མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་མའི་རྒྱུགས་འབྲས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་ད་ལོའི་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་བའི་ཁྲོད་རྒྱུགས་མ་འཕྲོད་མཁན་གཅིག་ཀྱང་མེད་པ་དང་། སྐབས་བཞི་བའི་དགེ་བཤེས་མའི་རྒྱུགས་འབྲས་རྩེར་སོན་བཙུན་མ་ ༡༢ གྱི་མཚན་གཞུང་གསལ་བསྒྲགས་བྱས་འདུག

IMG_5640ད་ལོའི་ཕྱི་ཟླ་ལྔ་པའི་དྷ་ས་དགེ་ལྡན་ཆོས་གླིང་བཙུན་དགོན་དུ་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་བའི་ལས་དོན་ལེགས་གྲུབ་བྱུང་རྗེས། སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་བརྒྱད་ཀྱིས་རྒྱུགས་ཞུགས་བཙུན་མ་རྣམས་ཀྱི་གཞུང་ཆེན་འབྲི་རྒྱུགས་ཁག་ལ་ཞིབ་འཇུག་གནང་བ་དང་། སཱ་ཪ་མཐོ་སློབ་དང་བོད་ཀྱི་དཔེ་མཛོད་ཁང་གི་དགེ་ལས་གཉིས་ནས་བརྡ་སྤྲོད་དང་དེང་དུས་ཚན་རིག་གི་འབྲི་རྒྱུགས་ལ་ཞིབ་འཇུག་གནང་སྟེ་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་ནས་མཐའ་མའི་རྒྱུགས་འབྲས་ཕྱོགས་བསྡོམས་གསལ་བསྒྲགས་སྤེལ་བའི་ནང་། ཐེངས་འདིའི་ལོ་རིམ་ཁག་བཞི་རུ་བཙུན་མ་གྲངས་ ༤༤ རྒྱུགས་ཞུགས་གནང་བའི་ཁྲོད་དུ་རྒྱུགས་མ་འཕྲོད་མཁན་གཅིག་ཀྱང་མེད་པ་དང་། དགེ་བཤེས་མའི་རྒྱུགས་འབྲས་རྩེར་སོན་བཙུན་མ་ ༡༢ གྱི་མཚན་གཞུང་བཏོན་པའི་ནང་། ལོ་རིམ་དང་པོའི་ཁྲོད་དུ། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བློ་བཟང་ཆོས་སྒྲོན་ལགས་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་ངག་དབང་ཆོས་འཛོམས་ལགས། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བཀྲ་ཤིས་ལྷ་མོ་གསུམ་དང་། ལོ་རིམ་གཉིས་པའི་ཁྲོད་དུ། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས་དང་ཟླ་བ་ཆོས་འཛོམས་ལགས། བསྟན་འཛིན་རྣམ་གྲོལ་ལགས། ལོ་རིམ་གསུམ་པའི་ཁྲོད་དུ། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་དབང་མོ་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་བློ་བཟང་ལྷ་མོ་ལགས། བཙུན་མ་ངག་དབང་དཔལ་སྐྱིད་ལགས། ལོ་རིམ་བཞི་བའི་ཁྲོད་དུ། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་གི་བཙུན་མ་རྣམ་གྲོལ་ཕུན་ཚོགས་ལགས་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་བཙུན་མ་ལྷ་མོ་གུ་རུང་ལགས། བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བསྟན་འཛིན་ཀུན་གསལ་ལགས་བཅས་ཡིན་འདུག

དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་འདི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་ཏེ། བོད་ཀྱི་བཙུན་མའི་ལས་འཆར་ཚོགས་ཆུང་དང་མཉམ་རུབ་ཐོག་ལག་བསྟར་ཞུས་པ་ཞིག་ཡིན་ཞིང་། སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་དང་། དེ་བཞིན། སཱ་ར་མཐོ་སློབ་དང་བོད་ཀྱི་དཔེ་མཛོད་ཁང་བཅས་ཀྱི་མཐུན་འགྱུར་འོག ད་ལོའི་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་བསྒྲུབ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༢ བའི་ཐོག་དགེ་བཤེས་མའི་བསླབ་པ་མཐར་སོན་ལོ་རིམ་བཞི་པའི་བཙུན་མ་ ༢༠ ཡིས་རྟེན་འབྲེལ་དམ་འཇོག་དང་། ༧གོང་ས་མཆོག་གི་སྐུ་མདུན་ནས་དགེ་བཤེས་མའི་མཚན་གནས་ཀྱི་ཕྱག་ཁྱེར་གསོལ་རས་བཞེས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

༢༠༢༦/༠༡/༡༥

མཆན། 1

  1. བཀྲིས་ཚེ་རིང་། says:
    ལོ་ 10 སྔོན།

    དགེ་བཤེས་མ་རྣམས་ལ་ཡི་རངས་དང་། གུས་དུད་ཚད་མེད་ཞུ། འདི་ནི་དོན་དམ་གྱི་ཕོ་མོ་འདྲ་མཉམ་རྩོད་ཚུལ་ཡིན་པ་ལས། དོན་མེད་རྙོག་གླེང་འདྲ་མིན་གྱིས་བོད་པའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མི་མཉམ་ཞེས་འུར་སྒྲོག་བྱེད་པ་དེ་ཚོ་དང་མི་མཚུངས་པས་ལྷག་ཏུ་བསྔགས་བརྗོད་ཞུ། དགའ་ལྡན་ཁྲི་པར་བུ་མེད་ཞིག་ཕེབས་ཐུབ་པར་ཡིད་ཆེས་དང་རེ་སྒུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese