མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཟང་བཙོན་དུ་བཅུག

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp
 རྒྱ་ནག་གཞུང་ལ་མཚོན་ན་ངོ་རྒོལ་བ་ཚོས་ནག་ཉེས་བཟོས་ཡོད་མེད་གཙོ་བོ་མིན་པར་ཁོ་ཚོས་སྲིད་གཞུང་ལ་འཛིན་པའི་རྣམ་འགྱུར་དྲང་མིན་གཙོ་བོ་ཡིན་འདུག

13872449_1085367918211958_1424731079_nཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེ་ཧི་ཕིན་ (Li Heping) དང་ཝང་ཆུན་ཀྲང་ (Wang Quanzhang)།  འགྲོ་བ་མིའི་ཐོང་ཐང་དོན་གཉེར་བ་ཀོ་ཧོང་ཀོ་ (Gou Hongguo) དང་ཀྲེ་ཡན་མིན་ (Zhai Yanmin) བཅས་ཀྱིས། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ཇུས་ངན་འཐེན་པའི་ནག་ཉེས་ཚབས་ཆེན་ཡིན་སྐོར་བརྗོད་དེ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲེ་ཡན་མིན་གནས་སྐབས་སྲིད་གཞུང་གི་ལྟ་རྟོག་འོག་འཇོག་རྒྱུ་ཡིན་ལ། ཁོའི་རྣམ་འགྱུར་དྲང་ཚེ་ལོ་ ༤ ལ་བཟང་བཙོན་བྱ་རྒྱུ་དང་། ཁོས་ཐག་གཅོད་དེ་དང་ལེན་མ་བྱས་ཚེ་ལོ་ ༣ རིང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་ཕྱི་བསྒྲགས་བྱས་འདུག

རྒྱ་རིགས་ཆབ་སྲིད་པ་ཀྲང་ལེ་ཧྥན་ (Zhang Lifan) ཟེར་བ་ཞིག་གིས། སྲིད་གཞུང་གིས་རྒྱ་ནག་ནང་གི་ལས་འགུལ་བ་ཚོའི་ཆབ་སྲིད་དང་འབྲེལ་བའི་ངོ་རྒོལ་ཁྲོམ་སྐོར་ལ་དམ་དྲགས་བྱེད་ཀྱི་ཡོད་སྟབས། ཁོ་ཚོའི་གྲས་ཀྱི་སྲིད་གཞུང་གི་ཁ་ལ་ཉན་མཁན་ཚོར་ཉེས་ཆད་ཡང་མོ་གཅོད་པ་དང་། ནག་ཉེས་ངོས་ལེན་མི་བྱེད་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད་ཅིང་། གནད་དོན་གྱི་རྩ་བ་ནི་ཁོ་ཚོས་ནག་ཉེས་བཟོས་ཡོད་མེད་གཙོ་བོ་མ་ཡིན་པར། ཁོ་ཚོས་སྲིག་གཞུང་གི་ཁ་ལ་ཉན་མིན་དེ་གཙོ་བོ་ཡིན་ལུགས་བཤད་འདུག

གནས་ཚུལ་ལྟར་ན། ལོ་ ༥༥ ཡིན་པའི་ཀྲེ་ཡན་མིན་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ཡིན་ཞིང་། ན་ནིང་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་ཁོས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ་མང་པོ་རྩ་འཛུགས་བྱས་ཏེ། རྒྱ་ནག་གཞུང་གི་སྲིད་དབང་མགོ་རྟིང་སློག་པའི་ཇུས་ངན་འཐེན་པ་དང་། རྒྱལ་སྤྱིའི་མི་མང་གི་མིག་མདུན་དུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་རྩོད་གླེང་ཐེར་འདོན། དེ་བཞིན་རྒྱ་ནག་སྲིད་གཞུང་ལ་མཐོང་ཆུང་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ་ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ཀྲེ་ཡན་མིན་གྱི་བཟའ་ཟླ་ལུའུ་ཨར་མིན་ ((Liu Ermin) གྱིས། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཀྲེ་ཡན་མིན་ལ་ཁྲིགས་ཐག་གཅོད་འཆར་ཡོད་པའི་གནས་ཚུལ་དང་འབྲེལ་ནས་ཞུ་གཏུག་བྱེད་སྐབས། ཐེན་ཅིན་གྲོང་ཁྱེར་ཧི་ཞེ་ (Hexi) རྫོང་ཉེན་རྟོག་པས་མོ་ཁྲིམས་ཁང་ནས་བཙན་ཁྲིད་བྱས་ཏེ། ཁ་སང་རེས་གཟའ་ཟླ་བའི་ཉིན་ཀློད་གྲོལ་བཏང་ཡོད་ནའང་། མོས་ཐེངས་དུ་མར་ཀྲེ་ཡན་མིན་འཛིན་བཟུང་བྱས་པའི་གནས་ཚུལ་ཞུ་གཏུག་བྱས་པའི་རྐྱེན་གྱིས། ད་ཆར་མོའང་པེ་ཅིན་སྲིད་གཞུང་གི་ལྟ་རྟོག་འོག་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

སྐར་མ ༢༨ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༢༩ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༡ སྔོན་ལ།
གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese