མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྣ་ས་ཁུལ་གྱི་མཐའ་སྲུང་རྒྱ་དམག་གི་སྒྲིག་འཛུགས་སྐོར་གླེང་པ།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་དྷ་རམ་ས་ལའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱ་ནག་གི་མཐའ་མཚམས་དམག་སྒར་སྐོར་ཉམས་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་སུ་གླེང་མོ་བརྒྱུད་རྒྱ་ནག་གི་དམག་སྒར་སྐོར་ལ་རྒྱུས་ལོན་བྱས།

tibettimesབསོད་ནམས་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཁོང་གི་ཕ་ཡུལ་བོད་ཀྱི་མཐའ་མཚམས་སུ་འཁེལ་བའི་ལྷོ་ཁ་མཚོ་སྣ་རྫོང་བཀྲ་མཐོང་ཤང་ཡིན་པ་དང་། མཚོ་སྣ་རྫོང་ཁོངས་སུ་རྒྱ་ནག་གི་དམག་སྒར་ ‘རང་རྐྱ་འཕེར་བའི་དམག་སྒར’ ཞེས་པའི་རུ་ཤོག་ཨང་གཉིས་པ་ཞིག་ཡོད་པ་དང་། ཁོང་བཀྲ་མཐོང་ཤང་གི་གཞུང་བཙུགས་སློབ་གྲྭ་ནས་ཐོན་སྐབས། མཚོ་སྣ་རྫོང་སྲིད་གཞུང་གི་མངགས་བཀོད་ལྟར་ས་གནས་མི་མང་ལ་དངུལ་ཕྲན་བུ་རེ་སྤྲད་དེ་དམག་ཆས་དབོར་འདྲེན་བྱེད་ཀྱིན་ཡོད་པ་དང་། སྐབས་དེར་ཁོ་རང་ཡང་ལས་ཀ་དེར་ཞུགས་མྱོང་ཡོད་འདུག བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་དོན། “ང་རང་གིས་དངོས་སུ་དམག་སྒར་ལ་ལས་ཀ་ཏོག་ཙམ་བྱས་ཏེ། མཚོ་སྣ་རྫོང་ཁོངས་ཀྱི་དམག་སྒར་ཁག་གི་གནས་ཚུལ་གང་འཚམ་ཤེས་ཀྱི་ཡོད་སྟབས། ད་ལྟ་ང་རང་གིས་ཉམས་ཞིབ་བྱེད་ཡུལ་གྱི་བརྗོད་གཞི་དེ་ང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།” ཅེས་བརྗོད་སོང་།

བསོད་ནམས་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་ལ་དམག་ཁུལ་ཆེན་པོ་རྒྱ་སྐད་ནང་ཅཱོན་ཟེར་བ་ ༧ ཡོད་པ་དང་། དེའི་ཁྲོད་ཀྱི་ཅཱོན་གཅིག་བོད་ཀྱི་རྒྱལ་ས་ལྷ་སར་བཙུགས་ཡོད་འདུག དམག་ཁུལ་དེའི་ཡན་ལག་རུ་ཤོག་མང་པོ་བོད་ཀྱི་མཐའ་ཚམས་མཚོ་སྣ་དང་ཀོང་པོ། ལྷུན་རྩེ། གྲོ་མོ། མངའ་རིས་སོགས་སུ་བཙུགས་ཡོད་འདུག རྒྱ་ནག་གཞུང་གིས་དམག་ཁུལ་ཅཱོན་གཅིག་གི་ནང་དུ་དམག་མི་ཁྲི་གཅིག་རེ་ཡོད་སྐོར་རྗོད་ཀྱི་ཡོད་ཀྱང་། ཕྱི་ཕྱོགས་ཀྱི་སྲིད་དོན་དབྱེ་ཞིབ་པ་ཚོས་བོད་རང་སྐྱོང་ལྗོངས་ནང་ཉུང་མཐར་དམག་མི་འབུམ་གཅིག་ལྷག་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

མཚོ་སྣ་རྫོང་གི་དམག་སྒར་ལ་རུ་དཔོན་གཙོ་གཞོན་གཉིས་ཡོད་པ་ལས། རུ་དཔོན་གཉིས་པ་དེ་མཚོ་སྣ་རྫོང་རིམ་པ་དང་པོའི་མགོ་གཙོའང་ཡིན་འདུག རུ་ཤོག་ཨང་གཉིས་པའི་ནང་ཁྱོན་དམག་མི་ ༢༠༠༠ ལྷག་ཡོད་པ་དང་། དེ་མདའ་ཤོག་ ༡༢ ལ་བགོས་ཏེ་བོད་ཀྱི་མཐའ་མཚམས་སྲུང་གི་ཡོད་འདུག ད་ལྟ་ཀོང་པོར་ཡོད་པའི་དམག་སྡེ་ཨང་ལྔ་གཉིས་པ་དང་། ཨང་ལྔ་གསུམ་པ་དེ་གཉིས་སྔོན་ཆད་ ༡༩༦༢ ལོར་རྒྱ་གར་གྱི་མཐའ་མཚམས་སུ་དམག་རྒྱག་མཁན་དེ་ཡིན་པ་དང་། དམག་སྒར་དེའི་ཡན་ལག་མེ་སྒྱོགས་རུ་ཤོག་གཅིག་རྩེད་ཐང་དུ་བཞག་ཡོད་འདུག་ལ། ལོ་གཉིས་གསུམ་གོང་དམག་སྡེ་ཨང་ལྔ་གཉིས་པའི་ཆ་ཤས་མདའ་ཤོག་གཉིས་མོན་རྟ་དབང་གི་ས་མཚམས་ལི་པུ་ཟེར་ས་དེར་བཏང་ཡོད་འདུག

སྤྱིར་རྒྱ་ནག་གི་མཐའ་མཚམས་སུ་དམག་ཤོག་རིམ་པ་གསུམ་ཡོད་པ་དང་། རིམ་པ་དཀྱིལ་མའི་ནང་ལོ་བཅོ་བརྒྱད་ཐོག་དམག་ཁོངས་སུ་ཞུགས་པ་དང་ལོ་ཉེར་བཞིའི་ཐོག་དམག་ཁོངས་ནས་འཐོན་བཞིན་ཡོད་འདུག དམག་ཤོག་རེ་རེའི་ནང་ལོ་ལྟར་དམག་མི་དྲུག་བཅུ་བདུན་བཅུ་རེ་བསྡུ་བཞིན་ཡོད་པ་དང་། དམག་མི་གསར་པ་ཚོས་ཐོག་མ་དམག་མིའི་རླངས་འཁོར་སྐོར་བ་དང་། རླངས་འཁོར་བཟོ་བ་སོགས་ཀྱི་ལས་བྱེད་ཀྱིན་ཡོད་འདུག རིམ་པ་དཀྱིལ་མའི་ནང་གི་དམག་མི་ཁ་ཤས་ལོ་གསུམ་རིང་དམག་མིའི་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་པ་དང་། སློབ་གྲྭ་ཐོན་རྗེས་དམག་མི་ཉེར་ལྔ་ལས་གྲུབ་པའི་མདའ་ཤོག་གི་མདའ་དཔོན་དུ་བསྐོ་བཞིན་ཡོད་འདུག་ལ། ལོ་གཅིག་གི་རྗེས་སུ་རུ་དཔོན་ལ་བསྐོ་བཞིན་ཡོད་འདུག

བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྗོད་དོན། “དགུ་བཅུ་གོ་གྲངས་ནང་རྒྱ་ནག་གི་དམག་མིའི་གླ་ཕོགས་ཞེ་དྲགས་དམའ་བོ་རེད། དམག་མིའི་གྱོན་ཆས་གང་འཚམས་ཡག་པོ་ཡོད་ཀྱང་། ཟླ་གཅིག་ལ་གླ་ཆ་རྒྱ་སྒོར་ ༢༠ ཙམ་རེད། དེང་སྐབས་རུ་དཔོན་ཞིག་ལ་ཟླ་ཕོགས་སྒོར་ཁྲི་གསུམ་ལྷག་ཡོད་པ་དང་། མདའ་དཔོན་ཞིག་ལའང་རྒྱ་སྒོར་སྟོང་ཕྲག་བཅུ་བདུན་བཅོ་བརྒྱད་རེད། དམག་མི་ཚོའི་ཟ་མ་ཧ་ཅང་ཡག་པོ་ཡོད་པ་རེད། ཉིན་རེར་ཕག་ཤ་དང་བྱ་ཤ གཡག་ཤ་དང་ཉ་ཤ་སོགས་ཤ་རིགས་སྣ་ཚོགས་རྒྱ་མ་གཅིག་དང་ཕྱེད་ཀ འབྲས་རྒྱ་མ་བདུན། དེའི་ཁར་ཕྱེ་དང་སྣུམ་སོགས་ཡོད་པ་རེད། རྒྱ་ནག་གི་དམག་དཔོན་ཞིག་གིས་ལོ་ ༢༠  རིང་ལས་ཀ་བྱས་ཏེ་རྒན་ཡོལ་ཞུ་དུས་རྒན་ཡོལ་དངུལ་རྒྱ་སྒོར་ཁྲི་ཉིས་བརྒྱ་སུམ་བརྒྱ་ཡོད་པ་དང་། དམག་དཔོན་རེ་ཟུང་གིས་དམག་སྒར་གཅིག་ནས་རྒན་ཡོལ་ཞུས་རྗེས། དམག་ཁུལ་གཞན་ནས་ལས་ཀ་བྱས་ཏེ་མཐའ་མར་དམག་སྒར་གཉིས་ནས་རྒན་ཡོལ་དངུལ་ལེན་མཁན་དེ་འདྲའང་ཡོད་པ་རེད།” “སྔོན་ཆད་རྒྱ་ནག་གི་མཐའ་སྲུང་དམག་མི་ཚོས་རྒྱང་མཐོང་བེད་སྤྱོད་གཏོང་གི་ཡོད་ཀྱང་། ༢༠༠༢ ལོ་ནས་བཟུང་རི་སྒང་དག་ལ་བརྙན་པར་ལེན་སྤྱད་ཀྱི་འཕྲུལ་ཆས་རིགས་བཙུགས་ཏེ། མཐའ་མཚམས་ཀྱི་གནས་སྟངས་ཚང་མ་བརྙན་པར་བླངས་ཏེ། དམག་སྒར་ཁག་ཏུ་གློག་ཀླད་ནང་ལྟ་ཞིབ་བྱེད་ཀྱིན་ཡོད་པ་རེད།” ཅེས་བརྗོད་བྱུང་།

མཚོ་སྣ་རྫོང་ས་ཁུལ་གྱི་བོད་མི་ཚོ་རྒྱ་དམག་གི་གཡོ་འོག་ཏུ་ཚུད་ཀྱི་ཡོད་སྐོར་བརྗོད་དོན། “དགུ་བཅུ་གོ་གྲངས་ལ་མཚོ་སྣ་རྫོང་དུ་རྒྱ་ནག་གི་དམག་མང་པོ་བསླེབས་སྐབས། བོད་ཀྱི་མཐའ་མཚམས་ཁག་ཏུ་རླངས་འཁོར་གྱི་ལམ་ཁ་མེད་སྟབས། ས་གནས་མི་མང་ཚོར་གླ་ཆ་སྤྲད་དེ་དམག་ཆས་དབོར་བ་དང་། དམག་གུར་ཕུབ་པ། ཟ་མ་བཟོ་བ་སོགས་ཀྱི་ལས་ཀ་བྱས་ཏེ་མི་མང་ལ་དངུལ་ཏོག་ཙམ་རག་ཡོད་པ་རེད། ལྷག་པར་དུ་ཕྱིས་སུ་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་དམག་སྒར་ཁག་ལ་འགྲོ་གྲོན་ཤུགས་ཆེན་བཏང་སྟེ། གཞུང་ལམ་བཟོ་བ་དང་སྡོད་ཁང་རྒྱག་པ། དམག་སྒར་ཁག་ཏུ་འཕྲུལ་ལས་རིགས་འདྲ་མིན་བཙུགས་པ་བཅས་ལ་བརྟེན་ཏེ། ས་གནས་མང་ཚོགས་རྒྱ་དམག་གི་གཡོག་ལ་བརྒྱུགས་ཏེ་དངུལ་ཡག་པོ་རག་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་དམག་སྒར་གྱི་འཚོ་བ་ཡར་རྒྱས་བཏང་བ་དང་བསྟུན་ཏེ་ས་གནས་བོད་མི་ཚོར་ཡང་འབྲས་དང་གྲོ་ཕྱེ། ཤ་དང་སྣུམ་སོགས་གང་འཚམས་རག་སྟེ་མི་མང་པོ་ཞིག་དེ་ལ་མགོ་འཁོར་ནས་བསྡད་ཡོད་པ་རེད།” ཅེས་བརྗོད་བྱུང་།

“ ཡིན་ནའང་ཕྱོགས་ཆེ་ས་ནས་བལྟས་ན་བོད་པ་ཚོར་གྱོང་ཆེན་པོ་ཞིག་རེག་གི་ཡོད་པ་གསལ་བོ་རེད། བོད་པའི་མཐའ་མཚམས་དམག་སྒར་ཁག་འཛུགས་སྐྲུན་རྒྱ་སྐྱེད་བྱས་པ་དང་བསྟུན་ཏེ། ས་རྐོ་རྡོ་སློག་གིས་རྩྭ་ས་མང་པོ་འཕྲོག་བརླག་ཏུ་གཏོང་གི་ཡོད་པ་དང་། མཚོན་ཆ་སྣ་ཚོགས་བེད་སྤྱོད་ཀྱིས་དམག་སྦྱོང་བྱས་ཏེ། མཁའ་དབུགས་དང་རྒྱུག་ཆུ། དེ་བཞིན་རང་བྱུང་ཁོར་ཡུག་སོགས་ལ་གཏོར་བརླག་ཚབས་ཆེན་བཏང་བ་ལ་བརྟེན་ཏེ། ས་གནས་བོད་མི་ཚོའི་ཕྱུག་ཟོག་ལ་ཤི་སྐྱོན་དང་། མིའི་འཕྲོད་བསྟེན་ལའང་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པ་རེད། དཔེར་ན། ལྷ་སར་འགྲོ་སའི་ཆུ་ཤུལ་སྣེ་གདོང་ལྷ་ཆེན་པོ་ཞེས་རི་བོ་ཆེན་པོ་ཞིག་ཡོད་པ་རེད། བརྒྱད་བཅུ་གྱ་གྲངས་ནས་གནས་རི་དེ་བསྐོས་པ་རེད། རྗེས་སུ་རི་དེའི་སྒང་དུ་རྩ་སྐྱེ་རྒྱུ་མེད་པ་ཆགས་སོང་། ས་གནས་མང་ཚོགས་ཀྱིས་རི་དེའི་ཁོག་པར་རྒྱ་དམག་གི་མཚོན་ཆ་འབོར་ཆེན་སྦུས་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།” ཅེས་བརྗོད་བྱུང་།

མཚོ་སྣ་རྫོང་གི་དམག་གི་ལས་འགན་སྐོར་ངོ་སྤྲོད་གནང་དོན་ལྟར་ན། མཚོ་སྣ་རྫོང་ལ་རྫོང་དཔོན་གཉིས་ཡོད་པ་དང་། རྫོང་དཔོན་གཞོན་པ་དེས་དམག་ཁུལ་གྱི་ཐོན་ཀྲང་གཞོན་པའི་འགན་ཡང་གཅིག་ལྕོག་འཁུར་གྱི་ཡོད་འདུག ཁོའི་འོག་ཏུ་དམག་མི་ ༢༠༠༠ ལྷག་ཡོད་ཅིང་། དེ་དག་གི་ལས་འགན་གཙོ་བོ་མཐའ་མཚམས་སྲུང་རྒྱུ་དེ་ཡིན་ཞིང་། མཐའ་སྲུང་དམག་སྒར་གྱི་འོག་ཏུ་ཡུལ་དམག་ཟེར་བ་ཞིག་ཀྱང་ཡོད་འདུག མཚོ་སྣ་ས་ཁུལ་དུ་དམག་སྒར་དང་སྤྱི་བདེ་ཉེན་རྟོག་ཁང་གི་ལས་འགན་ཕན་ཚུན་མཉམ་འབྲེལ་ཡིན་པ་དང་། མཐའ་སྲུང་དམག་སྒར་འོག་ཏུ་སྤྱི་བདེ་མངགས་གཏོང་ཁང་ཡོད་པ་དང་། སྤྱི་བདེ་མངགས་གཏོང་ཁང་གི་འོག་ཏུ་དྲག་ཆས་ཉེན་རྟོག་དཔུང་དམག་ཡོད་འདུག དྲག་ཆས་ཉེན་རྟོག་དཔུང་དམག་འོག་ཏུ་ཉེན་བརྡ་ཁང་ཟེར་བ་ཞིག་ཀྱང་ཡོད་པ་དང་། ཉེན་རྟོག་པ་ཚོས་ཉེས་ཅན་སུ་ཞིག་འཛིན་བཟུང་བྱས་ན་དྲག་ཆས་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese