མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་བ་རིག་པ་རྒྱ་གར་སྨན་གཞུང་འོག་དེབ་སྐྱེལ་བྱས་ན་འགྲིག་གམ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྨན་པའི་ལྷན་ཚོགས་ལ་བཀའ་སྤྱི་གཉིས་ཀྱིས་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད་ཀྱང་རེ་བ་རྒྱབ་པ་ལྟ་བུའི་གྲུབ་འབྲས་ཤིག་ད་སྔ་འཐོན་ཡོད་མེད་བཤད་དཀའ་བ་ཆགས་ཡོད་སྟབས། མ་འོངས་པར་ལས་འགན་འཁུར་མཁན་ཚོས་ཕྱོགས་གང་ཐད་ནས་ཤུགས་བསྐྱོན་དགོས།

IMG_9997

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་གསོ་རིག་ལྷན་ཚོགས་སྐབས་ ༤ པའི་ཚོགས་མིའི་ལས་ཡུན་རྫོགས་པ་དང་སྐབས་ ༥ པའི་ཚོགས་མིའི་འོས་བསྡུ་གནང་སྟེ་ལྷན་ཚོགས་ཀྱི་སྐབས་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་ཚོགས་སོང་། སྐུ་མགྲོན་དུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་ཀྲུག་ཚེ་བརྟན། གཞན། གསོ་རིག་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་མི་ ༤༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ཀྱིས་སྨན་པའི་ལྷན་ཚོགས་ཀྱི་ལས་བསྡོམས་ངོ་སྤྲོད་གནང་རྗེས། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ལོའི་དམིགས་བསལ་ཚོགས་འདུའི་སྐབས་དང་། དེའི་གོང་ལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་བཀའ་སློབ་ཞུ་བར་བཅར་བའི་སྐབས་སུ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་དེའི་ཐོག་རྒྱ་གར་ཨ་ཡུ་ཤཱ་ (ayush) ནས་ངོས་ལེན་འཐོབ་ཡོད་མེད་སྐོར་ལ་བཀའ་སློབ་ཕེབས་པ་རེད་ལ། དམིགས་བསལ་ཚོགས་འདུའི་ཐོག་ཏུའང་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་དབུ་འཛུགས་སྐབས། རྒྱ་གར་ཨ་ཡུ་ཤཱའི་ངོས་ལེན་མགྱོགས་པོར་འཐོབ་ཀྱི་རེད་བསམ་པ་མ་བྱུང་བ་རེད། ཨ་ཡུ་ཤཱས་གསོ་བ་རིག་པར་ངོས་ལེན་གནང་བའི་སྐབས་དེར་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་བསྐྱར་བཅོས་དགོས་པའི་གསོལ་འདེབས་ཞུ་དགོས་པ་རེད་ཅེས་བརྗོད་ཡོད་པ་རེད་ལ། རིན་པོ་ཆེ་མཆོག་གིས་ཀྱང་སྐབས་དེར་སྨན་པའི་ལྷན་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁུངས་ལྟར་ཞིབ་ཚགས་བཟོ་དགོས་པའི་བཀའ་སློབ་གནང་བ་རེད། སྐབས་དེར་ཝ་ར་ཎ་སའི་དགེ་བཤེས་ངག་དབང་བསམ་གཏན་ལགས་ཕེབས་པའི་སྐབས་སུ། ཁོང་གིས་ཐེངས་གསུམ་ལ་སྨན་པའི་ལྷན་ཚོགས་ཀྱི་འགན་དབང་སྤྱི་འཐུས་ལྷན་ཚོགས་ལ་གནང་བ་དེ་ང་ཚོའི་ནང་ཁུལ་གྱི་དོན་དག་ཡིན་སྐོར་གསུངས་ཡོད་པ་རེད། སྐབས་དེར་ངས་སྨན་པའི་ལྷན་ཚོགས་དེ་རྒྱ་གར་ཨ་ཡུ་ཤཱས་ངོས་ལེན་བྱུང་བ་ཡིན་ན། དེ་ལ་དགེ་མཚན་ཡོད་པ་དང་། དེས་སྨན་རྩིས་ཁང་ལའང་ཕན་ཐོགས་ཡོང་གི་རེད་ལ། ལྷག་པར་དུ་སྨན་སྦྱོར་སོགས་ལ་བྱ་ར་དང་སྟངས་འཛིན་བྱ་བར་ཡང་ཕན་ཐོགས་ཡོད་པ་ཞུས་ཡོད། ཅེས་བརྗོད་བྱུང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། དུས་རབས་དུས་རབས་ནང་ནད་ཚ་མ་འདྲ་བ་སླེབ་ཀྱི་ཡོད་པ་དང་། དུས་རབས་དུས་རབས་སུ་ལྷ་རྗེ་ཡང་ཕེབས་ཀྱི་ཡོད་པ་རེད། ད་ལྟའི་ང་ཚོའི་གནས་བབ་ལས་བལྟས་ན། འདས་པའི་དུས་རབས་རེ་རེའི་ནང་ནད་ཚ་གསར་བ་སླེབས་པ་དང་། དུས་སྐབས་དེའི་ལྷ་རྗེ་ཚོས་ཞིབ་འཇུག་གི་ཐོག་ནས་ནད་ཚ་དེ་ལ་སྨན་སྦྱོར་གནང་བ་དང་། སྨན་སྦྱོར་གནང་བར་བརྟེན་ནས་ནད་ཚ་དྲག་སྐྱེད་བྱུང་བའི་རྒྱུན་དེ་ལྟར་བྱུང་བ་རེད། དུས་རབས་ཀྱི་སྨན་པ་ཞིག་གི་ངོས་ནས་དུས་རབས་དེའི་ནད་ཚར་གདོང་ལེན་གནང་དགོས་པ་དེ་རང་བཞིན་གྱིས་ཟློག་ཏུ་མེད་པའི་འགན་འཁྲི་ཞིག་ཆགས་ཡོད་རེད་བསམ་གྱི་འདུག ད་ལྟའི་དུས་རབས་འདིར་འཛམ་གླིང་སྟེང་བཅོས་ཐབས་མེད་པའི་ནད་རིགས་མང་པོ་འབྱུང་གི་ཡོད་པ་རེད། ཕྱི་ལུགས་ཀྱི་ལྷ་རྗེ་དང་ཕྱི་ལུགས་ཀྱི་སྨན་བཅོས་ཐོག་ནས་ནད་ཚ་དེ་དག་ལ་གདོང་ལེན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ཁོང་རྣམ་པ་ཚོས་བཅོས་ཐབས་མེད་པའི་ནད་ཚ་ཁག་ཅིག་ཡོད་པ་འདི་ལྟར་གཏན་འབེབས་བྱས་ནས་ཡོང་གི་ཡོད་པ་རེད། ཡིན་ནའང་ང་རང་ཚོའི་གསོ་རིག་སྨན་གཞུང་གི་ཐོག་ནས་གསོ་རིག་སྨན་བཅོས་བྱས་པ་ཡིན་ན། བཅོས་ཐབས་མེད་པའི་ནད་ཚ་ཞིག་ཕལ་ཆར་མེད་པ་འདྲ། ནད་ཚ་ག་རེ་ཡིན་ནའང་དེ་ལ་བཅོས་ཐབས་ཡོད་པ་རེད། དེ་བས་དུས་རབས་ཤིག་གི་སྨན་པ་དེས་དུས་རབས་དེའི་ནད་ཚའི་བཅོས་ཐབས་འཚོལ་དགོས་ཀྱི་ཡོད་སྟབས། ད་ལྟའི་འཛམ་གླིང་སྟེང་བཅོས་ཐབས་མེད་པའི་ན་ཚ་མང་པོ་ཞིག་ཡོད་པ་དེ་ལ་ལྷ་རྗེ་ཚོས་ཡིན་གཅིག་མིན་གཉིས་ང་རང་ཚོའི་གསོ་རིག་གི་རྣམ་བཞག་འདིའི་ཐོག་ནས་ནད་ཚ་དེ་བཅོས་ཐབས་རྙེད་ཐུབ་གནང་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་ལ། དེ་ལྷ་རྗེ་ཚོའི་འགན་ཡང་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གསོ་བ་རིག་པའི་ལྷན་ཚོགས་འདི་དེ་སྔ་ཆེན་པོ་ཞིག་ལ་བརྩིས་པ་དང་། ལྷག་དོན་དུ་ཕྱི་ལོ་ ༢༠༠༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་བཙན་བྱོལ་བོད་མིའི་གསོ་རིག་སྨན་པའི་ལྷན་ཚོགས་ཞེས་ཁྲིམས་ནང་གཏན་འབེབས་གནང་ཡོད་པ་རེད། ང་ལ་ཆ་བཞག་ན། ཉེ་བའི་ཆ་ནས་ལས་རིམ་འདིའི་འགན་ཁུར་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དེའི་ཐོག་ལ་གནས་ཚུལ་མཐུལ་ཕྱིན་པ་ཞིག་རྟོགས་པའི་གོ་སྐབས་བྱུང་ཡོད་པ་མ་རེད་དེ། གང་བྱུང་བ་དེ་རྣམ་པ་ཚོར་ཞུས་ན་དྲན་བྱུང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་ ༤ བ་གནང་གྲུབ་པ་དང་། ད་ལྟ་སྐབས་ ༥ གསར་བསྡུ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོར་ལོ་བཅུ་འཁོར་བའི་དུས་དེབ་ལ་མཇལ་རྒྱུ་བྱུང་། དེབ་དེའི་ནང་འཁོད་པའི་ལས་རིམ་ཁག་ནང་ཟབ་སྦྱོང་དང་ཚོགས་འདུ། ཁྲིམས་སྒྲིག་ཁག་སོགས་མང་པོ་གནང་འདུག དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན། ཕྱི་ལོ་ ༢༠༠༧ ལོ་ཙམ་ནས་གསོ་བ་རིག་པ་འདི་རྒྱ་གར་གྱི་ཁྲིམས་ཐོག་ནས་ངོས་འཛིན་རག་པའི་འབད་བརྩོན་བྱེད་མགོ་བརྩམས་པ་དང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༩ ནང་གསོ་བ་རིག་པ་ཞུ་བ་དེ་ (Indian Medicine Central Council) གྱི་སྟངས་འཛིན་འོག་གི་སྡེ་ཚན་ཁག་ནང་གཏན་འབེབས་གནང་ཐུབ་པ་དེ་ང་ཚོ་བཙན་བྱོལ་གྱི་གནས་བབ་ཐོག་ནས་བཤད་ན། གསོ་བ་རིག་པར་ཕན་ཐོགས་ཆེན་པོ་ཞིག་དང་། དེ་མི་ཉམས་རྒྱུན་འཛིན་ཡོང་བའི་གཞི་རྩ་ཞིག་ཆགས་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་ནང་གནད་དོན་ཆེ་ཕྲ་ཆུང་གསུམ་མང་པོ་ཡོད་པ་རེད། ང་ཚོ་འདིར་རྒྱ་གར་ནང་འཚར་ལོངས་བྱུང་བའི་མི་ཆགས་ཡོད་སྟབས། དཔལ་འབྱོར་དང་ཁྲིམས། ག་རེ་ཐོག་ལ་ཡིན་ནའང་དཀའ་ངལ་མང་པོ་ཡོད་ཀྱང་། དེའི་ནང་ལོགས་ནས་སྲོལ་རྒྱུན་གྱི་སྨན་དང་དེ་འདྲའི་ཐོག་ལ་མང་ཚོགས་ཀྱིས་དོ་སྣང་ཤུགས་ཆེན་པོ་གནང་ཐུབ་པ་ཞིག་དང་། དེ་བརྒྱུད་ནས་ཆབ་སྲིད་པ་ཚོས་ཞེ་དྲགས་ཆུ་ཚོད་གཏོང་ཐུབ་པ་དེ་འདྲའི་ཐོག་ནས་བལྟས་པ་ཡིན་ན། ང་ཚོས་རེ་བ་བརྒྱབ་པ་ནང་བཞིན་ཞིག་ཕལ་ཆེར་འགྲོ་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་ཡོང་སྲིད་པ་རེད་བསམ་གྱི་འདུག དེར་བརྟེན། འཛིན་སྐྱོང་ལྷན་ཚོགས་ཀྱིས་འབད་བརྩོན་གནང་ཡོད་པ་རེད་ལ་གནང་དགོས་པ་ཞིག་ཀྱང་རེད། ཅེས་གསུངས་སོང་།

ལྷན་ཚོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་འཁོད་པ་ལྟར་ན། སྨན་པའི་ལྷན་ཚོགས་ལ་ད་ལྟ་དུས་བཀག་བཅོལ་འཇོག་ཧིན་སྒོར་ ༢༠༧༦༠༠༠ དང་། གསོག་འཇོག་མ་དངུལ་ཧིན་སྒོར་ ༦༨༤༩༦༧། ལག་ཡོད་དངུལ་རྐྱང་ཧིན་སྒོར་ ༡༨༩༧༠༠ བཅས་ཡོད་སྐོར་འཁོད་འདུག གསོ་རིག་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཐོག་དམིགས་བསལ་ཧུར་བརྩོན་དང་ལྷག་བློ་ཆེར་བསྐྱེད་ཀྱིས་བྱས་རྗེས་རྩེ་ཕུད་ཐོན་མཁན་རྣམས་ལ་གཡུ་ཐོག་གཟེངས་རྟགས་ཞེས་པ་ཞིག་འབུལ་བཞིན་ཡོད་པ་ལྟར། ད་ལོའི་གཟེངས་རྟགས་དེ་ཁྲོ་རུ་མཁན་ཆེན་ཚེ་རྣམ་མཆོག་ལ་ཕུལ་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 2

  1. བསོད་ནམས་རྡོ་རྗེ། says:
    ལོ་ 9 སྔོན།

    དགེ་བཤེས་མཆོག་གིས་བོད་པའི་ཨམ་རྗེ་ཚོར་རེ་སྐུལ་ཡག་པོ་གནང་འདུག

    Reply
  2. ཕུན་བཟང་། says:
    ལོ་ 9 སྔོན།

    གྲོས་ཚོགས་རིམ་པའི་སྟེང་དུ་ལབ་གླེང་རྫོགས་ཡ་མེད་པ་དེ་སྨན་པའི་ལྷན་ཚོགས་ཟེར་བ་དེ་མ་རེད་དམ། རྒྱུན་ལས་ཚོགས་མི་གསར་པ་ཚོས་ཁ་ཡོད་ལག་ཡོད་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་གནང་རོགས་སྐུ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese