མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་དགེ་རྒན་ཚོར་བོད་སྐད་བོད་ཡིག་སྦྱོང་དུ་འཇུག་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཡོངས་ནས་སློབ་གྲྭར་སྙན་ཞུ་ཕུལ་ཏེ་སློབ་འབྲིང་དེའི་ནང་རྒྱ་རིགས་དགེ་རྒན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པས་འཛིན་གྲྭ་ཆེད་འཛུགས་ཀྱིས་ཁོང་ཚོར་བོད་ཡིག་བོད་སྐད་སྦྱོང་དུ་འཇུག་དགོས་པའི་རེ་བ་བཏོན་འདུག

13735468_1029667620463996_1547588859_nརྒྱ་ནག་གཞུང་གིས་བྱིས་གཉོར་ཁང་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་བྱེད་པར་ཐབས་ཇུས་སྣ་ཚོགས་བཏོན་ཏེ། རྒྱ་རིགས་དགེ་རྒན་མང་པོ་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་ལས་བགོས་ཆེད་གཏོང་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་ པའི་བོད་རིགས་སློབ་མ་ཡོངས་ནས་སློབ་གྲྭར་སྙན་ཞུ་ཕུལ་ཏེ། ཉེ་བའི་ལོ་ཤས་ནས་བཟུང་མི་རིགས་སློབ་འབྲིང་དེའི་ནང་རྒྱ་རིགས་དགེ་རྒན་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་ཙམ་དུ་གཏོང་ཉེན་ཆེ་བས། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དགོས་པའི་རྒྱལ་ཁབ་ཀྱི་གཏན་འབེབས་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་ཟད། ད་ཡོད་ཀྱི་རྒྱ་རིགས་དགེ་རྒན་ཚོར་ཆེད་དུ་འཛིན་གྲྭ་བཙུགས་ཏེ་བོད་ཡིག་བོད་སྐད་སྦྱོང་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད་པ་དང་། རེ་བ་དེ་མངོན་འགྱུར་མ་བྱུང་བར་དུ་ཞུ་གཏུག་མཚམས་འཇོག་རྒྱུ་མིན་སྐོར་བརྗོད་འདུག

དེ་ཡང་བོད་རིགས་སློབ་མ་ཚོའི་སྙན་ཞུའི་ནང་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མི་རིགས་རང་སྐྱོང་གི་སྲིད་ཇུས་ཀྱིས་རིགས་སོ་སོའི་མི་རིགས་མངའ་ཁོངས་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་མི་རིགས་རང་སྐྱོང་ས་ ཁུལ་ནས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ཆོག་པ་དང། མི་རིགས་རང་གི་མངའ་ཁོངས་རང་གིས་བདག་པོར་བརྒྱག་པ། རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་བྱས་ཆོག་པ། ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་མི་རིགས་གྲངས་ཉུང་དང་རྒྱ་རིགས་མི་རིགས་གྲངས་ཉུང་ཕན་ཚུན་གྱི་བར་སྔར་ལས་ལྷག་པའི་ངང་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཡོད། དེ་བས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པའི་ ཆ་ནས་དེ་ལ་ཏང་གི་ཡང་དག་པའི་སྲིད་ཇུས་ལག་བལྟར་བྱས་སྟེ། དེའི་མངའ་ཁོངས་བོད་རིགས་ཀྱི་བདག་པོར་བརྒྱག་པ་དང་དེའི་མངའ་ཁོངས་ནས་བོད་རང་གི་སྐད་དང་ཡི་གེ་བཀོལ་དགོས། སྒོས་སུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནི་མི་རིགས་སློབ་འབྲིང་ཞིག་ཡིན་པས་སློབ་གྲྭ་འདིའི་ནང་མི་རིགས་རང་གི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས་པ་དེ་སློབ་མ་ཚོས་མ་བཤད་ཀྱང་རང་རིགས་ལ་ཤ་ཞེན་ཆེ་བའི་ཁྱོད་ཚོས་མཁྱེན་ངེས་ཡིན། ཞེས་བརྗོད་འདུག

ཡང་སྙན་ཞུ་ནང་། ཉེ་བའི་ལོ་འདི་དག་གི་ནང། རང་སློབ་གྲྭ་སྟེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ནང། རྒྱ་མིའི་དགེ་རྒན་ཇེ་མང་ནས་ཇེ་མང་རེད། སྣང་ཚུལ་འདི་ནི་རྣོ་ངར་གྱི་རལ་ཁྲི་སོ་གཉིས་མ་ཞིག་སྟེ། འདིས་ཕྱོགས་གཅིག་ནས་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་རུ་གཏོང་ཉེན་ཆེ། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་དགེ་རྒན་ཇེ་མང་དུ་ཕྱིན་པ་དེ་ཡིས་སློབ་གྲྭར་དགེ་རྒན་གྱིས་མི་འདང་བའི་གནད་དོན་ཞིག་ཐག་གིས་བཅད་པ་དང་ཡང་ཕྱོགས་གཞན་ཞིག་ནས་ གནད་དོན་ཞིག་བཟོས་པ་རེད། ད་ནི་ངེད་སློབ་མ་ཚོས་གནད་དོན་འདི་ཐག་གཅོད་དགོས་པའི་རེ་བ་ཞུས་པ་ཡིན། རེ་བ་འདི་ནི་སློབ་མ་གཅིག་དང་གཉིས་ཀྱི་རེ་བ་མིན་ལ་འདི་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཡོངས་ཀྱི་རེ་བ་ཡིན། ང་ཚོས་སློབ་གྲྭ་ལ་རེ་བ་འདི་ལྟར་ཞུ་འདོད་དེ། ང་ཚོ་སློབ་མ་ཡོངས་ནས་སློབ་གྲྭས་དགེ་རྒན་འཚོལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཞིག་ཡིན་པ་རྒྱུས་ལོན་དང་བསམ་ཤེས་བྱེད་ཐུབ། འོན་ཀྱང། ང་ཚོས་རྒྱུས་ལོན་དང་བསམ་ཤེས་འདི་འདྲ་ཞིག་ལ་བརྟེན་ནས་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་དང་ཕྱིའི་རྣམ་པ་ཙམ་དུ་འགྱུར་ཏུ་འཇུག་མི་འདོད་ལ་འགྱུར་ ཏུ་འཇུག་ཀྱང་མི་སྲིད། ང་ཚོས་སློབ་གྲྭ་འདིའི་ནང་གི་རྒྱ་མིའི་དགེ་རྒན་ཚང་མ་ཕྱིར་ཕུད་གཏོང་དགོས་པའི་རེ་བ་མི་འདོན་ལ། རྒྱ་མིའི་དགེ་རྒན་སློབ་གྲྭ་འདིའི་ནང་ཡོང་བར་གཏན་འགོག་བྱ་དགོས་པའི་རེ་བའང་མི་འདོན། ང་ཚོ་སློབ་མ་ཡོངས་ནས་རང་སློབ་གྲྭའི་སློབ་གཙོ་གཙོས་པའི་མཐོ་རིམ་མགོ་ཁྲིད་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གྲངས་ཉུང་ས་ཁུལ་ནས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་དགོས་པའི་ཡང་དག་པའི་སྲིད་ཇུས་ལག་བལྟར་བྱས་སྟེ་རང་སློབ་ གྲྭའི་ནང་གི་རྒྱ་རིགས་དགེ་རྒན་ཚང་མར་བོད་སྐད་ཡིག་སྦྱང་སའི་འཛིན་གྲྭ་ཞིག་གཙོ་སྒྲིག་བྱས་ཏེ་ཁོང་ཚོ་ལའང་རང་ཅག་གི་སྐད་ཡིག་སྦྱང་དུ་འཇུག་རྒྱུའི་རེ་བ་ཞུས་པ་ཡིན། རེ་བ་འདི་ཇི་སྲིད་མངོན་འགྱུར་མ་བྱུང་བར་ང་ཚོས་དེ་སྲིད་མཚམས་མི་འཇོག འདི་ནི་ང་ཚོ་མི་རིགས་སོ་སོ་ཐ་དད་ཏུ་བྱས་ནས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་པ་མིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྐད་ ཆ་བཤད་པའང་མིན། དེ་ལས་ལྡོག་སྟེ། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ཡོང་ཆེད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་ཁྲིམས་ལག་བསྟར་བྱས་པ་ཙམ་ལས་ཆབ་སྲིད་དང་འགལ་བའི་སྐད་ཆ་བཤད་པ་མིན། ཞེས་བརྗོད་འདུག་ལ། མཇུག་ཏུ་མཐོ་འབྲིང་འཛིན་གྲྭ་དང་པོ་ནས་གསུམ་པ་བར་གྱི་འཛིན་གྲྭ་ཁང་བཅུ་ཡི་བོད་རིགས་སློབ་མའི་སྐུ་ཚབ་ ༢༢ ཀྱིས་མིང་རྟགས་བརྒྱབ་འདུག

ཉེ་སྔོན་འདི་གའི་གསར་འགོད་པས་བོད་ནས་གསར་དུ་འབྱོར་བའི་རྔ་བ་ཁུལ་གྱི་དགེ་འདུན་པ་ཞིག་ལ་ཁོའི་ཕ་ཡུལ་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་བོད་རིགས་དགེ་རྒན་དང་རྒྱ་རིགས་དགེ་རྒན་གང་མང་བ་ཡོད་དྲིས་པར་ཁོང་གིས། ངའི་ཕ་ཡུལ་གྱི་དགེ་རྒན་མང་ཆེ་བ་རྒྱ་རིགས་རེད། བོད་རིགས་དགེ་རྒན་ཉུང་ཉུང་རེད། རྒྱ་རིགས་དགེ་རྒན་ཚོས་བོད་སྐད་ཤེས་ཀྱི་མི་འདུག སློབ་ཕྲུག་ཚོ་སློབ་གྲྭར་སོང་རྗེས་ངེས་པར་དུ་རྒྱ་ཡིག་རྒྱ་སྐད་སྦྱོང་དགོས་པ་རེད། ཁོར་ཡུག་གི་དབང་གིས་རྒྱ་ཡིག་རྒྱ་སྐད་སྦྱོང་རྒྱུ་ཅུང་སླ་པོ་འདུག ཅེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་བུད་མེད་མཉམ་འབྲེལ་དྲ་རྒྱ་ཞེས་པའི་གཞུང་འབྲེལ་དྲ་བའི་ཐོག་ གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་སོགས་གྲོང་ཁྱེར་དང་ཞིང་ཆེན་ཁག་ ༡༧ ནས་བོད་རང་སྐྱོང་ལྗོངས་ཀྱི་ནང་ཁྱོན་དགེ་རྒན་ ༧༠༠ ཙམ་ཆེད་གཏོང་བྱས་ཏེ། ལོ་ངོ་ ༣ རིང་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དགེ་རྒན་བྱ་རྒྱུ་ཡིན་པ་དང་། རུ་ཁག་དང་པོའི་དགེ་རྒན་ ༧༦ བོད་དུ་འབྱོར་ཟིན་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་གཞིས་ཀ་རྩེ་དང་ཉིང་ཁྲི། ལྷོ་ཁ། ཆབ་མདོ་བཅས་ཀྱི་སློབ་གྲྭ་ཁག་ཏུ་ལས་ཞུགས་བྱས་ཡོད་སྐོར་བརྗོད་འདུག་ལ། ཉེ་བའི་ལོ་འདི་དག་ནང་བོད་རིགས་མཐར་ཕྱིན་སློབ་མ་མང་པོར་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཕྱི་ཕྱོགས་ནས་ཡོང་བའི་ལས་འཚོལ་བ་ཚོར་ལས་ཀའི་གོ་སྐབས་མང་པོ་སྤྲོད་བཞིན་ཡོད་པ་དེར་ཚོད་འཛིན་བྱེད་དགོས་པའི་ཞུ་གཏུག་ལས་འགུལ་ཡང་སྤེལ་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese