མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་གཡེམ་གྱི་བརྙན་ཐུང་ཁྲོམ་རར་འཚོང་འགྲེམ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཨུ་ཊར་པར་དྷེ་ཤི་ནང་བུད་མེད་མང་པོར་བཙན་གཡེམ་བྱས་པའི་བརྙན་ཐུང་རིགས་ལ་ཧིན་སྒོར་ ༥༠ ནས་ ༡༥༠ བྱས་ཏེ་ཚོང་འགྲེམ་བྱེད་ཀྱིན་ཡོད་འདུག

Abuse

རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི(Uttar Pradesh)ནང་ལོ་ཤས་སྔོན་ནས་བཟུང་བུད་མེད་ལ་བཙན་གཡེམ་བྱས་པ་དང་། བཙན་གཡེམ་བྱས་རྗེས་གདུག་རྩུབ་ཆེན་པོས་དམར་གསོད་བཏང་བ། སྲིད་གཞུང་དང་ཉེན་རྟོག་པས་ཉེས་དོན་ལ་རྟོག་ཞིབ་ནན་པོ་མ་བྱས་པ་སོགས་ཀྱི་གནད་དོན་མང་དག་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་དང་འཐོན་མུས་ཡོད་པ་ལྟར། ཁ་སང་རྒྱ་གར་དུས་བབ་ཀྱི་གསར་འགོད་པ་ཨར་ཝིན་ཏ་ཅོ་ཧན་(Arvind Chauhan)ལགས་གྱིས་ཡ་ང་ཞིང་སྐྱུག་བྲོ་བའི་བཙན་གཡེམ་གྱི་གནས་ཚུལ་ཞིག་དྲ་ཐོག་ཏུ་སྤེལ་ཡོད་པ་རེད།

གནས་ཚུལ་དེའི་ནང་ཨུ་ཏར་པར་དྷེ་ཤི (Uttar Pradesh) ནང་གི་བུར་ཤིང་(sugarcane)གི་ཞིང་ཁ་ཞིག་གི་ནང་། སྐྱེས་པ་འགའ་ཞིག་གིས་སློབ་ཕྲུག་བུ་མོ་ཞིག་གི་མཐའ་ནས་བསྐོར་ཡོད་པ་དང་། བུ་མོ་དེའི་དམ་དུ་བསྡམས་པའི་ལག་ཟུང་འདར་སིག་སིག་བྱེད་ཅིང་། འཇིགས་སྣང་གིས་ཁེངས་བའི་མིག་ཟུང་ཆེས་ཆེར་བགྲད་དེ་འ་ཆད་འུ་ཐུག་གིས་གཡས་གཡོན་ལ་ལྟ་བ་དང་། ཁོ་མོས་འོ་དོད་ཆེན་པོ་བྱས་ཀྱང་ཐོས་མཁན་མེད་ཁར། བརྙན་ཐུང་ནང་མི་གསལ་པའི་སྐྱེས་པའི་ཁྲེལ་དགོད་གསལ་པོར་ཐོས་ཐུབ་ལ། དེ་མུར་སྐྱེས་པ་ཞིག་གིས་བྱ་གླག་གིས་ལུ་གུ་འཛིན་པ་བཞིན་ཁོ་མོའི་སྟེང་མཆོང་བའི་བརྙན་ཐུང་ཞིག་ཁྲོམ་རར་འཚོང་འགྲེམ་བྱེད་ཀྱིན་ཡོད་པ་རེད།

ཨུ་ཏར་པར་དྷེ་ཤིའི་སྲིད་གཞུང་གི་གལ་ཆེའི་མི་སྣ་དང་ཉེན་རྟོག་པའི་མིག་མདུན་གྱི་ཚོང་ཁང་གང་སར། བུད་མེད་ལ་བཙན་གཡེམ་བྱས་པའི་བརྙན་ཐུང་རིགས་མངོན་གསལ་དོད་པོས་འགྲེམ་འཚོང་བྱེད་ཀྱིན་ཡོད་ལ། བརྙན་ཐུང་དེ་དག་གི་དུས་ཡུན་ཐུང་བ་སྐར་ཆ་༣༠ནས་རིང་བ་སྐར་མ་ ༥ ཡི་བར་ཡོད་པ་དང་། ས་གནས་སུ་བརྙན་ཐུང་དེ་རིགས་འབེལ་པོ་ཡོད་མེད་ཀྱིས་རིན་གོང་སྒོར་༥༠ ནས་ ༡༥༠ བར་བྱས་ཏེ་འཚོང་འགྲེམ་བྱེད་ཀྱི་ཡོད་འདུག

མངའ་སྡེ་དེའི་ཨག་ར་གྲོང་ཁྱེར་ཀ་སི་གྷན་ཇི་(Agra’s Kasganj)ཁྲོམ་རའི་ཚོང་བདག་ཞིག་གིས། སྤྱིར་བཙན་གཡེམ་བྱས་པའི་བརྙན་ཐུང་དེ་དག་འགྲེམ་འཚོང་བ་རང་ཉིད་ཀྱིས་ཡིད་ཆེས་བློས་འགེལ་བྱ་ཡུལ་གྱི་མིར་མ་གཏོགས་འཚོང་གི་མེད། འོན་ཀྱང་ཚོང་རྗས་དེ་རིགས་ཁྲོམ་ར་གང་སར་ཁྱབ་གདལ་འགྲོ་བཞིན་ཡོད་ལ། འཆལ་སྤྱོད་ཀྱི་བརྙན་འཕྲིན་ནི་དངུལ་ཡིན་པ་དང་། དོན་དངོས་ཁྲིམས་འགལ་གྱི་འཆལ་སྤྱོད་ལ་འཇུག་པ་ནི་ཁོང་ཁྲོའི་རྒྱུ་རེད། ཅེས་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་དུ། བརྙན་ཐུང་འགྲེམ་ཚོང་བ་ཚོས་ཚོང་ཤག་གི་ལག་ཐོགས་ཁ་པར་(smart phone)དང་ཡང་ན། མཐེབ་སྡེར་(pen drive)ནང་བརྙན་ཐུང་ཐད་ཀར་ཕབ་ལེན་བྱས་ཏེ་འཚོང་བ་དང་། སྐབས་རེ་མི་སྒེར་པ་དང་ཚོགས་པའི་ངོ་དེབ་(facebook)། ཊུཡི་ཊར་(Twitter)སོགས་ལས་བརྙན་པར་ཕབ་ལེན་བྱས་ཏེ་འཚོང་འགྲེམ་བྱེད་ཀྱི་ཡོད་པ་དང་། ཉེས་ཅན་པ་དོ་བདག་གིས་བཙན་གཡེམ་བྱས་པའི་བརྙན་ཐུང་དྲ་ཐོག་ཏུ་འགྲེམས་སྤེལ་བྱེད་པ་ཡང་མང་པོ་ཡོང་གི་ཡོད་འདུག

ཨག་ར་གྲོང་ཁྱེར་གྱི་ཁྲོམ་ར་དེ་གའི་ཚོང་ཁང་གཞན་ཞིག་ཏུ་སྐྱེས་པ་ཞིག་གིས་གཞོན་ནུ་ཞིག་ལ་བརྙན་ཐུང་གསར་པའི་ནང་གི་བུ་མོ་དེ་ངོ་ཤེས་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་། འཇིགས་སྣང་ཆེ་བའི་བརྙན་ཐུང་དེའི་ནང་ལོ་ན་༢༠ཙམ་ལ་སོན་པའི་བུད་མེད་ཅིག་སྐྱེས་པ་གཉིས་ཀྱིས་མར་ས་ལ་མནན་ཡོད་པ་དང་། ཁོ་མོའི་དགའ་རོགས་དེར་རྡུང་རྡེག་གཏོང་བཞིན་ཡོད་ལ། དགའ་རོགས་དེས་དགོངས་དག དགོངས་དག་(maaf karo, maaf karo)ཞེས་འོ་དོད་བྱེད་པ་དང་། བུ་མོ་དེས་མ་མཐའ་ཡང་བརྙན་པར་མ་ལེན་རོགས་(kamse kam video toh mat utaaro)ཞེས་ངུ་འབོད་བྱེད་ཀྱིན་ཡོད་པ་རེད།

ས་གནས་དེ་གའི་ཉེན་རྟོག་པ་མཐོ་གྲས་ཤིག་གིས་རྒྱ་གར་དུས་བབ་(TOI)ཀྱི་གསར་འགོད་པར། བཙན་གཡེམ་བྱེད་མཁན་གྱིས་ཁྲིམས་འགལ་འཆལ་སྤྱོད་དེ་དག་རང་ཉིད་ཀྱི་ལག་ཐོགས་ཁ་པར་གྱིས་བརྙན་པར་དུ་བླངས་ཏེ། བུད་མེད་དེ་དག་ལ་མཚང་འདོན་སྡིགས་ར་སྐུལ་བ་དང་། ཉེན་རྟོག་པར་ཞུ་གཏུག་བཀག་འགོག ཕྱིས་འབྱུང་འཁྲིག་སྤྱོད་དང་ལེན་སོགས་ཀྱི་འདོད་དོན་སྒྲུབ་ཀྱིན་ཡོད་པ་དང་། གནོད་འཚེ་ཕོག་ཡུལ་བུད་མེད་ཚོར་བརྙན་པར་དྲ་ཐོག་ཏུ་སྤེལ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཏེ། ཉེས་ཅན་དོ་བདག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་རེད།

ཨག་ར་གྲོང་ཁྱེར་གྱི་ཉེན་རྟོག་འགོ་དཔོན་ཅན་དྷྲ་བྷན་(SP Chandrabhan)ལགས་ཀྱིས། དེ་སྔོན་ང་ཚོས་ཏ་ཅ་གྷན་ཇི་(Tajganj)དང་སར་ཏར་(Sardar)ས་ཁུལ་དུ་གློ་བུར་སྔོག་གཤེར་བྱས་ཏེ་ཁྲིམས་འགལ་གྱི་བརྙན་པར་འཚོང་འགྲེམ་བྱེད་མཁན་ཞིག་འཛིན་བཟུང་བྱས་པ་ཡིན། མ་འོངས་པར་ཡང་ང་ཚོས་ས་ཁུལ་དེ་རིགས་སུ་མུ་མཐུད་སྔོག་གཤེར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་དུས་བབ་ཀྱི་གསར་འགོད་པ་ས་ཁུལ་དེའི་བྷེ་ལང་གྷན་ཇི་(Belanganj)དང་། བྷལ་ཀེ་ཤི་ཝར་(Balkeshwar) ཀམ་ལ་ན་གར་(Kamla Nagar)བཅས་ཀྱི་ཁྲོམ་རར་ཆེད་དུ་ཕྱིན་ཏེ་ཞིབ་འཇུག་བྱེད་སྐབས། ཁྲོམ་ར་དེ་དག་ཏུ་བརྙན་ཐུང་དེ་རིགས་ལས་སླ་པོར་ཉོ་རྒྱུ་ཡོད་པ་དང་། མི་རུ་ཏི་(Meerut)གྲོང་ཁྱེར་དང་། བྷ་རི་ལི་(Bareilly)གྲོང་ཁྱེར་སོགས་གང་དུ་ཡིན་ཡང་གནས་སྟངས་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། བདུན་ཕྲག་སྔོན་མར་ཁུལ་དེའི་བུ་མོ་རང་ལོ་ ༢༡ སོན་པ་ཞིག་ལ་བཙན་གཡེམ་བྱས་པའི་བརྙན་ཐུང་དྲ་ཐོག་ཏུ་སྤེལ་བར་བརྟེན། བུ་མོ་དེས་རང་སྲོག་བཅད་ཡོད་པ་དང་། བཙན་གཡེམ་བྱེད་མཁན་སྐྱེས་པ་ཞིག་གིས་བུ་མོ་དེ་གཅེར་བུར་ཕུད་ནས་བརྒྱབ་པའི་འདྲ་པར་རེར་སྒོར་ ༣ བྱས་ཏེ་བཙོང་ཡོད་འདུག

སྐལ་ལྡན་གྱིས་སྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༤ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese