མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་མཁའ་འགྲོ་ཨ་རུ་ནཱ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་བདམས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་འཐོན་བྱུང་བའི་ལས་འཁུར་དམ་འབུལ་ཞུས་ཡོད་འདུག

tibettimes-དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་འཐོན་གསལ་ལྟར་ན། ཁ་སང་ཚེས་ ༡༦ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་ཆུའི་ཐོན་ཁུངས་བློན་ཆེན་པདྨ་མཁའ་འགྲོ་མཆོག་མངའ་སྡེའི་གྲོས་ཚོགས་ཀྱི་ཀཱང་རི་སི་ཚོགས་པའི་དབུ་ཁྲིད་ལ་རྒྱལ་ཁ་ཐོབ་སྟེ། དེ་རིང་ཚེས་ ༡༧ ཉིན་གྱི་སྔ་དྲོར་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་དུ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་འཁུར་བཞེས་པའི་དམ་འབུལ་ཞུས་ཡོད་པ་དང་། ཁོང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐབས་དགུ་བ་ཡིན་ཞིང་། ད་ལྟ་རང་ལོ་ ༣༧ ཡིན་སྟབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལོ་ན་ཆུང་ཤོས་དེ་ཆགས་ཡོད་འདུག

པདྨ་མཁའ་འགྲོ་མཆོག་ནི་དེ་སྔའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་འདས་པོ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་བུ་ཡིན་པ་དང་། ཁོང་ཕ་བུ་གཉིས་བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འབྲེལ་ལམ་ཧ་ཅང་ཡག་པོ་འཛིན་མཁན་ཞིག་ཡིན་ཞིང་། རྡོ་རྗེ་མཁའ་འགྲོ་མཆོག་ ༢༠༡༡ ལོར་གནམ་གྲུའི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད།

པདྨ་མཁའ་འགྲོ་ཕ་བུ་གཉིས་ནི་ཕྱི་ལོ་ ༢༠༡༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་ཀྱི་སྦྱིན་བདག་གཙོ་བོ་ཡིན་པ་དང་། སྐབས་དེར་འདི་གའི་གསར་འགོད་པས་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞུས་པའི་དུམ་བུ་ཞིག་གཤམ་དུ་བཀོད་ཡོད།

pema-wid-HH-DLདྲི་བ། ཉིད་ཀྱི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་སྐབས་ངྷ་རམ་ས་ལར་བཅར་བ་སོགས་བོད་མི་མང་དང་བོད་དོན་ལའང་ཤ་ཚ་ཡོད་མཁན་ཞིག་རེད། ཁྱེད་རང་གིས་བོད་མི་དང་བོད་པའི་རྩ་དོན་ཐོག་ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་དམ།


ལན།
ང་རང་གི་ཡབ་དམ་པར་མཚོན་ན་བོད་མི་མང་ལ་ཤ་ཚ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ངས་གསལ་བོ་ཤེས་ཀྱི་ཡོད། དེ་ཆབ་སྲིད་ཀྱི་དགོས་མཁོ་དང་མི་སྒེར་གྱི་ཁེ་ཕན་དེ་འདྲ་ཁྱོན་ནས་མ་རེད། སེམས་གཏིང་ནས་བོད་མི་མང་ལ་དགའ་ཞེན་ཡོད་པ་རེད། ཁོ་རང་གིས་བོད་མི་ཚོར་ག་རེ་གནང་ཐུབ་པ་དེ་གནང་བ་རེད། མ་གཞི་ང་རང་གིས་ཡབ་དམ་པའི་དགོངས་གཞི་དང་ལས་དོན་གལ་ཆེན་དག་རྒྱུན་སྐྱོང་རྒྱུའི་དམ་བཅའ་ཡོད་ལ། ང་རང་སྒེར་ངོས་ནས་ཀྱང་བོད་མི་མང་ལ་རྒྱབ་སྐྱོར་རོགས་རམ་གང་ཐུབ་པ་དེ་བྱ་རྒྱུའི་ཆོད་སེམས་སྔོན་མ་ནས་ཡོད། ཨ་རུ་ན་ཅལ་ཕྱོགས་སུ་བོད་པའི་གཞས་ཆགས་ཁག་ ༤ ཙམ་ཡོད་པ་རེད། ང་རང་ལས་དོན་ཞིག་གི་ཞོར་དུ་ཏེ་ཛུ་བོད་མིའི་གཞས་ཆགས་སུ་ཕྱིན་ཏེ་གཞས་ཆགས་ཀྱི་མགོ་བར་ཆེད་དུ་ཐུག་པ་ཡིན། གཞས་ཆགས་ནང་དཀའ་ངལ་ག་རེ་ཡོད་མེད་དྲིས་སྐབས། ཁོ་རང་གིས་འཐུང་ཆུའི་སྐོར་གྱི་དཀའ་ངལ་ཞིག་ལབ་སོང་། ཁྲོན་པ་བརྐོ་དགོས་ཀྱི་ཡོད་པ་འདྲ། ངས་དེ་ལ་ཧིན་སྒོར་འབུམ་བཞི་ ༤༠༠༠༠༠ སྤྲད་པ་ཡིན། རྗེས་སུ་ཁོང་གིས་ཁྲོན་པ་བརྐོས་ཏེ་འབུམ་ ༢ ཙམ་ལས་ཕྱིན་མ་སོང་ཟེར། དངུལ་ལྷག་པ་དེ་དག་ཀྱང་ང་ལ་ཕྱིར་སློག་མི་དགོས། སློབ་གྲྭ་དང་གཞས་ཆགས་ཀྱི་དཀའ་ངལ་ཐོག་གཏོང་རོགས་ཞེས་བཤད་ཡོད། གཞས་ཆགས་གཞན་དག་ལའང་སོ་སོ་སྒེར་ཡིན་ན་འདྲ་ལ། གཞུང་ཡིན་ནའང་འདྲ། རོགས་པ་ག་རེ་བྱ་དགོས་ཀྱང་ནུས་པ་ཡོད་ཚད་འདོན་དགོས་བསམ་ཡོད། བོད་ནས་གསར་དུ་སྐྱབས་བཅོལ་ལ་ཡོང་མཁན་ཚོར་ཡང་རོགས་པ་ག་འདྲ་ཞིག་བྱ་ཐུབ་ན་བསམ་ནས་སེམས་ལ་ཐེངས་ཁ་ཤས་དྲན་སོང་། ཡིན་ནའང་ད་སྔ་རོགས་པ་དེ་འདྲ་བྱས་མྱོང་མེད། ཁ་སང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལའང་ཐུག་སོང་། ཁོ་རང་མ་འོངས་པར་ཨ་རུ་ན་ཅལ་དུ་ཕེབས་རྒྱུའི་འཆར་གཞི་ཞིག་ཡོད་པ་འདྲ། ང་རང་སྒེར་དང་གཞུང་གང་ནས་རོགས་རམ་དགོས་ཀྱང་གསུངས་དང་འབད་བརྩོན་ཞུ་ངེས་ཡིན་ཞེས་ཁས་ལེན་ཞུས་ཡོད།  ༼   བཅར་འདྲི་ཧྲིལ་བོ་ཀློག་འདོད་ན་འདིར་གནོན། ༽

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༥ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 2

  1. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    ཕ་བཟང་བུ་མངའ་སྡེའི་སྤྱི་ཁྱབ་ཏུ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. བསམ་གཏན་དོན་གྲུབ། says:
    ལོ་ 10 སྔོན།

    ཕ་དམ་པ་མཆོག་གི་བུ་བཟང་བོར་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད། སྐུ་མཆོག་ཉིད་མངའ་སྡེ་བློན་ཆེན་དུ་བསྐོ་བཞག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese