མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིང་བར་བོད་མི་ ༡༡ ཁེ་ན་ཌར་གཏོང་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་བར་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༧༨༩ ཁེ་ན་ཌར་འབྱོར་ཟིན་ཡོད་པ་དང་མི་རིང་བར་བོད་མི་ ༡༡ གཏོང་རྒྱུ་རེད་འདུག
IMG20160805142624དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་ཨ་རུ་ན་ཅལ་མངའ་སྡེའི་བོད་མིའི་གཞིས་གྲོང་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་། ཀྲུ་གྲིང་དང་འབུམ་ལ་བསྟན་འཛིན་གླིང་བཅས་གཞིས་ཆགས་ཁག་ ༤ ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོར་གཏོང་བའི་ལས་གཞི་མགོ་བཙུགས་ཏེ། རིམ་པ་བྱས་ནས་བོད་མི་མང་པོ་ཁེ་ན་ཌར་གནས་སྤོར་བཏང་ཡོད་སྟབས། འདི་གའི་གསར་འགོད་པས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དངོས་འགྲུབ་འོད་ཟེར་ལགས་སུ། ད་ལྟ་གཞིས་སྤོར་གྱི་ལས་གཞི་ག་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། རྩ་བའི་བོད་མི་ཆིག་སྟོང་ཁེ་ན་ཌར་གཏོང་བའི་གནས་སྟངས་ཤིག་རེད། ད་ལྟའི་ཆར་བོད་མི་ ༧༨༩ ཕར་ལ་འགྲོ་ཚར་རེད། དེའི་སྒང་ལ་ཉེ་ཆར་བསྐྱར་དུ་བོད་མི་ ༡༨༥ ལ་བཅར་འདྲི་དང་གཟིགས་པོའི་གནས་སྟངས་ལ་བརྟག་དཔྱད་བྱས་ཚར་ཡོད། དེར་བརྟེན་ད་ལྟའི་གནས་སྟངས་ལ་བལྟས་ན། སྙན་ཞུ་བརྒྱབ་ཚར་མཁན་ཕལ་ཆེར་ ༡༠༠༨ ཙམ་འདུག དེའི་ནང་ལོགས་ནས་ཁོ་རང་ཚོར་ཞིབ་འཇུག་བྱས་ཏེ་མ་ཚུད་པ་དེ་འདྲ་ཡོང་སྲིད་པ་རེད། དེ་ཡང་ཁོ་ཚོའི་ཡིག་ཆར་ཞིབ་འཇུག་དང་གཟིགས་པོར་བརྟག་དཔྱད་བྱས་པའི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། ཅེས་ཟེར།

ད་ལྟའི་བར་བོད་མི་ག་ཚོད་གཞིས་སྤོར་བཏང་ཟིན་ཡོད་པ་དང་། ཕར་ནས་ཁོ་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར། ད་ལྟའི་བར་བོད་མི་ ༧༨༩ འགྲོ་ཚར་རེད། ད་ལོའི་ཕྱི་ཟླ་ ༩ པ་ནས་ ༡༠ པའི་ནང་བོད་མི་ ༡༡ འགྲོ་གི་ཡོད་པས། ད་ལྟའི་བར་གཞིས་སྤོར་དུ་བཏང་བ་ཁྱོན་བོད་མི་ ༨༠༠ ཏག་ཏག་ཆགས་ཀྱི་ཡོད་པ་དང་། ཕར་ལ་འགྲོ་ཚར་མཁན་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་དེ་ང་ཚོས་གསལ་བོར་ཤེས་མ་སོང་། ཞེས་དང་། དེ་སྔོན་མི་གྲངས་ ༡༡༠ ཡི་ས་མིག་སྟོང་པར་བཞག་ཡོད་པ་དེའི་སྐོར་ལ་ཁོང་གིས། སྔོན་མ་རྒྱན་མ་བརྒྱབ་པའི་ས་མིག་ ༡༡༠ ཡོད་པ་དེའི་གྲས་ཀྱི་ ༡༠ གསར་དུ་སྐྱེ་རྒྱུའི་ཕྲུ་གུའི་ཆེད་དུ་བཞག་པ་རེད། ཡིན་ནའང་། ད་ལྟའི་བར་ཕྲུ་གུ་ ༢༢ སྐྱེས་ཡོད་པ་དང་། ད་ལྟ་ས་མིག་ ༡༡༠ ནང་ཆ་ཚང་བདམས་ཚར་བ་རེད། དེ་ཡང་ཕར་ཕྱོགས་ཁེ་ན་ཌར་ཕྱག་ལས་གནང་མཁན་ཉི་མ་རྡོ་རྗེ་ལགས་ནས་འདི་གར་ཆེད་ཞུས་དོན་ཚན་ཁག་ ༤ སྤྲད་པ་དེ་གཞིར་བཟུང་གིས་སྔོན་མ་འོས་ཤོག་ནང་མ་ཚུད་པ་ཚོ་བདམས་ཡོད་པ་རེད། ཡིན་ནའང་དོན་ཚན་དེ་དག་ནང་ཆ་རྐྱེན་གཙོ་བོ་ག་རེ་བཏོན་ཡོད་པ་རེད་ཟེར་ན། ཕྱི་རྒྱལ་དུ་སྤུན་མཆེད་མེད་མཁན་དང་། གཞིས་སྤོར་སྔོན་མའི་ནང་སྤུན་མཆེད་མེད་མཁན། དངོས་གནས་དཀའ་ངལ་ཡོད་མཁན་དེ་ཚོའི་ནང་ལོགས་ནས་འདེམས་དགོས་ཀྱི་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད། དེ་གཞིར་བཟུང་གིས་ས་གནས་སོ་སོ་ནས་ས་གནས་མགོ་འཛིན་བརྒྱུད་བདམས་བཞག་ཡོད་པ་དང་། དེའི་སྙན་ཞུ་ཆ་ཚང་ང་ཚོས་ཕུལ་ཚར་བ་ཡིན། ཞེས་བརྗོད་བྱུང་།

རྒྱན་ཐོབ་ཚར་བ་རྣམས་ཕར་གཏོང་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་མེད་ཐད་ཁོང་གིས། ད་ལྟའི་བར་གཟུགས་པོའི་ནད་གཞིའི་རྐྱེན་གྱིས་ལྷག་བསྡད་པ་དེ་འདྲ་གཅིག་ཀྱང་ཡོད་པ་མ་རེད། གང་ཡིན་ཟེར་ན། གློ་ནད་ཚད་རིམ་གསུམ་པ་དེ་འདྲ་ཡོད་པ་ཡིན་ན། ཟླ་ ༦ རིང་སྨན་བཅོས་ཀྱི་དུས་ཚོད་སྤྲོད་ཀྱི་ཡོད་པ་དང་། ཟླ་ ༦ ཆ་ཚང་ཚར་ཏེ་ཁེ་ན་ཌ་གཞུང་གི་སྨན་པ་ཚོས་འགྲིག་གི་འདུག་ལབ་པ་ཡིན་ན། ཕར་གཏོང་རྐྱང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ནང་གི་དཀའ་ངལ་གྱི་རྐྱེན་པས་གཞིས་སྤོར་ཕྱིར་འཐེན་བྱེད་མཁན་དེ་འདྲ་བྱུང་ཡོད་པ་རེད། ང་ཚོའི་དཀའ་ངལ་གཞན་གཅིག་སྟེ་སྐྱབས་བཅོལ་ལག་དེབ་རེད། གང་ཡིན་ཟེར་ན། ཁེ་ན་ཌར་འགྲོ་བའི་ཆ་རྐྱེན་ནང་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ སྔོན་ནས་ས་གནས་དེ་ག་རང་སྡོད་མཁན་དང་། མ་འོངས་མུ་མཐུད་སྡོད་མཁན་ཚོ་ཁེ་ན་ཌར་གཏོང་གི་ཡིན་ཞེས་བརྗོད་ཡོད་པ་རེད། དེར་བརྟེན་ཁ་ཤས་ཀྱིས་སྐྱབས་བཅོལ་ལག་དེབ་ས་གནས་དེ་ག་རང་ནས་མ་ཡིན་པར་དྷ་རམ་ས་ལ་ལྟ་བུ་ཕྱི་ལོགས་ནས་བཟོས་ཡོད་སྟབས། དེ་ལ་དཀའ་ངལ་ཅུང་འཕྲད་ཀྱི་ཡོད་པ་རེད། ཡིན་ནའང་ད་ལྟའི་བར་ཕྱིར་འཐེན་བྱས་བཞག་པ་དེ་འདྲ་གཅིག་གཉིས་ཤིག་མ་གཏོགས་ཡོད་པ་མ་རེད། ཅེས་ཟེར།

འདི་ལོའི་ཕྱི་ཟླ་ ༥ པ་བར་གཞིས་སྤོར་ལས་གཞི་མཇུག་སྒྲིལ་ཐུབ་དགོས་སྐོར་བརྗོད་པ་དེའི་ཐད་ཁོང་གིས། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༡ བར་ཞེས་པ་དེ་ཕར་ཕྱོགས་ཁེ་ན་ཌར་གཞིས་སྤོར་ལས་གཞིའི་མགོ་འཁྲིད་མཁན་བོད་རིགས་ཚོགས་པ་དང་དབུས་བོད་མིའི་སྒྲིག་འཛུགས་གཉིས་བར་གྲོས་ཆོད་ཅིག་བཞག་ཡོད་པ་དེ་རེད། གྲོས་ཆོད་དེའི་ནང་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༡ ནང་ལོགས་ལ་སྙན་ཞུ་ཆ་ཚང་ཕ་གའི་ཁེ་ན་ཌའི་གཞུང་ཚབ་ཁང་ལ་འབྱོར་ཚར་བ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ང་ཚོས་ཆ་ཚང་ཕུལ་ཚར་ཡོད། དེ་ནས་རིམ་པས་གཏོང་རྒྱུ་དེ་ཁོ་རང་ཚོའི་ལས་འགན་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese