མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཡུ་རོབ་ཁུལ་སོགས་བོད་མི་མང་པོ་འདུས་སྡོད་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ནང་༧གོང་ས་མཆོག་བོད་ལུགས་ཀྱི་དགུང་གྲངས་ ༨༢ དང་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ཏུ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག

13624831_1067587979989952_53519813_nའདི་གར་ནག་མགོ་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དབྱིན་ཡུལ་དུ་གནས་བཞུགས་བླ་མ་བློ་བཟང་ལགས་ནས་ལོ་མང་རིང་སློབ་ཕྲུག་ ༧༠༠ ཡོད་པའི་གཞི་རིམ་སློབ་གྲྭ(whitchurch primary school )ཡི་རིག་གཞུང་ཚན་པའི་ནང་དུ། ལོ་ལྟར་ཟླ་བ་གསུམ་ཙམ་རིང་འཛིན་གྲྭ་རིམ་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་༧གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་བོད་མཐོ་སྒང་གི་མིས་འཚོ་བ་སྐྱེལ་སྟངས་དང་སྒོམ་ཀྱི་སྐོར་སློབ་འཁྲིད་གནང་བཞིན་ཡོད་ལ། སློབ་གྲྭ་དེའི་དགེ་རྒན་དང་སློབ་ཕྲུག ད་དུང་ཕ་མ་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སློབ་གྲྭ་དེའི་ནང་༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། དེའི་སྐོར་ལ་བླ་མ་བློ་བཟང་ལགས་ཀྱིས། སྐལ་བཟང་གི་གོ་སྐབས་འདི་ཐོབ་པ་ནི་རྒྱུན་དུ་ནས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། འཛམ་གླིང་མི་མང་དང་ལྷག་པར་སློབ་གྲྭ་འདིའི་སློབ་ཕྲུག་རྣམས་ཀྱི་སེམས་ནང་ཤིན་ཏུ་དགའ་བའི་ངང་གུས་བརྩི་ཆེན་པོ་བྱེད་ཡོད་པའི་ཚོར་སྣང་ཞིག་སྐྱེས་བྱུང་། གང་ཡིན་ཟེར་ན་ཆབ་སྲིད་ཀྱི་ཐད་ནས་བཤད་ན་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ཀྱང་། མི་མང་དང་སློབ་ཕྲུག་ཚོའི་ངོས་ནས་༧གོང་ས་མཆོག་ལ་རྒྱུན་དུ་ནས་དད་གུས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཅེས་དང་། ང་ཚོ་བོད་མི་ཚོས་ངེས་པར་དུ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཤོར་བ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་སོང་ཞེས་གསུངས་འདུག

D8A8518ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཏེ། ཐའེ་པའེ་གློག་བརྙན་ཁང་དུ་བདུན་ཕྲག་གཅིག་ཙམ་རིང་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དང་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་དང་། དུས་ཆེན་གྱི་མཛད་སྒོའི་ཐོག་ཐའེ་ཝན་ནང་གནས་སྡོད་བོད་རིགས་ཀྱི་གཙོས་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་ནང་པའི་ཆོས་ཚོགས་སུམ་ཅུ་སོ་ལྔ་ལྷག་ཙམ་གྱི་སྐུ་ཚབ་དང་ཚོགས་མི་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་འཛོམས་ཡོད་འདུག ཁ་སང་ཕྱི་ཚེས་ ༦ ཉིན་ཐའེ་ཝན་་གྱིརྒྱལ་ས་ཐའེ་པའེ་ནང་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཀྱིས། Dr. Sun Yat-sen དྲན་རྟེན་ཚོགས་ཁང་ཆེན་མོའི་ནང་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྲོང་ཁྱེར་ཀའོ་ཤོང་ (Kaoshiung) ནང་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་འདུག

1ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའི་ནང་རྟེན་གཞི་བྱས་པའི་ཨོ་ཀུ་ར་གསོལ་མགྲོན་ཁང་(Hotel Okura)དུ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་ཡོད་པ་དང་། དུས་ཆེན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ཉི་ཧོང་གི་གནད་ཡོད་མི་སྣ། ཉི་ཧོང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ། ཉི་ཧོང་ནང་གི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ས་གནས་བོད་རིགས་བཅས་འཛོམས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་༸གོང་ས་མཆོག་གི་མཛད་རྣམ་དང་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་སྐོར་ནས་གསུང་བཤད་གནང་བ་དང་ཆབས་ཅིག ཉི་ཧོང་གཞུང་མང་གཉིས་ནས་ད་བར་༸གོང་ས་མཆོག་ལ་གུས་བཀུར་དང་དགའ་ཞེན། དེ་བཞིན་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པ་དེ་བོད་མི་རྣམས་ཀྱི་སྙིང་སྟོབས་ཀྱི་གཞི་རྟེན་ལྟ་བུ་ཆགས་ཡོད་སྐོར་གསུངས་ཡོད་འདུག

ཊ༣༣༤༥ཡཏཁ་སང་ཨོ་སི་ཊོ་ལི་ཡའི་སིད་ནི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་(Mackellar girl ‘s campus)ཚོགས་ཁང་ནང་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་(NSW)མངའ་སྡེའི་གྲོས་ཚོགས་འཐུས་གཉིས་དང་། སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་ཐག་གཅོད་ལགས་སོགས་ཕེབས་ཡོད་པ་དང་། མཛད་སྒོའིི་ཐོག་མར་དགེ་འདུན་པ་རྣམས་ཀྱིས་ཞབས་བརྟན་གསོལ་འདེབས་གནང་གྲུབ་རྗེས་སྐུ་མགྲོན་རྣམ་པས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེ་ནས་གླུ་གར་འཁྲབ་སྟོན་དང་རྐང་སྤོལ་འགྲན་སྡུར་སོགས་གནང་ཡོད་འདུག་ལ། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་གི་བོད་མིའི་འདུས་སྡོད་ཁུལ་གཞན་གྱི་ནང་དུའང་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

མཆན། 1

  1. བཀྲ་ཤིས། says:
    ལོ་ 10 སྔོན།

    ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐུའི་འཁྲུངས་སྐར་སྲུང་གཙི་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་རྡ་ས་ནས་འཁྲུངས་སྐར་ཞུ་སྐབས་བོད་མིའི་སྲོག་རྩ་སྐད་ཡིག་ཟེར་གྱིན་གསུང་བཤད་རྒྱང་བསྒྲགས་མ་ཞིག་གནང་ཡང་དོན་གྱིས་ལག་ལེན་མེད་པའི་ཁ་ཕོ་སྒྲོག་པ་ནི། གཞུང་གི་ལས་བྱེད་རུལ་སུངས་པ་རྣམས་ཀྱི་ཟ་སྐལ་དུ་མངགས་པའི་སྒོ་ངའི་བག་ལེབ་ཅིག་གི་ཐོག་བོད་ཡིག་ལ་མཐོང་མེད་པར་བྱས་པ་ནི་ཆེས་དགོད་བྲོ་ཞིང་སྲིད་སྐྱོང་གི་ཕྱག་ལས་ངོ་མ་དང་། རང་གཞུང་ལ་བོད་ཡིག་མི་དགོས་པའི་ཁ་རང་འགུལ་གྱིས་གྲག་ཏུ་བཅུག་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese