མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉོན་མོངས་ཀྱི་གཉེན་པོར་མ་ཕྱིན་ན་སངས་རྒྱས་པའི་ཆོས་དེ་མིང་དོན་མཚུངས་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་སེང་གྷ་པོར་བོད་ཀྱི་ནང་བསྟན་ལྟེ་གནས་ཁང་ (Singapore Tibetan Buddhism Centre) གི་གོ་སྒྲིག་འོག ༧གོང་ས་མཆོག་གིས་དེ་རིང་ཚེས་ ༢༩ ནས་ཟླ་རྗེས་མའི་ཕྱི་ཚེས་ ༡ ཉིན་བར། སྔ་དྲོའི་ཆུ་ཚོད་ ༨།༣༠ ནས་ཉིན་གུང་ཆུ་ཚོད་ ༡ བར་ལྷོ་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་ཁག་གཙོས་པའི་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ལ་ལོ་སྔོན་མའི་གསུང་ཆོས་ཀྱི་འཕྲོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པ་ནས་གསུང་ཆོས་དབུ་འཛུགས་གནང་སོང་།

IMG_0136གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྕམ་ཝི་ནི་ (Wee Nee) ལགས་ཀྱིས་འགྲེན་བརྗོད་གནང་དོན་ལྟར་ན། ད་ལོའི་གསུང་ཆོས་ཐོག་ཝེ་ཋི་ནམ་དང་ཧྥེ་ལེ་ཕེན། མ་ལེ་ཞི་ཡ་དང་སེན་གྷ་པོར། ཐའེ་ཝན་དང་རྒྱ་ནག ཀོ་རི་ཡ་སོགས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༡༠༠ དང་བོད་རིགས་གཙོས་པའི་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་སེར་སྐྱ་མི་མང་ ༥༠༠༠ ལྷག་བཅས་ཁྱོན་ཆོས་ཞུ་བ་ ༦༡༠༠ ལྷག་འཛོམས་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༦ བར་སེང་གྷ་པོར་གྱི་ཕྱི་ལུགས་སྨན་བཅོས་ཞབས་ཞུ་ཁང་ཞིག་གིས་ནད་པ་ཉམ་ཐག་ཚོར་རིན་མེད་ཐོག་ནད་གཞིར་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡིན་འདུག

གསུང་ཆོས་དབུ་འཛུགས་ཐོག་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་འཚམས་འདྲི་དང་འབྲེལ། ད་རེབ་འཛམ་གླིང་ཤར་ནུབ་ཀྱི་ནང་བའི་ཡུལ་གྲུ་ཁག་མང་པོ་ཞིག་གི་མི་མང་འདིར་འཛོམས་ཡོད་པ་རེད། དེ་རིང་ང་ཚོ་འདིར་འཛོམ་རྒྱུ་དེ་ལོ་ཤས་གོང་ནས་མགོ་བཙུགས་པ་རེད། ལོ་རེ་ནས་ལོ་རེར་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བ་དང་། ང་ཚོ་འཛོམ་རྒྱུ་ཡང་མང་དུ་འགྲོ་བའི་བཟོ་འདྲ་བོ་ཞིག་འདུག དེ་རིང་འདིར་མི་ཕོན་ཆེན་པོ་ཞིག་ཕེབས་འདུག ཁྱེད་རང་ཚོ་འགྲིམ་འགྲུལ་དང་བཞུགས་ས་གང་ཅིའི་ཐོག་ནས་སྐུ་ངལ་ཡོད་པ་རེད་དེ། ཡིན་ནའང་ཁྱེད་རང་ཚོས་ནང་ཆོས་ལ་དོ་སྣང་ཆེན་པོ་གནང་སྟེ་འདི་ལྟར་ཕེབས་པ་རེད། ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་གིས་དད་ལྡན་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་དོན། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། ནང་ཆོས་ངོ་འཕྲོད་ནས་ནང་ཆོས་ཉམས་སུ་ལེན་པ་ཞེས་རིམ་པ་གཉིས་བྱས་ནས་ཤོད་ཀྱི་ཡོད། ད་རེབ་འདིར་ནང་ཆོས་ངོ་སྤྲོད་དང་ལག་ལེན་གྱི་རིམ་པ་གཉིས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྐོར་རེད། མགོན་པོ་ཀླུ་སྒྲུབ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་མང་པོ་ཞིག་གིས་གཙུག་ཏུ་བཀུར་བ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ཤེར་ཕྱིན་གྱི་བརྗོད་བྱ་དངོས་དོན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་དངོས་དོན་གྱི་རིམ་པ་ཞེས་གཉིས་དང་། དངོས་དོན་སྟོང་ཉིད་ཀྱི་རིམ་པའི་སྐོར་དེ་ཀླུ་སྒྲུབ་ལ་སྐབས་སུ་བབ་པ་ཞིག་ཡིན་སྟབས། ཀླུ་སྒྲུབ་ཀྱིས་རིག་ཚོགས་དྲུག་ལ་སོགས་པ་མཛད་པ་རེད།

IMG_0113ཤེར་ཕྱིན་གྱི་དངོས་དོན་སྟོང་ཉིད་ཀྱི་རིམ་པ་དེ་རྩལ་འདོན་བྱས་ནས་གཏན་ལ་ཕབ་པ་ཞིག་རེད། དེ་འདྲའི་ཤེར་ཕྱིན་གྱི་དངོས་དོན་སྟོང་ཉིད་ཀྱི་རིམ་པའི་སྐོར་དེ་མཁས་པ་གྲུབ་ཐོབ་སྨྲ་བའི་རྣམ་དཔྱོད་ཀྱི་ཐོག་ནས་ལྟ་གྲུབ་དེ་འདྲ་གསུངས་པ་ཙམ་མ་ཡིན་པར། ང་རང་ཚོ་འཕུང་བྱེད་དེ་ཉོན་མོངས་ཡིན་སྟབས། ཆོས་ཆོས་སུ་སོང་བ་ཞིག་དང་། ལྷག་པར་དུ་སངས་རྒྱས་པའི་ཆོས་སངས་རྒྱས་པའི་ཆོས་སུ་སོང་བ་ཞིག་ཡོང་བ་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དང་། ཉོན་མོངས་ཀྱི་ཤུགས་ཆུང་དུ་གཏོང་བ་དང་། ཉོན་མོངས་ཀྱི་མགོ་མནན་ཏེ་རིམ་གྱིས་ཉོན་མོངས་འཇོམ་ཐུབ་པ་ཞིག་དགོས་ཀྱི་ཡོད། དེ་ལ་ཆོས་དཀོན་མཆོག་ཟེར་གྱི་ཡོད་པ་རེད། ཉོན་མོངས་ཀྱི་གཉེན་པོར་མ་ཕྱིན་ན་སངས་རྒྱས་པའི་ཆོས་དེ་མིང་དོན་མཚུངས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དེར་བརྟེན། སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་དེ་ཤེར་ཕྱིན་གྱི་དངོས་བསྟན་གྱི་བརྗོད་བྱ་རེད་ལ། དེའི་སྐོར་རྩལ་དུ་བཏོན་ནས་ཀླུ་སྒྲུབ་ཀྱིས་འགྲེལ་བཤད་ཞིབ་ཕྲ་བསྐྱོན་ཡོད་པ་དེ་གཙོ་བོ་དབུ་མ་རྩ་བ་ཤེས་རབ་རེད། དབུ་མ་རྩ་བ་ཤེས་རབ་རྒྱ་ཡིག་ནང་སྔ་མོ་ནས་བསྒྱུར་ཡོད་པ་རེད་ལ། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལ་སོགས་པ་དེ་ཚོའི་གྲས་མང་པོ་ཞིག་རྒྱ་ཡིག་ནང་ཡོད་པ་རེད། དེར་བརྟེན། རྒྱ་ཡིག་དང་འབྲེལ་བ་ཡོད་མཁན་ཕལ་ཆེར་ཀོ་རི་ཡ་དང་ཝེ་ཋི་ནམ། ཉི་ཧོང་སོགས་རྩ་བ་ཤེས་རབ་དང་འབྲེལ་བ་ཆགས་ཡོད།

བོད་ཡིག་ནང་མགོན་པོ་ཀླུ་སྒྲུབ་དེ་རྒྱལ་བ་གཉིས་པ་ལྟ་བུར་བརྩིས་བསྡད་ཡོད། དེ་ཁོང་གི་གཞུག་ལ་བལྟས་ནའང་དངོས་གནས་རྒྱལ་བ་གཉིས་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་གཙོ་བོ་ཀླུ་སྒྲུབ་རིག་ཚོགས་དྲུག་ཟེར་ནས་གཙོ་བོ་རྩ་བ་ཤེས་རབ་རེད། དེ་ནས་ཕར་འཕྲོས་ཏེ་སྟོང་ཉིད་བདུན་བཅུ་པ་སོགས་རེད། སྟོང་ཉིད་ཀྱི་ལྟ་བ་དེ་ཐམས་ཅད་མཁྱེན་པའི་གོ་འཕངས་བསྒྲུབ་པའི་ཐབས་ཙམ་དུ་མ་ཟད། ཐར་བའི་གོ་འཕངས་བསྒྲུབ་པ་ལའང་སྟོང་ཉིད་ཀྱི་ལྟ་བ་དགོས་པ་རེད་ཅེས་རིག་པ་དྲུག་བཅུ་པའི་ནང་གསུངས་ཡོད་པ་རེད། དེ་ནས་ནམ་རྒྱུན་ཡང་ལུགས་ཀྱི་བསྟན་བཅོས་ཞེས་དེ་འདྲ་གསུང་ཚུལ་ཡོད། དབུ་མ་རིན་ཆེན་ཕྲེང་བ་དེ་རྒྱལ་པོ་ཞིག་ལ་གདམས་པའི་སྤྲིངས་པའི་འཕྲིན་ཡིག་གི་བཟོ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་ལེའུ་དང་པོ་དེ་མངོན་མཐོ་བསྒྲུབ་པའི་ཐབས་དང་ངེས་ལེགས་བསྒྲུབ་པའི་ཐབས་ཞེས་དེ་གཉིས་གསལ་བོ་བྱས་ནས་གསུངས་ཡོད་པ་རེད། དེ་གཏིང་ཟབ་པོ་ཞེ་དྲགས་འདུག དེའི་གཤམ་དུ་བསླབ་བྱ་མང་པོ་ཡོད་པ་རེད། དེའི་གཤམ་དུ་བྱང་ཆུབ་སེམས་ཀྱི་ཉམས་ལེན་སྐོར་སྟོན་གྱི་ཡོད། དེར་བརྟེན། ངོས་ཀྱིས་གཞུང་དེ་ཁྱབ་ཆེན་པོ་འདྲ་བོ་བྱུང་ན་ཕན་ཐོགས་ཡོང་གི་རེད་དྲན་བསྡད་ཡོད། རིན་ཆེན་ཕྲེང་བ་ན་ནིང་ནས་མགོ་བཙུགས་ཏེ་ལེའུ་དང་པོ་དེ་ཟིན་ནས་ད་ལྟ་ལེའུ་གཉིས་པ་ནས་མར་སྟོན་རྒྱུ་རེད་དེ། ད་རེས་འདིར་ཁྱེད་རང་ཚོའི་མང་པོ་ཞིག་ཐེངས་དང་པོ་ཡིན་པའི་བཟོ་འདྲ་བོ་འདུག དེ་བས་དབུ་མ་རིན་ཆེན་ཕྲེང་བའི་མགོ་ནས་མར་ཞུས་ན་དྲན་བྱུང་། བརྗོད་བྱ་གཙོ་ཆེ་བ་ཁག་རོམ་ཙམ་ཞུས་ནས་འགྲོ་དགོས། ཞེས་གསུངས་ཏེ་གསུང་ཆོས་མགོ་འཛུགས་གནང་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese