མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱ་གར་མཐའ་མཚམས་སུ་བཙན་འཛུལ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་བརྒྱུད་ཨུ་ཊར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལགས་ཀྱིས་རྒྱ་ནག་གི་མཐའ་སྲུང་དམག་མིས་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་བཙན་འཛུལ་བྱས་ཡོད་སྐོར་བརྗོད་འདུག

485927-chinese-india-border-arunachal-lacཁ་སང་རྒྱ་གར་བྱང་བརྒྱུད་ཨུ་ཊར་ཁན་ (Uttarakhand) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ར་ཝ་ཊི་ (Rawat) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གི་མཐའ་མཚམས་དམག་གིས་རྒྱ་གར་བྱང་བརྒྱུད་མཐའ་མཚམས་ཆ་མོ་ལེ (Chamoli) ཁུལ་དུ་གློ་བུར་བཙན་འཛུལ་བྱས་པའི་གནས་ཚུལ་དེ་བདེན་པ་ཡོད་སྐོར་བརྗོད་འདུག

སྤྱི་ཁྱབ་བློན་ཆེན་ར་ཝ་ཊི་ལགས་ཀྱིས། ད་ལྟའི་བར་རྒྱ་གར་བྱང་བརྒྱུད་ཀྱི་མཐའ་མཚམས་ས་ཁུལ་དེ་ཞི་བདེ་ལྷིང་འཇགས་ཡིན་ནའང་། རྒྱ་ནག་གི་མཐའ་སྲུང་དམག་མིས་གློ་བུར་བཙན་འཛུལ་བྱས་པ་ནི་ཧ་ཅང་བློ་འཚབ་ཀྱི་གནད་དོན་ཞིག་ཡིན་པ་དང་། རྒྱ་གར་མཐའ་སྲུང་དམག་ (ITBP) གིས་མཐའ་མཚམས་ས་ཁུལ་དེར་སྔར་བས་སོ་སྲུང་ནན་མོ་དགོས་པ་མ་ཟད། ཨུ་ཊ་ར་ཁན་མངའ་སྡེའི་སྲིད་གཞུང་གིས་གནད་དོན་དེར་དོ་སྣང་བྱེད་དགོས་སྐོར་བརྗོད་འདུག

རྒྱ་གར་གྱི་ནང་སྲིད་བློན་ཆེན་ཀེ་རིན་རེ་རྗེ་རྗུ་ (Kiren Rijiju) ཡིས། ཨུ་ཊ་ར་ཁན་མངའ་སྡེའི་སྲིད་གཞུང་གིས་གནས་ཚུལ་དེ་ནི་རྒྱ་ནག་གི་མཐའ་སྲུང་དམག་མིས་ཧམ་འཛུལ་བྱས་པ་ཡིན་མིན་སྐོར་ལ་རྟོགས་ཞིབ་གནང་སྟེ། དངོས་ཡོད་གནས་ཚུལ་གསལ་བསྒྲགས་བྱ་དགོས་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་གར་བྱང་བརྒྱུད་ཨུ་ཊར་ཁན་ (Uttarakhand) མངའ་སྡེ་དེ་ནི་རྒྱ་དཀར་ནག་གི་མཐའ་མཚམས་སུ་འཁེལ་ཡོད་པ་དང་། མངའ་སྡེ་དེ་ནས་རྒྱ་ནག་གི་ས་མཚམས་བར་སྤྱི་ལེ་ ༣༥༠ ལྷག་ཡོད་ཅིང་། འདས་པའི་ལོ་ངོ་ཁ་ཤས་ནང་རྒྱ་ནག་གི་མཐའ་སྲུང་དམག་དཔུང་གིས་རྒྱ་གར་བྱང་བརྒྱུད་ཀྱི་མཐའ་མཚམས་ཁུལ་དེར་ཐེངས་དུ་མར་ཧམ་འཛུལ་བྱས་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་བཅིངས་གྲོལ་དམག་མི་ ༢༥༠ ཡིས་རྒྱ་གར་གྱི་བྱང་ཤར་བརྒྱུད་ཀྱི་ཨ་རུ་ན་ཅལ་མངའ་སྡེའི་ཀ་མང་ (Kameng) ཁུལ་དུའང་བཙན་འཛུལ་བྱས་ཡོད་པ་དང་། གནས་ཚུལ་དེ་ནི་ཉེ་ཆར་རྒྱ་གར་གཞུང་རྒྱལ་ཁབ་ཉེར་བརྒྱད་ཀྱིས་གྲུབ་པའི་རྡུལ་ཕྲན་མཚོན་ཆའི་ཚོགས་པའི་འཐུས་མིར་ལངས་རྒྱུར་འབད་བརྩོན་གནང་བ་དང་། པེ་ཅིན་གཞུང་གིས་དེ་ལ་ངོ་རྒོལ་བྱས་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese