མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཁྱད་ཆོས་ལྡན་པའི་པཎ་ཆེན་དང་དུས་འཁོར་དབང་ཆེན།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

གསེར་རྟ་བླ་རུང་སྒར་བཙན་གྱིས་གཏོར་ནས་དམར་ལེབ་ལེབ་ཀྱི་དམ་པའི་ཆོས་ཀྱི་ཞིང་ས་དེར་ཐལ་རྡུལ་འཚུབ་པའི་ཕྱི་ཉིན་དེ་རང་ལ། གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་རྒྱལ་མཚན་ནོར་བུ་ལགས་ཀྱིས་དུས་དབང་ཐེངས་དང་པོ་གནང་སོང་ལ། དེར་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་ནས་བླ་མ་བརྒྱ་ལྷག་དང་། གྲྭ་བཙུན་ ༥༠༠༠ ལྷག་ཅིག་བཅས་ཁྱོན་སྐྱ་སེར་འབུམ་གཅིག་ལྷག་བསྡུས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་དུ་བྱུང་མ་མྱོང་བའི་དུས་དབང་གི་འདུ་འཛོམས་ཆེ་ཤོས་ཐོག་མ་དེ་རེད་ཅེས་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་བསྒྲགས་སོང་བ་མ་ཟད། དུས་དབང་གྲོལ་རྗེས་སུ་ཕྱོགས་ཡོངས་ཀྱི་རྒན་རྒོན་ཁག་ཅིག་ལ་སྐད་ཆ་དྲིས་ཏེ། རྒྱལ་མཚན་ནོར་བུ་ལགས་ལ་དད་འདུན་མཚོན་ཐབས་ཀྱི་འཁྲབ་སྟོན་ཚན་པ་ཞིག་ཀྱང་བསྟན་སོང་།

རྒྱ་གཞུང་གི་དྲིལ་བསྒྲགས་དེ་དག་ཧི་མ་ཡ་ལའི་དབུ་རྩེ་ནས་བརྒལ་ཏེ་བཙན་བྱོལ་དུ་བསླེབས་མ་ཐག་ཕྱི་སྡོད་བོད་རིགས་ཚོ་དང་། ལྷག་པར་དུ་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་ཀྱི་སེར་སྐྱ་མི་མང་གི་མངོན་འདོད་བཅས་རྩིས་མེད་རྡོག་རོལ་བཏང་ནས་ཐོག་མར་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་སྡིག་ཉེས་དང་། ད་ལྟའི་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པར་གཏོང་བའི་ཁྲིམས་མེད་ལུགས་མེད་ཀྱི་སྲིད་ཇུས་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་རྒོལ་གཏམ་བསྒྲགས་པ་མ་ཟད། བཞུགས་ཁྲི་ཞིག་ལ་དགུང་ལོ་ ༦ ནས་བཟུང་གར་ཡོད་ཅི་བྱུང་མེད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་བཤམས་ཏེ་མཇལ་དར་བསྒྲོན་ནས་དད་གུས་དང་གསོལ་འདེབས་ཞུས་སོང་། རྒོལ་གཏམ་དྲག་པོ་དེ་དང་དད་གུས་གཙང་མ་དེ་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་རྒོལ་གཏམ་དང་དད་འདུན་ཡང་རེད་ཅེས་བཤད་ཆོག་གི་ཡོད།

གང་ལྟར་ཡང་རྒྱ་ནག་གིས་ལོ་ངོ་ ༥༠ དང་ ༦༠ ཟེར་བའི་ལོ་རྒྱུས་འཁུར་ཡོང་སྟེ་དེ་རིང་གི་འགྱུར་ལྡོག་དང་འཕེལ་རྒྱས་གླེང་བ་ནི། ཁེ་དབང་གཅིག་སྡུད་རིང་ལུགས་ཀྱི་གཞུང་ཞིག་ལ་མཚོན་ན་གྲུབ་འབྲས་ཤིག་དང་གཟི་བརྗིད་ཅིག་ཏུ་རྩི་ཆོག་པ་ཞིག་ཡིན་སྲིད་མོད། དུས་རབས་ཕྱེད་ཀ་ཞིག་གི་ལོ་རྒྱུས་གླེང་སྟེ། དེ་རིང་གི་ཆབ་སྲིད་ཀྱི་དགོས་མཁོ་མང་པོའི་སྟོང་ཆ་སྐོང་ཐབས་བྱེད་པ་ནི་ཕྱོགས་གཅིག་ནས་ཨ་ཆད་འུ་ཐུག་པའི་བྱེད་སྟངས་ཤིག་ཅི་ལ་མིན། ཐེངས་འདིའི་དུས་འཁོར་དབང་ཆེན་གནང་རྒྱུར་བདུན་ཕྲག་གཅིག་ལྷག་ཡོད་དུས་ནས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དུ། རྒྱལ་མཚན་ནོར་བུར་བླ་མ་གོང་མ་རྣམས་ནས་བརྒྱུད་པའི་དབང་ལུང་མན་ངག་ཕུན་སུམ་ཚོགས་ཤོས་ཐོབ་ཡོད་པ་མ་ཟད། བླ་མའི་མཚན་ཉིད་ཡོངས་སུ་ཚང་ཡོད་པས་ཁོང་གི་མདུན་ནས་དུས་དབང་ཞུས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་སྐོར་དྲིལ་བསྒྲགས་བྱས་སོང་།

བོད་མི་རིཊ་ཀྱི་ལོ་རྒྱུས་ནང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཆོས་དང་འཇིག་རྟེན་གྱི་མཛད་པ་ནི་ཉི་འོད་བཞིན་འཕྲོས་མྱོང་ནའང་། པཎ་ཆེན་གྱི་མཚན་གནས་སྤྲད་པའི་རྒྱལ་མཚན་ནོར་བུ་ལགས་ཀྱིས་ལོ་རྒྱུས་ཀྱི་འཁུར་པོ་ཆེན་པོ་འདི་ཇི་ལྟར་འཁུར་སྲིད་དམ། ཆོས་ཀྱི་བག་ཆགས་གཏིང་ཟབ་ཅིང་བླ་སློབ་ཀྱི་འབྲེལ་བ་གཙུག་ཏུ་བཀུར་བའི་བོད་མི་རིགས་དང་རྒྱལ་མཚན་ནོར་བུའི་བར་གྱི་འབྲེལ་བ་དེ་ངོ་བོ་ག་འདྲ་ཞིག་ལ་འགྱུར་སྲིད་དམ། ད་ལྟའི་བོད་ཕྱི་ལོགས་ཀྱི་ངོས་འཛིན་དང་གླེང་ཕྱོགས་ལ་བལྟས་ན། རྒྱལ་མཚན་ནོར་བུའི་ཟུངས་ཁྲག་དྲོན་མོའི་ནང་ན་བོད་མི་རིགས་ལ་བཅངས་བའི་ཁྲག་ཤ་རྡོག་རྡོག་ཅིག་ཡོད་པ་ཡིན་ནའང་དེ་ཉིད་རིམ་གྱིས་བཞུར་འགྲོ་བའི་ཉེན་ཁ་ཞིག་གསལ་པོར་མཐོང་གི་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༣༨ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese