མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་སྐྱེས་པ་ཚོ་ཆང་རག་ལ་དགའ་བ་ལས་དཔེ་དེབ་ཀློག་མཁན་ཉུང་དོན་ཅི།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ནོར་བསམ།

༢༠༡༦།༧།༡༤ དགོང་དྲོ་༸སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་མཁན་སྦྱིན་པ་ལགས་ཀྱི་གསུང་བཤད་ཉན་རྗེས་ཐད་ཀར་བྲིས།

དུས་རྒྱུན་ང་ཚོས་མཁས་པའི་གཏམ་བཤད་གོ་སྒྲིག་བྱེད་སྐབས་གསུང་བཤད་ཉན་མཁན་གྱི་རྐུབ་སྟེགས་སྟོང་པར་ལུས་པའི་དཀའ་ངལ་ཡོད་ཀྱང་། དེ་རིང་རྐུབ་སྟེགས་མི་ཐོབ་པའི་དཀའ་ངལ་བྱུང་བ་དེ་ནི་གསུང་བཤད་གནང་མཁན་དགེ་བཤེས་ལགས་སུ་མང་ཚོགས་ནས་འཛིན་པའི་གུས་ཞབས་དང་བརྩི་མཐོང་ཡིན་ངེས། དེ་ནི་རྩོམ་པ་པོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྒན་གྲས། གསུང་བཤད་ལས་རིམ་གཙོ་སྐྱོང་གནང་མཁན་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་པའི་བཀའ་མོལ་རེད།

ང་ལ་ཕྲུ་གུ་བུ་མོ་གཉིས་ཡོད། ཁོ་གཉིས་ཀྱིས་ངའི་ནང་ལ་བོད་རིགས་སྐྱེས་པ་སླེབས་པ་ལས་བོད་རིགས་བུད་མེད་སླེབས་ན་དགའ་བ་བྱེད་ཀྱི་འདུག དེའི་རྒྱུ་མཚན་ནི་བོད་རིགས་སྐྱེས་པ་ཚོ་སླེབས་སྐབས་སྦི་རག་འཐུང་བ་ལས་ཕྲུ་གུ་མཉམ་དུ་ལབ་གླེང་གིས་དུས་ཚོད་གཏོང་གི་མེད་ལ། དུས་རྒྱུན་དཔེ་དེབ་ཀློག་མཁན་དཀོན་པས་ཡིན་ངེས། དེ་ནི་ ༢༠༡༦ ཟླ་ ༧ ཚེས་ ༡༤ ཉིན་རྒྱབ་ཆུ་ཚོད་ལྔ་པའི་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་འོག་ The Relevance of Empathy and Compassion in Professional work ཞེས་པའི་བརྗོད་གཞིའི་གསུང་བཤད་གནང་མཁན་༸སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུངས་པའི་བཀའ་མོལ་དུམ་བུ་གཅིག་རེད།

དངོས་ཡོད་འཚོ་བའི་ནང་ང་ཚོས་མཐོང་ཐོས་བྱུང་བར་གཞིགས་ན། བོད་པ་ཚོ་༸གོང་ས་མཆོག་གཙོས་པའི་རང་རང་སོ་སོའི་བླ་མའི་དྲུང་ནས་ཚེ་དབང་སོགས་བཀའ་དབང་དང་། རྗེས་སྣང་ཞུ་རྒྱུར་དགའ་བ་ལས། ལམ་རིམ་དང་བློ་སྦྱོང་སོགས་འཁྲིད་ཆེན་ཞུ་བར་ཡོང་མཁན་ཉུང་ཉུང་རེད། ད་དུང་གསུང་ཆོས་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆོས་ཞུ་བ་ཚོས་དོ་སྣང་ཆེན་པོས་བླ་མས་གང་གསུངས་པར་གཟབ་ནན་གྱིས་ཉན་ཅིང་། ཟིན་བྲིས་དང་སྒྲ་འཇུག་བྱེད་མཁན་མང་ཡང་། བོད་པ་ཚོས་ཕེབས་ལམ་གཡས་གཡོན་ལ་མཇལ་ཁ་ཞུ་རྒྱུ་གཙོ་བོར་འཛིན་པ་ལས་གསུང་ཆོས་དངོས་གཞི་གནང་སྐབས་ཟིན་བྲིས་རྒྱབ་རྒྱུ་བལྟ་ཅི། ཕན་ཚུན་གླེང་མོལ་དང་རྔན་པ་སྤྲོད་རེས་ཀྱིས་རང་ཉིད་གསུང་ཆོས་མ་ཉན་ཙམ་མ་ཟད་འཁྲིས་སུ་ཡོད་པའི་དོ་སྣང་ཆེན་པོས་གསུང་ཆོས་ཉན་མཁན་རྣམས་ལའང་དོ་ཕོགས་ཀྱིས་བར་ཆད་བཟོ་ཡི་ཡོད། འོན་ཀྱང་ངས་བོད་རིགས་ཁྲོད་གསུང་ཆོས་ལ་དོ་སྣང་བྱེད་མཁན་གཅིག་རྐྱང་ཡོད་མ་རེད་ཅེས་ཁ་མཚོན་གཅོད་ཀྱི་མེད་པར་མང་ཉུས་ལྟོས་ནས་བཤད་ཀྱི་ཡོད། འོ་ན་བོད་རིགས་སྐྱེས་པ་ཚོ་མཁས་པའི་གསུང་བཤད་ཉན་མཁན་ཉུང་བ་དང་། དཔེ་དེབ་ཀློག་མཁན་ཉུང་ཉུང་ཡིན་དོན་གང་ཡིན་ནམ། བོད་པ་ཚོས་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་གལ་ཆེར་འཛིན་པ་ལས་གསུང་ཆོས་གཟབ་ཉན་གྱིས་ཉན་པ་དང་། བཀའ་སློབ་དང་བཀའ་རྩོམ་ཁག་ལ་སློབ་སྦྱོང་བྱེད་མཁན་ཉུང་དོན་གང་ཡིན་ནམ།

བོད་ནང་གི་རྩོམ་པ་པོ་ཞིག་གིས། དཔེ་དེབ་དོར་བ་ནི་ཤེས་ཡོན་དོར་བ་ཡིན། ཞེས་གསུངས་པར་བལྟས་ན་དཔེ་དེབ་ཀློག་མཁན་ཉུང་བའི་དཀའ་ངལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མིན་པར་། གཞིས་ལུས་བོད་མིའི་སྤྱི་ཚོགས་ནང་ལའང་ཡོད་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བོད་མི་ཕལ་ཆེ་བ་ཚལ་ཉོ་བར་འགྲོ་མྱོང་ལ། གླ་བྱེད་སྣུམ་འཁོར་ནང་ལའང་བསྐྱོད་མྱོང་ཡོད། འོན་ཀྱང་རྒྱ་གར་བ་ཚལ་འཚོང་མཁན་དང་། སྣུམ་འཁོར་ཁ་ལོ་བས་ཉིན་ལྟར་ཚགས་ཤོག་དོ་སྣང་ཆེན་པོས་ཀློག་པར་དོ་སྣང་མ་བྱས་པའམ། ཡང་ན་ལེགས་ཆ་མ་བླངས་དོན་གང་ཡིན་ནམ། ཁོ་ཚོས་ཉིན་ལྟར་ཚགས་ཤོག་མ་ཆད་པར་ཀློག་ཐུབ་ཀྱི་ཡོད་ནའང་། ང་ཚོས་ཉིན་གྲངས་བཅུ་རེའི་ནང་འདོན་སྤེལ་བྱེད་བཞིན་པའི་བོད་ཀྱི་དུས་བབ་ཚགས་ཤོག་དང་། བདུན་རེའི་ནང་འདོན་སྤེལ་བྱེད་བཞིན་པའི་བོད་བང་ཆེན་ཚགས་ཤོག ཟླ་རེ་དང་སྐབས་རེ་ཟླ་གཉིས་རེའི་མཚམས་ཐེངས་རེ་འདོན་སྤེལ་བྱེད་བཞིན་པའི་ཤེས་བྱ་ཚགས་དེབ་ཆ་ཚང་བ་ཀློག་མཁན་ཧ་ཅང་དཀོན་དོན་གང་ཡིན་ནམ།

ད་དུང་ང་ཚོ་མང་པོ་ཞིག་གིས་གསུང་བཤད་ཉན་པར་སླེབས་ནའང་། གསུང་བཤད་ཉན་རྗེས་དུས་ཚོད་སྟངས་འཛིན་གྱིས་གནད་དུ་སྨིན་པའི་དོགས་འདྲི་ཚིག་ཉུང་དོན་བསྡུས་འདྲི་མི་ཤེས་པར་། དྲི་བ་དང་གཏམ་བཤད་གང་ཡིན་དོ་བདག་འདྲི་མཁན་སོ་སོས་ཀྱང་མི་ཤེས་པར་འགྱུར་དོན་གང་ཡིན་ནམ།

ངས་གོང་དུ་དྲི་བ་མང་པོ་བྲིས་པ་དེ་ནི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གསུང་བཤད་ཀྱི་ནང་དོན་ལས་ཐོབ་པའི་འབྲས་བུ་ཞིག་ཡིན་སྙམ། ཁོང་གིས་རང་ཉིད་ཀྱི་གནས་ཚད་ལ་ཞུ་དག་བྱེད་དགོས་པ་ལས་དག་སྣང་དབང་དུ་འགྲོ་མི་ཉན། དཔེར་ན། རང་ཉིད་ཀྱི་ཨིན་ཡིག་གནས་ཚད་ལེགས་ཉེས་ཤེས་འདོད་ན། ཨིན་ཡིག་རྒྱལ་སྤྱིའི་སྐད་ཡིག་ཡིན་པས་རྒྱལ་སྤྱིའི་གནས་ཚད་དང་བསྡུར་དགོས་པ་ལས་བོད་པ་ནང་ཁུལ་བསྡུར་ནས་ཡག་པོ་ཡོད་བསམ་ན་ནོར་འཁྲུལ་རེད། ཅེས་དང་། ད་དུང་ཁོང་གིས། གཞུང་གི་ལས་བྱེད་ཚོས་མི་མང་ལ་མར་བལྟས་པ་ལས། སྤྱི་ཚོགས་ཞབས་ཞུ་ཡིན་བསམ་ནས་ཡར་བལྟ་མཁན་ཉུང་ཉུང་རེད། ཅེས་གསུངས་པ་དེ་ནི་༸གོང་ས་མཆོག་གིས་གསུངས་པའི་ལས་བྱེད་ཚོ་ནི་མི་མང་གི་ཞབས་ཞུ་བ་ Civil Servant ཡིན་པ་ལས་དཔོན་པོ་མ་ཡིན་པ། སྐུ་དྲག་གསར་པ་བྱེད་མི་ཉན་སྐོར་གསུངས་པ་དང་ཅིས་མི་མཚུངས། འོ་ན་སྤྱི་ཚོགས་ཞབས་ཞུ་བ་ཡིན་པ་ལས་སྐུ་དྲག་གསར་པ་ཡིན་བསམ་མཁན་ཡོད་ན་འགྲིག་གི་རེད་དམ།

ཁོང་གིས། བརྗོད་གཞིའི་ནང་གི་ཨིན་ཡིག་ཚིག་ Empathy ཞེས་པ་ནི་དུས་རབས་ཉི་ཤུའི་འགོ་སྟོད་ལ་བྱུང་བའི་ཚིག་ཡིན་པ་དང་། བོད་ཡིག་ཐོག་ནང་དོན་ཆ་ཚང་མཚོན་པའི་མིང་ཚིག་གོ་བདེ་ལ་ཡིག་འབྲུ་ཉུང་བ་གཅིག་ད་ལྟ་གཏན་འབེབས་མེད་ཀྱང་། དོན་དུ་ང་ཚོའི་ཁ་དཔེར་ཡོད་པ། རང་སར་མི་བཞག མི་སར་རང་བཞག ཞེས་དེ་རེད། ཅེས་གསུངས་སོང་། འོ་ན་སྤྱི་ཚོགས་སམ་མི་མང་ཞབས་ཞུ་བ་ཚོས་རང་སར་མི་བཞག་པ་དང་། མི་སར་རང་བཞག་ནས་མི་མང་གི་བདེ་སྡུག་ཉན་ཐུབ་པ་དང་། སེལ་ཐབས་བྱ་རྒྱུ་གལ་ཆེན་ཡིན་པ་བཞིན་ལག་བསྟར་བྱ་ཐུབ་ཚེ་ལས་ཁུངས་སུ་བཅར་མཁན་མི་མང་ཚོའི་སེམས་ལ་དགའ་བས་མྱོས་ངེས། ད་དུང་ཁོང་གིས། Depression ཡིད་ཞུམ་པའི་ནད་གཞི་ཕོགས་མཁན་རྣམས་ལ་སྨན་ལས་དྲན་པ་ཉེར་བཞག་ mindfulness སྒོམ་རྒྱབ་ན་ཕན་རླབས་ཆེན་པོ་ཡོད། ཅེས་གསུངས་པ་དེས་ང་ཚོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པ་བསྟན་ཡོད་པས། དེ་ནི་༸གོང་ས་མཆོག་གིས་དེང་སྐབས་ཕྱི་རྒྱལ་ཡུལ་ཁག་ལ་བོད་མི་རྣམས་ལ་དམིགས་བསལ་བཀའ་སློབ་གནང་སྐབས་བཀའ་སློབ་ཕལ་ཆེ་བའི་ནང་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་གཉེར་བྱ་རྒྱུ་གལ་ཆེའི་བཀའ་སློབ་བསྩལ་བཞིན་པ་དང་ཅིས་མི་མཚུངས། ད་དུང་ངའི་གོ་ཐོས་ལ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱང་དེང་སྐབས་ཕྲུ་གུ་གཉིས་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཐོབ་སླད་ཆེད་དུ་རྒྱ་གར་ལ་ཕེབས་པ་རེད་ཟེར།

འོ་ན་དེབ་ཀློག་པ་དང་། སློབ་སྦྱོང་བྱས་པའི་འབྲས་བུའམ། བྱེད་དགོས་དོན་གང་ཡིན་སྙམ་ན། ཁོང་གིས། ཐོས་རྟགས་ཞི་ཞིང་འདུལ་བ། ཞེས་ལུང་འདྲེན་གྱིས་རང་བརྒྱུད་ཞི་འདུལ་བག་ཡོད་ཀྱིས། མུ་མཐུད་སློབ་སྦྱོང་བྱ་སེམས་མ་ཉམས་པ་བྱ་དགོས་སྐོར་གསུངས་སོང་། སློབ་སྦྱོང་བྱས་པའི་གྲུབ་དོན་རང་རྒྱུད་ཞི་འདུལ་བག་ཡོད་ཅན་ཆགས་རྒྱུ་ལས། ང་མཁས་པ་དང་། ང་འཇོན་ཤོས། ང་ལ་ནོར་འཁྲུལ་མེད་བསམ་ནས་གཞན་ལ་གཉའ་གནོན་དང་། དག་སྣང་གིས་གཞུང་དོན་འཐུས་ཤོར་གཏོང་མཁན་ཞིག་མི་ཡོང་བ་བྱ་རྒྱུའི་དོན་ཡིན་འདུག གསུང་བཤད་གནང་མཁན་དང་གོ་སྒྲིག་གནང་མཁན་ཡོང་ལ་ཐུགས་རྗེ་ཆེ་ཞུ། བཀྲ་ཤིས་བདེ་ལེགས།།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༡༥ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༡༧ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

མཆན། 2

  1. ཚེ་སྒྲུབ་བསྟན་འཕེལ། says:
    ལོ་ 7 སྔོན།

    Empathy: གཞན་ཚོར་ཤེས་ནུས། གང་ཟག་གཞན་གྱི་ཚོར་བ་དང་མྱོང་ཚོར་སོགས་རྟོགས་ཐུབ་པའི་ནུས་པ།
    ཞེས་ཤེས་རིག་ལས་ཁུངས་ནས་ཐ་སྙད་འདི་གཏན་འབེབས་ཟིན་འདུག་པས་ཚིག་ཉུང་དོན་འཕེར་ཡོད་མེད་སོ་སོས་དཔཡྡ་ཞིབ་ཀྱིས་དོན་ལ་གནས་ཡོད་ན་བེད་སྤྱོད་གནང་གལ།

    Reply
  2. བསོད་ནམས་རྡོ་རྗེ། says:
    ལོ་ 7 སྔོན།

    བྲིས་པ་བཟང་བས་བསྔགས་བརྗོད་ཡོད། འོན་ཀྱང་གཅིག་གསལ་པོ་ཆགས་མི་འདུག་པ་ནི་empathyཞེས་པ་བོད་ཀྱི་ཐ་སྙད་དུ་གང་ཡིན་ནམ་སྙམ་པ་དེ་རེད། དགེ་བཤེས་ལགས་ཀྱིས་སྤྱིར་བཏང་ཙམ་ལས་བརྗོད་གཞི་དང་འབྲེལ་བ་ཡོད་པ་དེ་ཙམ་གསུངས་མ་སོང་ངམ། ཁྱད་མཚར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist