མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་རྒྱལ་ལགས་ཨང་གོ་གཅིག་པ་ཆགས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་ཕོ་གསར་སྟོབས་རྒྱལ་ལགས་བྷར་རྫིལ་ཨོ་རྩེད་འགྲན་ཚོགས་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་གོ་གཅིག་པ་ཆགས།

W020160808420994382197དེ་རིང་ཕྱི་དྲོའི་རྒྱ་གར་གྱི་ཆུ་ཚོད་ ༦།༠༠ སྟེང་། ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་རྩེད་འགྲན་སྟེང་། རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད། རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པའི་བོད་པའི་ཕོ་གསར་སྟོབས་རྒྱལ་ལགས་ཨང་ ༩༡ པ་ཆགས་ཡོད་པ་རེད། ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག

རྒྱང་རྒྱུག་ཁྲོད་ཨང་དང་པོ་ཁཱན་ཡ་རྒྱལ་ཁབ་ཀྱི་ལུས་རྩལ་པ་(Eliud Kipchoge)དང་། ཨང་གཉིས་པ་ཨེ་ཐེའོ་པི་ཡཱ་རྒྱལ་ཁབ་ཀྱི་ལུས་རྩལ་པ་(Feyisa Lilesa)། ཨང་གསུམ་པ་ཨ་རིའི་ལུས་རྩལ་པ་(Galen Rupp)བཅས་ཆགས་ཡོད་པ་རེད།

ཐེངས་འདིར་ཁྱོན་འགྲན་ཞུགས་པ་ ༡༤༠ ཙམ་ཡོད་པའི་ཁྲོད། ཨང་དང་པོ་ཐོབ་མཁན་གྱི་མགྱོགས་ཚད་དུས་ཡུན་(2:08:44) དང་། ཨང་གཉིས་པ་ཐོབ་མཁན་དུས་ཡུན་(2:09:54)། ཨང་གསུམ་པ་ཐོབ་མཁན་དུས་ཡུན་(2:10:05)། བོད་པའི་ལུས་རྩལ་པ་སྟོབས་རྒྱལ་ལགས་དུས་ཡུན་(2:24:22) བཅས་ཡིན་སྟབས། ཨང་དང་པོ་དང་སྟོབས་རྒྱལ་གཉིས་བར་སྐར་མ་ ༡༥ ལྷག་གི་ཁྱད་པར་ཤོར་ཡོད།

ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་རྒྱ་ནག་གི་ལུས་རྩལ་པ་ ༣ ཡོད་པ་ལས་ལུས་རྩལ་པ་(Dong Guojian)ཟེར་བ་དེ་ཨང་རིམ་ ༢༩ དང་། སྟོབས་རྒྱལ་ལགས་ཨང་རིམ་ ༩༡ ། གཞན་རྒྱ་རིགས་(Zhu Renxue)ཟེར་བ་དེ་ཨང་རིམ་ ༩༦ པ་བཅས་ཆགས་ཡོད་པ་རེད།

ཐེངས་འདིའི་འགྲན་བསྡུར་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོ་ཞིག་གིས་རེ་ལྟོས་ཆེན་པོ་བཅངས་ཡོད་པ་དང་། མཇུག་ཏུ་འགྲན་བསྡུར་ཁྲོད་སྟོབས་རྒྱལ་ལགས་སུ་ཨང་གོ་གཅིག་པ་ལས་མ་ཐོབ་པ་དེར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བློ་ཕམ་བྱེད་མཁན་རེ་ཟུང་བྱུང་ཡོད་ནའང་། བོད་མི་མང་པོ་ཞིག་གིས་རྒྱལ་སྤྱིའི་ཨོ་རྩེད་སྟེང་རྒྱལ་ཁའི་ཨང་རྟགས་ཐོབ་མིན་དེ་གཙོ་བོ་མིན་པར། བོད་པ་ལྟ་བུའི་མི་རིགས་གྲངས་ཉུང་དང་ད་ལྟའི་ཉམས་ཞན་གྱི་གནས་སྟངས་འོག་ཏུ། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་ཞུགས་ཐུབ་པ་ཙམ་གྱིས་རླབས་ཆེན་གྱི་རྒྱལ་ཁ་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་མཐོ་རུ་བཏེགས་ཡོད་པའི་བསྟོད་བསྔགས་ཞུ་བཞིན་འདུག

སྟོབས་རྒྱལ་ལགས་ནི། ༡༩༩༤ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཤིང་དུ་སྐྱེས་ཤིང་། ༢༠༠༩ ལོ་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་རྒྱུག་ཤར་སྦྱོང་བརྡར་ནང་ཞུགས་ཏེ་ ༢༠༡༡ ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱུག་ཤར་འགྲན་བསྡུར་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པ་དང་། ༢༠༡༤ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༡༢ པ་དང་། ༢༠༡༥ ལོར་རྒྱ་ནག་ཨིའུ་ཧྭན་དུ་ཚོགས་པའི་ཨེ་ཤ་ཡའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༥ པ་བཅས་ཐོབ་སྟེ། ད་སྔ་ཁྱོན་རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་བཅས་ནས་གསེར་གྱི་རྟགས་མ་ ༨ དང་། དངུལ་གྱི་རྟགས་མ་ ༢ ། ཟངས་ཀྱི་རྟགས་མ་ ༥ ཐོབ་ཡོད་འདུག

རྒྱ་ནག་གི་གནས་ཚུལ་ནང་འཁོད་པ་ལྟར་ན། སྟོབས་རྒྱལ་ལགས་ནི་བོད་རང་སྐྱོང་ལྗོངས་ཁོངས་ནས་ ༡༩༨༨ ལོར་མདའ་འཕེན་ལུས་རྩལ་པ་རྡོ་རྗེ་ཆོས་དབྱངས་ལགས་ལྷོ་ཀོ་རི་ཡར་ཨོ་ལིམ་ཕིག་རྩེད་འགྲན་སྟེང་ཞུགས་པའི་རྗེས་ཀྱི་ཨོ་རྩེད་སྟེང་ཞུགས་མཁན་གཉིས་པ་དེ་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 6

  1. ལྗང་བུ་ཁེར་སྐྱེས། says:
    ལོ་ 9 སྔོན།

    སྟོབས་རྒྱལ་ལགས་ནམ་ཡིན་ཡང་རྒྱལ་དགོས་ན་ཕམ་ཁ་ནི་ངེས་པར་དུ་བརྒྱུད་དགོས།རྒྱལ་ཕམ་དང་སྐྱིད་སྡུག མངོན་པ་དང་ཡིབ་པ།སྤྲོ་སེམས་དང་ཡི་མུག མཛེས་སྡུག་དང་རྙོག་འཛིང་སོགས་མདོར་ན་ལན་རེར་འཇགས་ལ་ལན་རེར་འཕྱོ་བའི་འཇིག་རྟེན་གྱི་ཆོས་ཉིད་འདི་རྟོགས་ཀྱང་དགོས་ལ་དང་ལེན་ཡང་བྱེད་དགོས་བ་ཞིག་རེད་དོ་སྙམ་ཡོད།དེ་བས་འུ་ཚང་གི་སྟོབས་རྒྱལ་ད་ལྟ་མི་ཚེའི་བརྒྱུད་ལམ་དེ་ངེས་པར་དུ་འགྲོ་དགོས་ལ་འགྲོ་མུས་སུའང་མཆིས།ཇི་སྐད།མི་ལ་བརྩོན་འགྲུས་ལྡན་འགྱུར་ན།།མི་འགྲུབ་བྱ་བ་ཅི་ཡང་མེད།།ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།།
    བྲག་གིས་རི་བོ་འབིཊ་ལ་ལྟོས།།ཞེས་པ་ལྟར་འབད་པ་དང་ཧུར་ཐག་ནི་སྔོན་འགྲོ་ཡིན་ལ།ཡིད་ཆས་དང་སྤོབས་པ་ནི་ད་གཟོད་རྒྱལ་ཁའི་འབྲས་བུ་ཡིན།དེ་བས།མ་འོངས་བའི་ཁྱོད་ཀྱིས་སེང་ཕྲུག་དར་མ་ལྟར་འཛམ་གླིང་གི་རྒྱ་ཕིབས་ནས་གཡུ་རལ་སིགས་ལ།རྒྱ་སྟག་ལྟར་འཛམ་གླིང་གི་དག་ཞིང་ནས་ནུས་དགུ་རྩལ་དུ་སྤྲུགས་ཤོག

    Reply
  2. ཐར་ལོ། says:
    ལོ་ 9 སྔོན།

    མཱ་ར་ཋོན་(marathon)ཟེར་བའི་འཛམ་གླིང་གི་རྒྱང་རྒྱུགས་འགྲན་བསྡུར་དེ་རེད། རྒྱུགས་ཐག་རིང་ཚད་སྤྱི་ལེ་ ༤༢ ལྷག་ཡོད་པ་རེད། རྨིད་ ༥༠༠༠ མ་རེད།

    Reply
  3. ཁ་ཕྱོགས་མེད།་ says:
    ལོ་ 9 སྔོན།

    The marathon is a long-distance running event with an official distance of 42.195 kilometres
    འདིར་གཟིགས་དང་རྒྱང་རྒྱུགས་འདི་ཚད་ཤེས་ཐུབ

    Reply
  4. ཕུན་ཚོགས་ཚེ་རིང་། says:
    ལོ་ 9 སྔོན།

    ཐེངས་འདིའི་འགྲན་བསྡུར་ནང་སྟོབས་རྒྱལ་ལགས་རྒྱ་ནག་གི་ཨང་ 2 པ་དང་། ཨེ་ཤ་ཡའི་གླིང་གི་ཨང་ 6 པ་རེད།

    Reply
  5. བློ་དར། says:
    ལོ་ 9 སྔོན།

    སྟོབས་རྒྱལ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ། རྒྱལ་ཁ་གཙོ་བོ་མ་རེད། འཛམ་གླིང་ཨོ་རྩེད་འགྲན་བསྡུར་ནང་ཞུགས་ཐུབ་པ་ཙམ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་ཟིན་ཡོད།

    Reply
  6. པ་སངས་བླ་མ་ says:
    ལོ་ 9 སྔོན།

    བརྩེ་མོ་ཟེར་བ་དེ་ཕམ་ཤོར་ཟེར་བ་དེ་ཡོད་པ་རེད སྟོབས་རྒྱལ་ལགས་དང་ཆོས་དབྱིངས་ལགས་གཉིས་ལ་བཀྲིས་བདེ་ལེགས་གྲངས་མང་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese