱི་ཆེད་དུ་ལས། ་མི་རིགས་འདི་ལ་སྤྱི་སེམས་ཡོད་མེད་འཛམ་གླིང་ན་གསལ་ཟིན་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese